སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྟོན་པ་གཤེན་རབ་ལ་ཞུས་པ།
[ 2013/7/4 16:25:00 | By: བོན་བརྒྱ་སྟག་ལ་འབུམ། ]
 

     སྟོན་པ་གཤེན་རབ་ལ་ཞུས་པ།

 

ཐུན་མོང་ཐུན་མིན་ལུགས་སུ་ཕྱེས་མ་ཕྱེས།།

ཐུན་མིན་ཐུན་མོང་ལྟར་དུ་ཤོད་མི་ཤོད།།

བུ་ང་ལགས་ན་འཁྱེར་སོ་གཞན་ཞིག་ཡིན།།

གཤེན་རབ་མི་བོ་ཁྱེད་ལ་ཕྱག་བགྱི་འོ།།

 

བསྐལ་བ་དུ་མར་ཚོགས་གཉིས་བསགས་མ་བསགས།།

རྒྱལ་སྲིད་ལོངས་སྤྱོད་སྤངས་པ་བདེན་མི་བདེན།།

འཁོར་བའི་འགྲེང་མི་དག་ལ་ཁེད་ཅིག་ཡིན།།

ཡ་ཐོག་དྲང་སོང་ཁྱེད་ལ་སེམས་འདུད་དོ།།

 

སྒྲིབ་གཉིས་ཟད་ཅིང་བདུད་བཞི་བཅོམ་མ་བཅོམ།།

སྤངས་རྟོགས་མཐར་ཕྱིན་མངོན་སངས་རྒྱས་མ་རྒྱས།།

འཇིག་རྟེན་སོར་སྐྱེས་རྣམས་ལ་སྒྲུང་ཞིག་ཡིན།།

མཚན་ཉིད་སྨྲ་བ་ཁྱེད་ལ་ཡིད་རྟོན་ནོ།།

 

འགྲོ་ལ་བརྩེ་བའི་གཟིགས་པ་དགོངས་མ་དགོངས།།

གཟིགས་ཚད་རེ་རེ་བཞིན་དུ་དགོངས་མ་དགོངས།།

སྙིགས་མའི་ཁ་ཕོ་ཅན་ལ་གནའ་བཤད་ཡིན།།

སྲིད་པའི་གྱལ་མི་ཁྱེད་ལ་གུས་པས་འདུད།།

 

ཁྱེད་ལ་མཚན་དང་དཔེ་བྱད་ལྡན་མི་ལྡན།།

སྐུ་ཡི་འོད་ཟེར་ཕྱོགས་ཀུན་བཀྱེ་མ་བཀྱེ།།

ཕྱི་རྫིག་ནང་སྟོང་དག་ལ་ལྡེབ་རིས་ཙམ།།

བོད་ཀྱི་གསར་ཡག་ཁྱེད་ལ་ཞེ་ནས་བསྟོད།།

 

འགྲོ་བའི་ནད་གདོན་དུག་ལྔས་གཟིར་མ་གཟིར།།

ཉོན་མོངས་གཅོད་པའི་བོན་སྒོ་གསུངས་མ་གསུངས།།

བྱིང་རྨུག་ཅན་ལ་ལྐོག་གྱུར་ལྟད་མོ་ཡིན།།

གསོ་དཔྱད་རྒྱལ་པོ་ཁྱེད་རང་ཕ་རུ་འཛིན།།

 

ཁྱབ་པ་ལག་རིང་བདུད་དམག་དྲངས་མ་དྲངས།།

བཟོད་པའི་ལྕགས་ཀྱིས་ཕས་རྒོལ་མཛད་མ་མཛད།།

དངོས་གཙོ་སྨྲ་བ་དག་ལ་ལྐོག་གྱུར་ཡིན།།

བོད་ཀྱི་དཔའ་རྒོད་ཁྱེད་རང་མགོན་དུ་བཀུར།།

 

ཁྱབ་པ་ལག་རིང་གཏོ་སྒྲོམ་ཁྱེར་མ་ཁྱེར།།

དཔའ་བོ་འབྲུ་ལྔ་མེ་ཡིས་ཚིག་མ་ཚིག།

ལོ་རྒྱུས་ཉམས་ཞིབ་པ་ཚོར་གསང་བ་ཡིན།།

ངེས་དོན་གྲུབ་ཐོབ་ཁྱེད་རང་གཉེན་དུ་ལྟ།།

 

བཟོ་རིག་ལག་རྩལ་ཁྱེད་ཀྱིས་སྤེལ་མ་སྤེལ།།

ལྷ་ཁང་གསས་ཁང་ཁྱེད་ཀྱིས་བཞེངས་མ་བཞེངས།།

གནའ་རྫས་རྟོགས་དཔྱོད་པ་ཚོར་མུན་ནག་ཡིན།།

བོད་ཀྱི་མཛངས་མི་ཁྱེད་རང་ངོ་སོ་བསྟོད།།

 

ཁྱེད་རང་ཕྱོགས་དང་ཕྱོགས་སུ་ཕེབས་མ་ཕེབས།།

རིག་གནས་མང་པོ་གསར་དུ་བཏོད་མ་བཏོད།།

བོད་མི་ཕྱོགས་ལྷུང་ཅན་གྱི་གཞལ་བྱ་མིན།།

ཐམས་ཅད་མཁྱེན་པ་ཁྱེད་ལ་བདག་ཡི་རངས།།

 

བསྟན་པ་རྗེས་བཞག་མཛད་དེ་གཤེགས་མ་གཤེགས།།

དཔལ་མགོན་བྱེ་བ་སྲུང་མར་བསྐོས་མ་བསྐོས།།

ལྷ་མེད་སྨྲ་བ་རྣམས་ལ་ཡོད་པ་མིན།།

ཡི་དམ་ཀུན་འདུས་ཁྱེད་ལ་གསོལ་བ་འདེབས།།

 

ཁྱེད་ཀྱི་སྐུ་ལ་སྐྱེ་འཆི་མངའ་མི་མངའ།།

རྟག་དང་མི་རྟག་ཅེ་ན་འགྲིག་མི་འགྲིག།

བལྟས་བཅོས་སྨྲ་བ་རྣམས་ཀྱིས་དཔྱད་བཟོད་མིན།།

མཚུངས་མེད་མྱང་འདས་ཁྱེད་རང་སྐྱབས་སུ་འཛིན།།

 

 

 
 
Re:སྟོན་པ་གཤེན་རབ་ལ་ཞུས་པ།
[ 2016/5/14 3:31:47 | By: སྐུ་མགྲོན་NSj7MY(སྐུ་མགྲོན) ]
 
སྐུ་མགྲོན་NSj7MY(སྐུ་མགྲོན)སྟག་ལ་འབུམ་གྱྱི་སླློར་ཞིག་ཤེས་འདོད་ཡོད།
 
 
Re:སྟོན་པ་གཤེན་རབ་ལ་ཞུས་པ།
[ 2013/9/10 12:34:42 | By: སྐུ་མགྲོན་IMDp26(སྐུ་མགྲོན) ]
 
སྐུ་མགྲོན་IMDp26(སྐུ་མགྲོན)བལྟས་ཟིན་དགའ་བསུ་ཡོད། མུ་ཝེར་པས།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་ཆེ།ཕེབས་བསུ་ཡོད།
 
 
Re:སྟོན་པ་གཤེན་རབ་ལ་ཞུས་པ།
[ 2013/7/26 16:45:44 | By: སྐུ་མགྲོན་806Ev3(སྐུ་མགྲོན) ]
 
སྐུ་མགྲོན་806Ev3(སྐུ་མགྲོན)གཤེན་སྨྱུག་པས་ཆ་ཚང་བལྟས་ནས་སོང་བ་ཡིན།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་ཆེ།ཕེབས་བསུ་ཡོད།
 
 
Re:སྟོན་པ་གཤེན་རབ་ལ་ཞུས་པ།
[ 2013/7/7 20:17:16 | By: སྐུ་མགྲོན་NRiu4Y(སྐུ་མགྲོན) ]
 
སྐུ་མགྲོན་NRiu4Y(སྐུ་མགྲོན)བོན་བརྒྱ་སྟག་ལ་འབུམ་ལགས་གནས་འདིར་ཕེབས་པར་དགའ་བསུ་ཞུ། སྙན་ངག་དང་རྩོམ་ཡིག་གང་མང་སྤེལ་བར་སྒུག་ནས་བསྡད་ཡོད། བོན་ཕྲུག་ལགས་མ་འོངས་པའི་འོད་སྟོང་ལ་གཟིགས་པ་རྒྱ་མ་ཆུང་།
མཁས་པ་སློབ་པའི་དུས་ན་སྡུག། བདེ་བར་སྡོད་ལ་མཁས་མི་སྲིད། ཅེས་སོ། །
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཐུགས་རྗེ་ཆེ།ཕེབས་བསུ་ཡོད།
 
 
Re:སྟོན་པ་གཤེན་རབ་ལ་ཞུས་པ།
[ 2013/7/4 22:01:19 | By: kongbo ]
 
kongboཧ་ཅང་ལེགས་པོ་འདུག བཀའ་དྲིན་ཆེ་ཞུ་བ་དང་རྗེས་སུ་ཡི་རང་ལས་གཞན་དུ་ཅི། དེ་བཞིན་དུ་རྗེས་སོར་ཡང་མུ་ནས་ཁྱེར་འོང་རོགས།
ཞང༧གངས་སྲས་སུ་འབོད་པས།
གཤམ་དུ་བོན་བརྒྱ་སྟག་ལ་འབུམ།་ལགས་ཀྱིས་ལན་སློག་པ་ནི་
ཁྱེད་ཕེབས་པར་དགའ་བསུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.