སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཡུང་དྲུང་བོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་                   སྐ
[ 2011/12/31 21:52:00 | By: ཨ་ཀྲོང་སེམས་དཔའ། ]
 
           གཡུང་དྲུང་བོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་
                  སྐྱབས་མགོན་དུས་ཆེན་སྐབས་ཀྱི་ཟིན་ཐོ།།

        དེ་ཡང་སྔ་རབས་མཁས་པའི་ཞལ་རྒྱུན་དྲི་མ་མེད་པ་དག་གཞིར་བཟུང་གིས་ཕྲན་ནས་ཕྱི་རབས་རང་མཉམ་རྣམས་ལ་ཕན་སྙམ་གྱིས་ཀུན་ནས་བསླངས་ཏེ་བཤམས་ལ་དབུ་མཛད་ཀྱིས་ནམ་རྒྱུན་ལྟ། སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་མདས་མཆོད་སྐབས་ཀྱི་ཟིན་བྲིས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་འགོད་པར་བྱའོ། །
བོད་ཟླ་བཅུ་གཅིག་པའི་ཚེས་བདུན་དང་བརྒྱད་གཉིས་ལ་སྣང་སྟོན་ཟླ་བ་རྒྱལ་མཚན་གྱི་འདས་མཆོད་ཡིན་ཞིང་ཐོག་མར་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་མཆོད་བཟོ་བྱ་དགོས། ཚེས་བདུན་ཉིན་གྱི་ཞོགས་པ་ཕྱག་ཚོད་དྲུག་པའི་ཐོག་ཡར་འཚོགས་ལ་བདེ་ཆེན་རྒྱལ་པོ་ཚར་གསུམ་ཤར་འདོན་དང་ཚར་གཅིག་གྱེར་སིལ་རོལ་བྱ། བདག་དང་འགྲོ་བ་ཤར་འདོན། སྐྱབས་འགྲོ་སེམས་བསྐྱེད།  བདེ་ཆེན་ལྷུན་འགྲུབ།ཀུན་སྐྱོབས་མཐུ་ལྡན།རྒྱལ་བ་ཀུན་འདུས།མཎྚལ་ཡན་ལག་དྲིན་ཆེན་རྩ་གྱེར་སིལ་རོལ་བྱ། ཀློང་རྒྱས་དབུ་ནས་རིམ་བཞིན་བརྗོད་ལ་སྐྱབས་འགྲོ་བདག་དང་འགྲོ་བ་གྱེར་རིང་སྟོང་མཚན་ དབུར་བཞག་ནས་ཇ་མཆོད།     སྟོང་མཚན་དབུ་ནས་ཕྱོགས་གཅིག་གསུང་ལ་ཞོགས་འཚོགས་གྲོལ། རྡོ་ཏིང་ནས་ཡར་འཚོགས་ལ་ཕྱོགས་གཉིས་གསུང་སྟེ་ཕྱག་ཚོད་བཅུ་པའི་ཇ་མཆོད་ཡང་ བསྐྱར་ཕྱོགས་གཅིག་གསུང་ནས་གྲོལ།  རྡོ་ཏིང་དུང་དང་བཅས་ནས་ཡར་འཚོགས་ཏེ།  བདེ་ཆེན་ལྷུན་གྲུབ། ཀུན་སྐྱོབས་མཐུ་ལྡན།  གསོལ་འདེབས་མ་རིག་མུན་སེལ།  ཕྱོགས་གཅིག་གསུང་ལ་ཞལ་ལག་མཆོད། བར་ཆད་ལམ་སེལ་ནས་གྲོལ།  ཕྱག་ཚོད་གཉིས་པ་ཐོག་ཡར་འཚོགས་ལ་ཕྱོགས་གཉིས་གསུང་ལ་མངར་ཇ་མཆོད་ཡང་ སྐྱར་ཕྱོགས་གཅིག་གསུང་ནས་གྲོལ། དེ་ནས་ཡར་འཚོགས་ལ་བཀའ་སྐྱོང་དབུ་ནས་ཡུམ་སྲས་བར་གསུང་ལ་གསོལ་ཇ་མཆོད་ཞིང་ མཆོད་རྔ་བརྡུང་ དམར་ལམ་བྲོ་ཕྱ་ཚེ་སོགས་སྤྱི་ལྟར་བྱ་ལ་གྲོལ་རྒྱ་རྔ་ནས་ཡར་འཚོགས་ལ་སྨོན་ལམ་ གསུང་བཞེས་ཐུག་མཆོད་སྨོན་ལམ་འདི་བཏབ་གྱེར་ཡིག་བརྒྱ་སྒོ་གསུམ་དག་པ་གྱེར་ལ་ འཚོགས་གྲོལ།

བོད་ཚེས་བརྒྱད་ཉིན་གྱི་ཞོགས་པ་ཕྱག་ཚོད་ལྔ་པའི་ཐོག་ཡར་འཚོགས་ལ་བདེ་ཆེན་རྒྱལ་པོ་ཚར་བཞི་གཅིག་གྱེར།  མཛད་བཅུའི་བསྟོད་པ་དང་བདེ་ཆེན་ལྷུན་གྲུབ་གསོ་སྦྱོང་དབུ་ནས་འདུལ་བ་བརྒྱུད་ཕྱག་བར་ནམ་རྒྱུན་ལྟར་ཤར་འདོན་བྱ་ཕྱག་འགོར་ཡར་བཞེངས་བརྒྱུད་ཕྱག་ལེགས་པ་ཀུན་འབྱུང་དང་རྨད་འབྱུང་ཡོན་ཏན་གཉིས་གྱེར་ཆེན་དབུ་མཛད་ཆེ་ཆུང་གཉིས་ལན་རེས་དགོས་ཚིག་བཤད་གཞན་རྣམས་འདེབ་ རིང་བྱ་སྟེ་ལན་རེས་བྱེད་དགོས།གཞན་ཡང་ཕྱོགས་བཅུ་ནས་ཞལ་བསྒྲིགས་བཤགས་པ་གསུང་ལ་སར་             བཞུགས་རྣམ་ལྔ་དང་སྐུ་བསྟོད་བརྗོད་སིལ་རོལ་གསོ་སྦྱོང་མཇུག་ཏུ་ཐབས་ཡིན་ནོ་ཞེས་པའི་བར་ནམ་རྒྱུན་ལྟར་གསུང་ལ་དེ་རྗེས་ཚོགས་ཁྲིར་བཞུགས་ཏེ་ཀུན་སྐྱོབས་མཐུ་ལྡན་དང་རྣམ་རྒྱལ་ཕྱག་བཤགས་
གསུང་ལ་གསོལ་ཇ་མཆོད་ཇ་བསྟོད་བླ་མ་སངས་རྒྱལ་གསུང་དགོས།  སྨོན་ལམ་གསུང་བདེར་གཤེགས་
སྤྱན་དྲངས་འགོར་གསོ་སྦྱོང་གི་བསྐལ་པ་ཁྲི་ཕྲག་སོགས་བཤགས་པ་ལན་གསུམ་འདོན་དགོས་དེ་རྗེས་
བདེར་གཤེགས་སྤྱན་དྲངས་སོགས་རིམ་བཞིན་གསུངས་ཤིང་སྨོན་ལམ་འདི་བཏབ་
ཡིག་བརྒྱ་སྒོ་དག་སོགས་གྱེར་ལ་འཚོགས་གྲོལ།དེ་རྗེས་རྡོ་ཏིང་དང་དུང་ནས་མགྱོགས་པོར་འཚོགས་ལ་
བདེ་ཆེན་རྒྱལ་པོ་སིལ་རོལ།མཎྚལ་ཡན་ལག་སིལ་རོལགཙོ་བཞིའི་སྐུ་བསྟོད་སླར་ཡང་ཚར་གཅིག་བརྗོད
 སྟོང་མཚན་ལྷོ་ཤར་གསུང་ལ་གསོལ་ཇ་མཆོད།འོག་ཕྱོགས་དང་བྱམས་མ་ཚར་གཅིག་བརྗོད་ལ་གྲོལ། མཆོད་དཔོན་གྱིས་ཆུ་གཏོར་བཤམ་ལ་དབུ་མཛད་དང་དབུ་སྐྱོར་རྣམས་ཀྱིས་བོན་སྤྱོད་སྐལ་བཟང་སི་ཏི་ནས་མཆོད་གཏོར་རྩིས་འགོ་བདུན་པ་དང་བདུད་རྩི་ཆུ་རྒྱུན་གཉིས་བཀྲ་ཤིས་གཤིགས་སྤྱོད་བཅས་པ་ཤར་འདོན་བྱ་ལ་གྲྭ་མང་དང་ལྷན་དུ་གཤེན་རབ་མཆོད་རྔ་བརྡུང་། དེ་མཚམས་རྡོ་ཏིང་ནས་ཡར་འཚོགས་ཤིང་བྱམས་མ་ཚར་ཁ་ཤས་གསུང་། ཟླ་བྲལ་ཨ་དཀར་གྱེར་ཏེ་གསོལ་ཇ་མཆོད་བར་ཆད་ལམ་སེལ་ནས་གྲོལ།  མགྱོགས་པོར་སེར་ཕྲེང་གྲལ་བསྒྲིགས་ནས་རྔ་གཤང་རོལ་མོ་ཆིན་བརྒྱག་བྱ་ཞིང་གླིང་བསྐོར་འགྲོ་དགོས་བསྐོར་བ་ཚར་ནས་འདུལ་ཁང་མདུན་དུ་སླེབས་རྗེས་། རྡོ་སྐྲས་གཡས་གཡོན་དུ་གྲལ་སྟར་བསྒྲིགས་ཤིང་གཤེན་རབ་མཆོད་རྔ་བརྡུང་། ནང་དུ་ཕེབས་ནས་བླ་མ་མཆོད་པ་གྱེར་ཀློང་རྒྱས་ཀྱི་ཐམས་ཅད་འདྲེན་པ་འང་གྱེར་དུག་ལྔ་བཤགས་པ་བརྗོད། མར་བཞུགས་ལ་ཀློང་རྒྱས་སྒོ་དབྱེ་ནས་རིམ་བཞིན་ནམ་རྒྱུན་ལྟར་གཤེགས་གསོལ་བཀྲ་ཤིས་བདེ་གཤེགས་སྤྱན་དྲངས་སོགས་བརྗོད་ལ་འཚོགས་གྲོལ།དེ་རྗེས་རྡོ་ཏིང་དུང་དང་བཅས་ནས་ཡར་འཚོགས་ཤིང་བདེ་ཆེན་རྒྱལ་པོ་ལན་བཞི་གཅིག་གྱེར་བདག་དང་འགྲོ་བ་ལན་གཉིས་ཤར་འདོན་གཅིག་གྱེར་བླ་མ་སངས་རྒྱས་ལན་གསུམ་དབང་གི་ཞུ་ལན་སྐད།  མཁའ་མཉམ་སེམས་ཅན་ལན་གཅིག་ཤར་འདོན།ཟླ་བྲལ་ཨ་དཀར་ལན་གསུམ་མྱ་ངན་སྐད་བདེ་ཆེན་ལྷུན་གྲུབ་མྱ་ངན་སྐད་བསྟོད་པ་རྣམ་རྒྱལ་ཁང་བཟང་བརྗོད་ལ་ཞལ་ལག་མཆོད་བར་ཆད་ལམ་སེལ་ནས་གྲོལ་ཕྱག་ཚོད་གཉིས་པའི་ཐོག་ཡར་འཚོགས་ལྷ་ཡི་བོན་ཡན་ལག་བརྒྱད་པ་བརྗོད་སྙན་བརྒྱུད་སྔོན་འགྲོ་གྱེར་མངར་ཇ་མཆོད།  ཨ་ཁྲིད་ སྔོན་འགྲོ་གྱེར་ལ་ཚོགས་གྲོལ།  ཡར་འཚོགས་ལ་རྫོགས་ཆེན་སྔོན་འགྲོ་གསུངས།  གསོལ་ཇ་མཆོད་བྱམས་མ་ནས་ཚོགས་གྲོལ།     རྒྱ་རྔ་སྨོན་ལམ་བཞེས་ཐུག་རྗེ་རྒྱལ་བ་དང་སྨོན་ལམ་འདི་བཏབ་ཡིག་བརྒྱ་སྒོ་དག་ སོགས་གྱེར་ནས་ཚོགས་གྲོལ།ཕྱག་ཚོད་དྲུག་དང་ཕྱད་ཀའི་ཐོག་གཟིམ་དུང་བཏང་དེའི་ཚེ་གྲྭ་མང་དང་མི་མང་རྣམས་ཀྱིས་ཟླ་བྲལ་ཨ་དཀར་མྱ་ངན་སྐད་བྱ་ལ་འདུལ་ཁང་སྐོར་བ་ཕེབས་དགོས། གཟིམ་དུང་ཚར་བ་དང་འདུལ་ཁང་ནང་དུ་བླ་མ་མཆོད་པ་གྱེར་གཤེན་རབ་མཆོད་རྔ་བརྡུང་།
སྒྲུབ་ཁང་དུ་མཆོད་རྔ་བརྡུང་༧རྒྱལ་བ་སྨན་རིའི་བླ་བྲང་དུ་མཆོད་རྔ་བརྡུང་ཞིང་ཇ་བསྟོད་ཟླ་བྲལ་
ཨ་དཀར་གསུང་ཞིང་གསོལ་ཇ་དང་ཁུར་ཟས་བཞེས་ལ་གྲོལ་དགོས་པ་བཅས་ཀྱི་ཟིན་ཐོ་ཙམ་མོ།།
ཞེས་༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་གི་སྐྱབས་མགོན་ཟླ་བ་རྒྱལ་མཚན་འདས་མཆོད་
སྐབས་ཀྱི་ཟིན་ཐོ་ཙམ་དུ་བྱིངས་འདྲེན་མིང་འཛིན་ཨ་ཀྲོང་སེམས་དཔའ་རྒྱལ་མཚན་དུ་
                                   འབོད་པས་བགྱིས་ པ་དགེ་གྱུར་ཅིག

 
 
  • ཤོག་བྱང་། hi 
  • Re:གཡུང་དྲུང་བོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་                   སྐ
    [ 2012/1/1 14:02:11 | By: སྐུ་མགྲོན་0fu2YL(སྐུ་མགྲོན) ]
     
    སྐུ་མགྲོན་0fu2YL(སྐུ་མགྲོན)གྲོགས་མཆེད་ལགས་འདི་ལྟ་བུའི་ལེགས་རྩོམ་་སྤེལ་བ་ཡི་རངས་དང་བསྔགས་བརྗོད་ཞུ། རྗེས་ཕྱོགས་སུ་འདི་བུའི་དཔྱད་རྩོམ་གང་མང་སྤེལ་བའི་རེ་བ་དང་བཅས། རིན་རྒྱལ་པས།
     
     
    Re:གཡུང་དྲུང་བོན་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་ལུགས་ལྟར་                   སྐ
    [ 2012/1/1 12:57:52 | By: སྐུ་མགྲོན་q74Xpc(སྐུ་མགྲོན) ]
     
    སྐུ་མགྲོན་q74Xpc(སྐུ་མགྲོན)དཔལ་གཤེན་བསྟན་སྨན་རིའི་དབུ་མཛད་ཆེན་མོ་ཨ་ཀྲོང་སེམས་དཔའ་རྒྱལ་མཚན་ནས་འདི་ལྟར་སྤེལ་བར་ལེགས་སོའི་གནས་སུ་མཆིས། མུ་མཐུད་དེ་བཀྲ་ཤིས་སྨན་རིའི་ལུགས་རྙིང་རྣམས་དགོད་པའི་རེ་བ་ཡོད། གྲལ་མཐའ་བ་ཀུ་ས་ལིས།
     
     
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.