ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བོན་བརྒྱ་བ། | 2011/8/29 18:16:00

བོན་བརྒྱ་བ།

བོན༵་སྡེ་ཟབ་མོ་འགྲོ་ལ་སྦྱིན་བརྒྱ༵་བ༵།།

བརྒྱ་པའི་མགོན་མཆོག་ཀུན་ལས་རྣམ་རྒྱལ་གྱི།།

གསང་གསུམ་རྒྱུ་འཕྲུལ་སྡེ་བཅུ་གཙང་མའི་བོན།།

ཇི་བཞིན་འདོམས་མཛད་དཔལ་ལྡན་བླ་མར་འདུད།།

 

འཆད་པ་གཞུང་ལུགས་རྒྱ་མཚོ་དབྱངས་སུ་ལེན།།

རྩོད་པས་རྒོལ་ངན་བྱེ་བའི་སྤོབས་པ་ཆོམས།།

རྩོམ་པ་སྙན་ཞིང་འཇེབས་པའི་རོལ་མཚོ་ཅན།།

མཁས་པའི་བྱ་བ་ཀུན་ཁྱབ་བོན་བརྒྱ་བ།།

 

ཐོས་བསམ་རྒྱ་མཚོའི་འཇིངས་ལས་ཉེར་འོང་པའི།།

གཞུང་ལུགས་རྒྱ་མཚོར་གཟིགས་པའི་སྤྱན་དཀྱུས་ཅན།།

རྒྱུད་སྡེ་རྒྱ་མཚོའི་དགོངས་པ་དཔྱིས་ཕྱིན་ཞིང་།།

མཁས་དབང་རྒྱ་མཚོའི་སྤྱི་དཔལ་བོན་བརྒྱ་བ།།

 

དངོས་ཀུན་སྣང་བ་དག་པ་རབ་འབྱམས་གཞིར།།

སྣང་སྲིད་ཞིང་ཁམས་ལྷ་སྐུའི་འཁོར་ལོར་བཞེངས།།

གཡོ་མེད་ཏིང་འཛིན་སྐུ་གསུམ་རབ་འབྱམས་པའི།།

གསང་ཆེན་བསྐྱེད་པའི་མངའ་བདག་བོན་བརྒྱ་བ།།

 

རླུང་སེམས་དབུ་མར་བརྩེན་པའི་སྒྱུ་འཕྲུལ་གྱིས།།

ཧུཾ་ཡིག་ཞུན་མ་འབབ་པའི་རྩེད་དགའ་ལས།།

སྙོམས་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་སྐུ།།

རིམ་གཉིས་རྫོགས་པའི་མངའ་བདག་བོན་བརྒྱ་བ།།

 

ཟུང་འཇུག་ཕྱག་བརྒྱ་ཆེན་པོའི་དཀྱིལ་འཁོར་ན།།

གསང་ཆེན་རིག་པ་འཛིན་པའི་སྒྱུ་མའི་སྐུ།།

ཡེ་ཤེས་ཐིག་ལེར་བརྩེན་པའི་བཟློས་གར་གྱིས།།

གདོས་ལུས་འོད་སྐུར་བཞེངས་པའི་བོན་བརྒྱ་བ།།

 

རྒྱལ་ཀུན་མཁྱེན་བརྩེའི་འཇུག་པ་གཅིག་བསྡུས་ཏེ།།

ཐེག་དགུའི་ཡང་རྩེའི་ལྟ་བ་དཔྱིས་ཕྱིན་པ།།

སྨིན་གྲོལ་གདུལ་བྱའི་ཉིན་མོར་བྱེད་པའི་དཔལ།།

གསང་ཆེན་རིག་པ་འཛིན་པའི་བོན་བརྒྱ་བ།།

 

མཁྱེན་ཡོན་པད་མའི་འདབ་ཕྲེང་གྲོལ་བ་ཡིས།།

མཁས་ཀུན་བུང་བའི་ཡིད་བརྟན་གཅིག་ཏུ་བསྡུས།།

རྒྱལ་བའི་རྗེས་བརྩེའི་སྤྱན་གྱིས་ཟིན་པ་ལ།།

ལེགས་བཤད་ལུང་གིས་བསྔགས་པའི་བོནབརྒྱ་བ།།

 

རབ་མང་སྐྱེ་འཕྲེང་གསེར་རི་བསྟར་བ་ལས།།

མཁས་དང་གྲུབ་པའི་རོལ་མཚོ་འཁྱིལ་བ་ཡིས།།

སྐལ་བཟང་འགྲོ་ལ་བདུད་རྩི་སྣང་བའི་མཛོད།།

འཛད་མེད་དཔྱིད་དུ་འཇོ་བའི་བོན་བརྒྱ་བ།།

 

དེ་སྟེའི་གསང་གསུམ་ལྷ་ཡི་རྫིང་བུ་ལས།།

འོང་པའི་མཆོད་ཡོན་སྦྲང་རྩིའི་དོག་པ་ཅན།།

གསུང་སྐྱེས་སྦྲང་མ་བརྩེན་པའི་བཟློས་གར་དུ།།

མཛད་འཕྲིན་ཡིད་འོང་ཚལ་ནས་དཔྱིད་དུ་བསྐྲུན།།

ཀོ་རྒྱལ་བཤད་གྲྭར་བྲིས། ༢༠༡༡*༨*༢༨ལའོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.