ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མེ་ཏོག་མཆོད་པ། | 2011/9/24 16:03:00

                     མེ་ཏོག་མཆོད་པ།

བདེ་གཤེགས་སྲས་བཅས་བྱེ་བའི་མཐུ་སྟོབས་ཏེ།།

ཆེན་པོའི་འཕྲིན་ལས་འཇུག་པ་གཅིག་བསྡུས་ནས།།

རྒྱལ་ཀུན་གསང་གསུམ་མི་ཡི་གར་བསྒྱུར་བ།།

པོ་ཏི་བརྒྱ་ཕྲག་གཟིགས་ལ་ཕྱག་འཚལ་ལོ།།

 

ཀུན་མཁྱེན་སྣང་བས་ས་གསུམ་འགེངས་པ་ཡི།།

བཟང་པོའི་མཛད་འཕྲིན་ཟླ་བའི་དོ་ཤལ་གྱིས།

རྒྱལ་བའི་བྱིན་རླབས་འགྲོ་ལ་འཇུག་བྱེད་པོ།།

བ་མོས་མཚན་པའི་འཇིག་རྟེན་སྟོང་ལ་གུས།།

 

འདུས་བྱས་བྱེ་བའི་མཚན་ཉིད་འཇིག་པའི་སྒོ།།

མི་རྟོགས་དགོངས་པའི་ཀློང་ནས་མངོན་བཞེངས་ཤིང་།།

བརྗེད་ངས་ལོག་རྟོག་ཀླད་པ་འགེམ་པའི་འཕྲུལ།

གཟུངས་ཚོགས་ཡོན་ཏན་བྱེ་བའི་ཕུང་པོ་སྤུང་།།

 

ལྡན་ནོ་ལེགས་ཕྱོགས་བྱེ་བའི་ཡོན་ཏན་ཏེ།།།

ཤེས་བྱའི་གནས་ལུགས་རྟོག་པ་མེད་པའི་གཤིས།།

རབ་ཏུ་གཟིགས་པའི་སྣང་བ་ཆེས་མཐོ་ཞིང་།།

སྨྲ་དབང་བྱེ་བའི་བྱིན་མཐུ་གཅིག་ཏུ་བསྡུས།།

 

བའི་སྤྱོད་དང་མཚུངས་ལོག་པ་ཀུན་གཞིལ་ཏེ།།

སེང་གེའི་གདངས་ཀྱིས་འགྲོ་ལ་བདེ་དགའ་སྦྲུམ།།

འཛམ་བུའི་ཞིང་དུ་སྙན་པ་བྱེ་བའི་གླུ།།

གླིང་བུའི་དབྱངས་ཀྱིས་སྒྲ་འཛིན་སིམ་པ་སྟེར།།

 

བོན་ཀུན་སྤྲོས་པ་ཞི་བའི་རྣལ་འབྱོར་བས།།

གྱི་སོགས་སྒྲ་ཚད་རིག་པའི་འབེལ་གཏམ་གྱིས།།

གཙུག་ལག་ཤེས་བྱའི་སྒོ་ཕར་ཡོངས་ཕྱེས་ཏེ།།

རྒྱན་མཆོག་རྒྱལ་བའི་སྙན་པ་ཕྱོགས་སུ་འཕུར།།

 

མཉམ་ཉིད་ཞི་བའི་དཔལ་ལ་འབྱམས་པ་ཡིས།།

མེད་སོགས་མཐའ་དགུ་སྤྲོས་པ་ཀུན་བཅིལ་ཏེ།།

པ་ཏ་ཡས་མཚན་གུས་བརྒྱས་ཏོག་གྱུར་པ།།

ཤེས་ཉོན་སྒྲིབ་པའི་དཔུང་གི་གཉེན་པོར་བཞེངས།།

 

རབ་བཟང་འཕྲིན་ལས་འཕྲུལ་སྒྲོན་རྣམ་ལྔ་ཡིས།།

རྒྱལ་ཀུན་དགྱེས་པའི་རོལ་མོ་བརྡུང་བ་ལས།།

མཚན་འཛིན་གཡུལ་གྱི་ང་རོ་ཕམ་བྱེད་པ།།

ཞབས་སེན་ཆེ་རྒུ་གཙུག་ན་ཟླ་ལྟར་མཛེས།།

 

ལ་བཟླ་ལྟ་བ་སྨྲ་བསམ་ལས་འདས་པར།།

གསོལ་ཚིག་ངག་གི་རོལ་མོ་འདྲེན་པ་ཡིས།།

བ་ཀུའི་མདངས་མཚོན་ལེགས་ཚོགས་བདག་སེམས་སུ།།

འདེབས་པའི་དབྱངས་རྟ་སོར་སྨྱུག་གར་གྱིས་མཆོད།།

 

༢༠༡༡ བོད་ཟླ་དང་པོའི་ཚེས་ལྔའི་དགོང་མོར་བྲིས།།

 

Re:མེ་ཏོག་མཆོད་པ། | 2011/9/24 17:44:37
danzengyixi

རྒན་ཁྱུང་སྨྱུག་མཛེས་ལགས་ནས་སྙན་རྩོམ་ལེགས་པོ་ཞིག་སྤེལ་འདུག
རྗེས་མ་དུས་ཚོད་ཞིག་འཚོལ་ནས་ཁྱེད་དང་ངོ་ཤེས་སྒྲིག་འདོད་ཆེའོ། །
ལྷ་གཡག་དར་མས།
Re:མེ་ཏོག་མཆོད་པ། | 2011/9/26 11:34:08
triyungblogབཀླགས་ཟིན། བཀྲ་ཤིས་བདེ་ལེགས་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.