གོང་ཆེའི་སྤྱི་རིམ་ཆེན་མོའི་སྦྲ་གུར་སླར་གསོ་བྱུང་བ།
ནག་ཆུ་སྦྲ་ཆེན་གོང་ཆེའི་སྤྱི་རིམ་ཆེན་མོ་ནི་མི་ལོ༡༤༠ཡན་གྱི་ལོ་རྒྱུས་ལྡན་ཞིང་། སྤྱི་རིམ་དེ་ལོ་རེ་བཞིན་ཤོག་ཁ་མཉམ་འཛོམས་ཀྱིས་སྒོ་ནས་བཅའ་སྲོལ་འདུག སྔོན་མ་སྤྱི་ལོ༡༨༦༩སྔོན་ནས་བཅའ་སྲོལ་ཡོད་པ་དང་། ༡༩༥༠སྐབས་སུ་གོང་དཔོན་སྐལ་བཟང་བཀྲ་ཤིས་ཀྱིས་སྤྱི་རིམ་གྱི་སྒྲུབ་ཁང་བཀྲ་ཤིས་སྦྲ་ཆེན་མ་དང་། ཚོགས་གུར་སྟོང་ཉིད་གཡུལ་རྒྱལ་གུར་མོ་ཆེ་སོགས་སྦྲ་གུར་དང་ཡོ་ཆས་གྲ་རྒྱས་པོ། གོང་ཆེའི་སྤྱི་རིམ་ཆེན་མོ་ཞེས་དུས་འགྱུར་བར་ཡོངས་སུ་གྲགས། དེ་རྗེས༡༩༨༤ལོར་སླར་གསོ་བྱས་ནས་ལོ་ལྟར་བཅའ་བཞིན་མུས། དམིགས་བསལ་ཞུ་ཡས་ཤིག་ལ་སྒྲུབ་ཁང་བཀྲ་ཤིས་སྦྲ་ཆེན་མ་འཕྲེད་ལ་སྤྱི་ཁྲི༡༤.༥༠དཀྱུས་ལ༡༩.༨༠ ཁྱོན་སྤྱི་ཁྲི་གྲུ་བཞི་མ༢༨༧.༡ ཅན་དང་། ཚོགས་གུར་སྟོང་ཉིད་གཡུལ་རྒྱལ་གུར་མོ་ཆེ་སྲིད་ལ་སྤྱི་ཁྲི༡༩ དང་ཞིང་ལ་ཡང༡༩ ཁྱོན་སྤྱི་ཁྲི་གྲུ་བཞི་མ༣༦༡ཡོད་པའི་སྦྲ་གུར་གཉིས་བསྐྱར་གསོ༢༠༡༤.༧.༢༢ ཉིན་དངོས་སུ་ལེགས་གྲུབ་བྱུང་བ་མ་ཟད་གོང་གི་གྲོང་དཔོན་དང་གཤམ་གྱི་མང་ཚོགས་ཀུན། མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྟགས་རྩེད་དང་སྦག མཱ་ཅང་། སྡུག་གྱོང་རྡོ་རིལ་སོགས་མདོར་ན་རྒྱན་འཇོག་གི་རིགས་མཐའ་གཅིག་ཏུ་མཚམས་འཇོག་བྱེད་རྒྱུ་དང་དེ་བཞིན་ཆང་དང་ཨ་རག་སོགས་བཟི་ལྡན་གྱི་བཏུང་བྱའི་རིགས། ཉོ་བཙོང་མི་བྱེད་རྒྱུ་གྲོས་ཆོད་ཡང་དག་པ་བྱས་སོང་། གྲོས་ཆོད་ལྟར་ད་བར་མགོ་དམངས་ཀུན་གྱིས་རང་འགན་རང་སྲུང་བྱེད་ནས་བྱ་བཟང་སྒྲུབ་དང་སྒྲུབ་བཞིན་པའི་དུས་ལགས་སོ། །
- ཟིན་ཐོ་གོང་མ།ལོ་དེབ༼སྦྲ་གུར་གྱི་འོད་སྣང་།༽འདོན་ཐེངས་བརྒྱད་པ་ལེགས་གྲུབ་བྱུང་བ།
- ཟིན་ཐོ་འོག་མ།སྤ་སྟོན་བསྟན་པའི་ཉི་མའི་རྣམ་ཐར་རོབ་བསྡུས།