ཟིན་བྲིས་ལི་ཐོ།
སྒྲིག་འཇུག...

སྤྱི་བསྒྲགས།
སྒྲིག་འཇུག...

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...

ཟིན་ཐོ་གསར་བ།
སྒྲིག་འཇུག...

དཔྱད་གཏམ་གསར་བ།
སྒྲིག་འཇུག...

ཆེམས་གསར་བ།
སྒྲིག་འཇུག...

འཚོལ་བཤེར།

སྦྲེལ་མཐུད།

ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 

སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/24 23:34:00 | By: ཀུ་ས་ལི། ]
 

སྦྲ་ཆེན་བོན་གྱི་རྒྱལ་ཁམས།                        

                              །དཔལ་མདོ་ཁམས་རྔུལ་རྫ་ཟལ་མོ་ཡི་སྒང་རྒྱུད།

།གནས་སྦྲ་ཆེན་ས་ཡི་ཐིག་ལེ་ཡི་ཁྱོན་དུ།

།སྔར་ད་ནས་ཐོད་དཀར་སྲས་པོ་ཡི་གདུལ་ཞིང་།

།ལུགས་འཛིན་པའི་ཞུ་སྤ་རྨེའུ་ཁྱུང་སོགས་གདན་སར།

།མཚན་སྙན་ལྡིར་རིན་ཆེན་རྣམ་གསུམ་གྱི་རྟོགས་ལྡན།

།དགེ་འདུས་པ་གྲྭ་སློབ་རྒྱ་མཚོ་དེ་འཁྱིལ་འདྲས།

།བོན་རྒྱུ་འབྲས་ཐེག་དགུའི་ཉིང་བཅུད་ལ་རོལ་ནས།

།འགྲོ་རབ་མང་གདུལ་བྱའི་སྐྱབས་མགོན་དུ་བརྗིད་དོ།

།ཡིད་བརྟན་པའི་དད་མོས་ལྷ་ཆོས་ལ་ཕུལ་ཏེ།

།ལས་མ་གོལ་རྒྱུ་འབྲས་བླང་འདོར་དུ་བརྩོན་པས།

།ཕྱུག་ལོངས་སྤྱོད་འཛད་མེད་གཏེར་ཁ་ཡི་འབྱུང་གནས།

།བསྟན་སྦྱིན་བདག་འབྱོར་ལྡན་ཀླུ་དབང་གི་བང་མཛོད།

།ཨ་ལ་ལ་ཡིད་འོང་ཕུན་ཚོགས་ཀྱི་ཞིང་འདིར།

།སྲིད་འཁོར་བའི་གཡང་ས་མ་བསྒྲལ་གྱི་བར་དུ།

།དགེ་དེ་ལྟར་ཡུན་བསྲིང་བཀྲ་ཤིས་ཀྱི་ཁ་གཡང་།

                             །ངག་འགྱུར་ཁུག་ལམ་ནས་སྨོན་ཚིག་འདི་ཕུལ་ལོ།

 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2016/3/6 16:04:14 | By: སྐུ་མགྲོན་0fv2YL(སྐུ་མགྲོན) ]
 
སྐུ་མགྲོན་0fv2YL(སྐུ་མགྲོན) ངོས་ཕ་མེས་ཀྱི་ེརུས་རྒྱུད་ཀྱང་སྔ་རབ་སྦྲ་ཆེན་ཧོར་ཚངས་ནས་མར་ནང་ཆེན་རྟ་རྣར་ཆད་པ་རེད་འདུག
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2013/1/23 21:01:32 | By: སྐུ་མགྲོན་t85Bre(སྐུ་མགྲོན) ]
 
སྐུ་མགྲོན་t85Bre(སྐུ་མགྲོན)སྤུན་ཟླ་སྦྲ་ཆེན་བ་ཚོ། ཁྱེད་རྣམས་ལ་འགའ་རེས་ཧོར་པ་ཞེས་མཐོང་ཆུང་གི་ཞྭ་མོ་ཞིག་གཡོག་གི་འདུག་མོད་དེར་དཔྱད་ཙམ་བྱས་ན་ཧོར་པ་ནི་སྦྲ་ཆེན་ཙམ་དུ་མ་ཟད་ཚོ་བ་སོ་དགུ་པོ་ཐམས་ཅན་ཧོར་པའམ་ཧོར་གྱི་ཚོ་བ་ཟེར་གྱི་འདུག་པས་ཧོར་པ་ཟེར་བ་ཙམ་གྱིས་ཐུགས་དོག་གང་ཡང་མི་དགོས། འོན་ཀྱང་འདིའི་ཧོར་ཞེས་པ་རུས་སམ་ཡུལ་ལུང་གང་ཞིག་ལ་འཇུག་པ་དང་། ཁྱད་པར་ཧོར་གྱི་རྒྱལ་རྒྱུད་དང་དེས་ཚོ་བ་སོ་དགུ་དབང་དུ་བསྒྱུར་ཚུལ། ད་སྐབས་ཧོར་གྱི་གདུང་རྒྱུད་སྦྲ་ཆེན་ནམ་ས་ཆ་གང་དག་ལ་མི་སྣ་གང་ཞིག་ཡོད་པ་སོགས་ཀྱི་ལོ་རྒྱུས་འདྲ་གསུང་རྒྱུའི་རེ་བ་ཆེ།
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/30 14:30:00 | By: yzzx ]
 
yzzxདེ་ཡིན་དང་ཡིན། ཡིན་ནའང་ཤེས་དཔལ་གཉིས་ཐད་ནས་ཡར་རྒྱས་བཏང་ནས་རང་རེ་གཡུང་དྲུང་བོན་གྱི་དགྲ་བླ་དེ་སྒོ་ཀུན་ནས་བརྩོན་ལེན་ཞུུ་དགོས་པ་ཡིན་པས། ཚང་མས་བོན་གྱི་རྒྱལ་ཁམས་དེ་ཞང་བོད་ཤེས་རིག་གི་མངའ་ཁམས་ཆེན་པོ་ཞིག་སྒྱུར་ཐུབ་ན་དེ་བས་ཀྱང་ཁྱད་དུ་འཕགས་པར་ངེས།
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/27 23:38:35 | By: སྐུ་མགྲོན་w06Evi(སྐུ་མགྲོན) ]
 
སྐུ་མགྲོན་w06Evi(སྐུ་མགྲོན)འབྱོར་ལྡན་བསོད་ནམ་ཕྱུག་པའི་སྦྲ་ཆེན་བས།
གོང་མ་མཆོད་པ་ཕུལ་བའི་བློ་སྟོབས་ཡོད།
འོག་མ་སྙིང་རྗེ་སྐྱོང་བའི་བྱམས་སེམས་ཡོད།
གཞན་ལས་ཁྱད་པར་འཕགས་པའི་དགེ་སྟོབས་ལྡན།
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/27 10:39:15 | By: སྐུ་མགྲོན་wcr1VI(སྐུ་མགྲོན) ]
 
སྐུ་མགྲོན་wcr1VI(སྐུ་མགྲོན)འབྱོར་ལྡན་བསོད་ནམ་ཕྱུག་པའི་སྦྲ་ཆེན་ཡུལ།
བླ་མ་ཕེབས་ན་བསྟན་རྩ་ཕྱུག་སའི་ཡུལ།
དབུལ་པོ་སླེབ་ན་ཞལ་ངོ་འཛུམ་སའི་ཡུལ།
བསོད་ནམ་ཕྱུག་པའི་སྦྲ་ཆེན་ཁྱད་པར་འཕགས།
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/27 0:10:24 | By: སྐུ་མགྲོན་028Jb4(སྐུ་མགྲོན) ]
 
སྐུ་མགྲོན་028Jb4(སྐུ་མགྲོན)གཤེན་རབ་བསྟན་པ་འཛིན་པའི་སྦྲ་ཆེན་ཡུལ།
གཞན་གྱི་ཆོས་ལུགས་མ་འདྲེས་ཁྱད་པར་འཕགས། བསོད་ནམ་སྔར་གྱི་བསགས་པའི་འབྲས་བུ་ཡིས། ད་ལྟ་ཁྱད་པར་འཕགས་པའི་འབྱོར་ལྡན་གྱུར། སྡོམ་པ་དམ་ཚིག་ངོ་ལྐོག་མ་བྱས་པས།
དམ་ལྡན་སྐྱེས་བུ་མགོན་སྐྱོབས་ཅན་ཏུ་གྱུར།
ང་ལ་ཡོད་ཅན་ཁྱོད་ལ་ངམ་པ་མིན།
དྲང་བདེན་ལམ་ནས་སུག་བྲིས་སྐྱོང་པ་ཡིན།
དྲང་བདེན་ནས
 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/25 16:06:46 | By: སྐུ་མགྲོན་I41Pg6(སྐུ་མགྲོན) ]
 
སྐུ་མགྲོན་I41Pg6(སྐུ་མགྲོན)ེརྗེ་རྟོགས་ལྡན་རྣམ་གསུམ་དག་ཞིང་ལ་གཤེགས་རྗེས ་
རྒྱུ་དབྱར་རྭྩ་དགུན་འབུའི་བྲན་གཡོག་ཏུ་གྱུར་པའི་
སྡུམ་དམ་ཚིག་མེད་པའི་གྲྭ་ལོག་གིས་ཁྱད་པའི་
ཡུལ་སྦྲ་ཆེན་ཕྱུག་མོ་བོན་རྫུད་ཀྱི་ལུང་པ་
སྒོ་གང་ལ་ཞུགས་ཀྱང་མ་འཇོན་པའི་རིགས་ཀྱིས་
ཉམ་ཐག་པའི་འབྲོག་དམངས་མགོ་སྐོར་འོག་བཙུད་དེ་
སྡུག་ཕོ་ཡན་མོ་འཁྱམ་འཕྲིན་ལས་དེ་དར་ས་
ཡུལ་སྦྲ་ཆེན་ཕྱུག་མོ་བོན་རྫུད་ཀྱི་ལུང་པ་

 
 
Re:སྦྲ་ཆེན་བོན་གྱི་རྒྱལ་ཁམས།
[ 2012/8/25 16:05:06 | By: སྐུ་མགྲོན་I41Pg6(སྐུ་མགྲོན) ]
 
སྐུ་མགྲོན་I41Pg6(སྐུ་མགྲོན)ེརྗེ་རྟོགས་ལྡན་རྣམ་གསུམ་དག་ཞིང་ལ་གཤེགས་རྗེས ་
རྒྱུ་དབྱར་རྭྩ་དགུན་འབུའི་བྲན་གཡོག་ཏུ་གྱུར་པའི་
སྡུམ་དམ་ཚིག་མེད་པའི་གྲྭ་ལོག་གིས་ཁྱད་པའི་
ཡུལ་སྦྲ་ཆེན་ཕྱུག་མོ་བོན་རྫུད་ཀྱི་ལུང་པ་
སྒོ་གང་ལ་ཞུགས་ཀྱང་མ་འཇོན་པའི་རིགས་ཀྱིས་
ཉམ་ཐག་པའི་འབྲོག་དམངས་མགོ་སྐོར་འོག་བཙུད་དེ་
སྡུག་ཕོ་ཡན་མོ་འཁྱམ་འཕྲིན་ལས་དེ་དར་ས་
ཡུལ་སྦྲ་ཆེན་ཕྱུག་མོ་བོན་རྫུད་ཀྱི་ལུང་པ་

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.