ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དད་སེམས་ཀྱིས་མཆོད་པའི་མེ་ཏོག | 2011/8/8 11:26:00

                                

                                  དད་སེམས་ཀྱིས་མཆོད་པའི་མེ་ཏོག

བསྟན་པའི་སྙིང་པོ་རྒྱལ་བ་གཤེན་གྱི་བསྟན།།

འཛིན་ལ་ཤེས་རབ་ལྷ་ཡི་རྣམ་དཔྱོད་ཅན།།

རྣམ་ཀུན་འགྲོ་བའི་འདྲེན་མཆོག་སྤྲུལ་པའི་སྐུ།།

ག་པ་གཉིས་ལྡན་ཡོངས་འཛིན་མཆོག་དེར་འདུད།།

 

རྨད་བྱུང་བསོད་ནམས་འོ་མའི་རླབས་ཕྲེང་ལས།།

ཟག་མེད་མཚན་དཔེ་འོད་ཀྱི་ཕུང་པོ་ཅན།།

མཆོག་ཉིད་གང་སྐུ་སྟོན་མཚན་ཟླ་བ་བཞིན།།

གངས་རིའི་ལྗོངས་སུ་འཛུམ་པ་བཀྲ་ཤིས་ཤོག །

 

ཟླུམ་གཟུགས་ས་ཆེན་མཁ་བཞིན་ཡངས་པའི་ཁྱོན།།

སྐྱེ་དགུའི་རིགས་དྲུག་འགྲོ་བའི་མགོན་པོ་རུ།།

གཤེན་རྒྱལ་སྟག་གཟིག་གླིང་དུ་བྱོན་པ་བཞིན།།

ལུང་རྟོགས་བསྟན་པའི་སྒོ་བརྒྱ་འབྱེད་ལ་མཁས།།

 

ཐེག་མཆོག་སྨོན་འཇུག་བརྩོན་པའི་གཤེས་སུ་གྲུབ།།

མཁྱེན་པའི་ཡིད་ཀྱིས་ལྔ་ཟུང་ཉི་བཞིན་གསལ།།

ལྷོ་གླིང་ནོར་འཛིན་བུ་མོའི་ཕྱོགས་ཡོངས་སུ།།

མཁས་པའི་དབང་པོ་ཞེས་བྱ་ཀུན་གྱིས་བསྔགས།།

 

རྒྱལ་བའི་གསུང་བཞིན་ལེགས་བཤད་གང་གཱའི་རྡུལ།།

བཀའ་པོད་སྟོང་གི་གཏེར་བརྒྱ་སྦྱིན་མཛད་པ།།

མཆོག་ཉིད་སྨྲ་བ་མི་ཡི་སེང་གེ་ཞེས།།

གྲགས་སྙན་དབྱར་གྱི་རྔ་གསང་སྒྲོགས་འདི་རྨད།།

 

སྙིག་མའི་དུས་ཀྱི་རྒུད་པ་མ་ཞི་བས།།

རྒྱལ་བསྟན་ཉི་གཞོན་སྒྲིབ་ལ་ཉེ་བའི་ཆར།།

རྟག་བརྟེན་བོན་གྱི་རྒྱལ་མཚན་བསྒྲེངས་མཛད་པ།།

དེ་ཡིས་གཤེན་རྒྱལ་གཉིས་པའི་སྙན་པ་ཡོད།།

 

ཚོགས་གཉིས་ཉི་མའི་འོད་ཀྱི་འཛུམ་ཕྲེང་ཅན།།

རྒྱལ་བ་ཀུན་གྱི་ངོ་བོ་གཅིག་བསྡུས་པ།།

ལྔ་ཟུང་འདོད་དགུའི་དཔལ་སྟེར་སྨྲ་བའི་དབང་།།

མཆོག་ཉིད་བསྐལ་བའི་བར་དུ་རྒྱལ་གྱུར་ཅིག །

 

ཨེ་མ་རྒྱལ་བ་གང་གི་ཡོན་ཏན་གྱི།།

ཆ་ཙམ་བརྗོད་པའི་གཏམ་གྱི་རི་མོ་འདི།།

དད་སེམས་ཡིད་ཀྱི་འཕར་རྩ་ལྡིང་བཞིན་དུ།།

སོར་སྨྱུག་ལྡེམ་འགྱུ་ངོམ་པའི་དཔལ་གྱིས་སོ།།

      ༢༠༡༡ ༢ ༢༡ཉིན་ཁྱུང་ཡུལ་རིག་པ་འབྱུང་བའི་གྲོང་ནས།

Re:དད་སེམས་ཀྱིས་མཆོད་པའི་མེ་ཏོག | 2011/8/9 14:54:04
tenzin lama(སྐུ་མགྲོན)གསར་རྩོམ་གྱི་ཚིག་སྦྱོར་འ་ཙ་ཟིག་འདུག ཐུགས་རྗེ་ཆེ།
རྩོམ་པ་པོ།:tenzin lama(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དད་སེམས་ཀྱིས་མཆོད་པའི་མེ་ཏོག | 2011/8/8 19:08:42
བློ་ལྡན།(སྐུ་མགྲོན)ཕྱག་འཚལ་ལོ།
རྩོམ་པ་པོ།:བློ་ལྡན།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.