ཁྱུང་པོ་སྟེང་ཆེན།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/12 20:37:00 | By: ཡོན་ཏན་ཕུན་ཚོགས། ]
 

ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།

ནང་འཁོད་རྩོམ་ཡིག

དང་པོ། ཁྱུང་པོ་སྟེང་ཆེན་གྱི་ལོ་རྒྱུས་སྐོར།

གཉིས་པ། ཁྱུང་པོ་སྟེང་ཆེན་གྱི་རིག་གནས་སྐོར།

གསུམ་པ། ཁྱུང་པོ་སྟེང་ཆེན་གྱི་ཆོས་ལུགས་སྐོར།

བཞི་པ། ཁྱུང་པོ་སྟེང་ཆེན་གྱི་གྲགས་ཅན་རི་མཚོའི་སྐོར།

ལྔ་པ། ཁྱུང་པོ་སྟེང་ཆེན་གྱི་མི་སྣ་ངོ་སྤྲོད་སྐོར།

དྲུག་པ། ཁྱུང་པོ་སྟེང་ཆེན་གྱི་ཡུལ་སྲོལ་གོམས་གཤིས་སྐོར།

བདུན་པ། ཁྱུང་པོ་སྟེང་ཆེན་གྱི་མང་ཚོགས་ཀྱི་འཚོ་བའི་སྐོར།

བརྒྱད་པ། ཁྱུང་པོ་སྟེང་ཆེན་གྱི་ས་མིང་འགྲེལ་བཤད་སྐོར།

ཞོར་བཀོད་རྩོམ་མཇུག་གི་གླེང་མོ།

བཅས་ལེའུ་ཚན་ཆེ་བ་དགུ་དང་། ནང་གསེས་ལེའུ་ཞེ་དྲུག་དང་། ཤོག་ངོས་ལྔ་བརྒྱ་ཞེ་ལྔའི་བདག་ཉིད་ཅན་གཅིག་ཉེ་ཆར་སྟེང་ཆེན་རྫོང་སྲིད་གྲོས་པ་མཁའ་འགྱིང་གྲགས་པས་རྩོམ་སྒྲིག་བྱས་ཏེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དུ་པར་དུ་སྐྲུན་པའི་ཚད་ལྡན་དཔེ་རྟགས་ཅན་གྱི་དཔེ་དེབ་ཐོན་འདུག།

 

 

 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2017/6/14 19:12:56 | By: སྐུ་མགྲོན་12XKb5(སྐུ་མགྲོན) ]
 
སྐུ་མགྲོན་12XKb5(སྐུ་མགྲོན)
བརྗོད་བྱ་འདི་སྐུ་མགྲོན་NSJu4Y(སྐུ་མགྲོན)ལགས་ཀྱིས་དུས་ཚོད་2013-01-15 18:33:45སྟེང་འདྲེན་བཀོལ་བྱས་ཏེ་དཔྱད་གཏམ་སྤེལ་དོན།
དྲྭ་གྲོགས་ ༧ དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ནས་འདི་ལྟར་འོས་སྦྱོར་གནང་བར་ཐུགས་རྗེ་ཆེ། འདི་ལྟར་གྱི་རྩོམ་དེབ་བཏོན་པར་ཡི་རངས་དང་དགའ་བསུ་ཡོད། རེ་བར་ད་དུང་ཁྱུང་ཡུལ་གྱི་སྔོན་མའི་ཚོ་ཤོག་དང་མི་སྣ་གྲགས་ཅན། ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་གནས་བབ་སོགས་ཕྱོགས་བསྡུས་ཀྱི་ལོ་རྒྱུས་རྒྱས་ཚང་ཞིག་འབྱུང་ཐབས་ཅིས་ཀྱང་ཐུགས་ལ་འདོགས་པར་མཁྱེན་མཁྱེན། ཁྱུང་གསེར་ཞུན་ནས།

སློབ་དེབ་འདི་གང་ལ་རྩོང་རྒྱུ་ཡོད་རེད།
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2013/1/15 18:33:45 | By: སྐུ་མགྲོན་NSJu4Y(སྐུ་མགྲོན) ]
 
སྐུ་མགྲོན་NSJu4Y(སྐུ་མགྲོན)དྲྭ་གྲོགས་ ༧ དགེ་བཤེས་ཡོན་ཏན་ཕུན་ཚོགས་མཆོག་ནས་འདི་ལྟར་འོས་སྦྱོར་གནང་བར་ཐུགས་རྗེ་ཆེ། འདི་ལྟར་གྱི་རྩོམ་དེབ་བཏོན་པར་ཡི་རངས་དང་དགའ་བསུ་ཡོད། རེ་བར་ད་དུང་ཁྱུང་ཡུལ་གྱི་སྔོན་མའི་ཚོ་ཤོག་དང་མི་སྣ་གྲགས་ཅན། ཡུལ་སྲོལ་གོམས་གཤིས། སྤྱི་ཚོགས་གནས་བབ་སོགས་ཕྱོགས་བསྡུས་ཀྱི་ལོ་རྒྱུས་རྒྱས་ཚང་ཞིག་འབྱུང་ཐབས་ཅིས་ཀྱང་ཐུགས་ལ་འདོགས་པར་མཁྱེན་མཁྱེན། ཁྱུང་གསེར་ཞུན་ནས།
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/15 15:26:18 | By: སྐུ་མགྲོན་230Me6(སྐུ་མགྲོན) ]
 
སྐུ་མགྲོན་230Me6(སྐུ་མགྲོན)༧རྒན་ལགས་ཐུགས་མདུན་བཞིན་འགྲུབ་པར་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས།། གུས་ཁྱུང་ཤེས་ནས།
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/15 5:09:11 | By: woser ]
 
woserབཤེས་གཉེན་མཆོག །
དྲ་ལམ་འདིར། །
མཇལ་བར་བཟང་། །
འཚམས་འདྲི་ཞུ། །

བསྟན་འགྲོའི་དོན། །
མཛད་འཕྲིན་རྒྱས། །
རི་རྒྱལ་བཞིན། །
སྐུ་ཚེ་བརྟན། །

ཁྱུང་ཡུལ་གྱི། །
རབས་འཁོད་པའི། །
དེབ་ཐེར་དེར། །
ཡིད་རངས་ཞུ། །

མི་རིང་བར། །
ཀློག་ཐུབ་པའི། །
ཡིད་སྨོན་ཞིག །
སེམས་ནས་རེ། །
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/13 9:49:47 | By: tibetmonk ]
 
tibetmonkདགེ་བའི་བཤེས་གཉེན་ཆེན་མོ་རྒན་ཡོན་ཏན་ཕུན་ཚོགས་མཆོག་ཉིད་ནས་ཁྱུང་བོ་སྟེང་ཆེན་ཞེས་པའི་དཔེ་དེབ་མཚམས་སྦྱོར་གནང་བར་བཀའ་དྲིན་ཆེ། སླར་ཡང་དུས་ལྟར་དུ་རྩོམ་ཡིག་ཆུ་བོའི་རྒྱུན་ལྟར་སྩོལ་བའི་རེ་བ་དང་བཅས་ཞུ་བཞིན་ཡོད་ལགས།
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/12 23:33:46 | By: སྐུ་མགྲོན་I41Ph7(སྐུ་མགྲོན) ]
 
སྐུ་མགྲོན་I41Ph7(སྐུ་མགྲོན)འགྲོ་ལ་དགྱེས་བརྩེའི་འཛུམ་རླབས་མཁའ་ནས་ཤར།།
དོན་གྱི་འཕྲིན་ལས་གངས་རིའི་སྤོ་ནས་འཚེར།།
མཛད་པའི་དཔལ་ཡོན་མི་ཤིག་གུར་ཁང་ཅན།།
ཁྱེད་ཉིད་གཡུང་དྲུང་ཁམས་སུ་བརྟན་གྱུར་ཅིག།
བསྟན་འཛིན་སྦྱིན་པས།
 
 
Re:ཁྱུང་པོ་སྟེང་ཆེན་དེབ་ཕྲེང་གཉིས་པ།
[ 2012/1/12 23:02:03 | By: monlam ]
 
monlamབསྟན་དམ་ལ་རྒྱ་གཅིག་ཅིང་།།
བསྟན་དང་འགྲོ་ལ་བརྩེ་བའི།།
བསྟན་འཛིན་སྐྱེས་བུ་ཁྱེད་ཀྱི།།
བསྟན་དོན་གེགས་མེད་འགྲུབ་ཤོག །
མཚམས་སྦྱོར་གནང་བ་བཀའ་དྲིན་ཆེ། ང་ལ་ཚར་གཅིག་སྐྱབས་འཇུག་གནང་རྒྱུ་མ་བརྗེད་པ་གནང་རོགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.