འོ་ལགས་སོ། ངས་ཐོག་མར་མདུན་སྐྱོད་ཀྱི་སྤོབས་པ་མཐོ་ཞིང་རིག་གཞུང་ལ་དུང་བ་ཟབ་པའི་ཧི་མ་ལ་ཡའི་དྲ་བའི
གཙོ་སྒྲུབ་པ་རྣམས་ལ་དགའ་བསུ་བཀྲ་ཤིས་བདེ་ལེགས་ཞུ། ། འདི་ན་ངས་ཐོག་མའི་མཚམས་སྦྱོར་
ཞིག་གི་དོད་དུ་གླེང་བ་ནི། སུམ་པ་གླང་གི་ལྗང་གསར་ཞེས་པའི་ཟིན་བྲིས་འདི་སྤེལ་དགོས་པའི་
དམིགས་ཡུལ་ནི། ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་ཡོད་པའི་རིག་གནས་ཏེ་བོད་ཀྱི་སྙན་ངག་དང་ལོ་
རྒྱུས་སོགས་ནི་འཛམ་གླིང་གི་སྤྱི་ཚོགས་ཁྲོད་དུ་གཟི་བརྗིད་ཀྱི་ཟིལ་པ་ཁྲོམ་མེར་བཞུགས་པའི་ཡིད་བཞིན་
གྱི་ནོར་བུ་ངོ་མ་དེ་རེད། དེ་ལྟ་ནའང་རང་ཉིད་ལ་མཚོན་ན་ཟིན་བྲིས་སྤེལ་བའི་སྙན་འགྱུར་ངག་གི་སྒྱུ
རྩལ་རྫོགས་པ་ཞིག་དང་ལུང་རིགས་ཀྱི་དབལ་ཁ་རྣོན་པོ་ཞིག་མིན་ནའང་འཛམ་གླིང་བོན་གྱི་གཙུག་རྒྱན་
རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་བཀའ་དྲིན་སུམ་ལྡན་གྱི་རང་གི་སློབ་དཔོན་རྣམ་པའི་ཐུགས་
རྗེའི་གྲིབ་བསིལ་སྣུམ་པོའི་འོག་ཏུ་བོད་ཀྱི་རིགས་གནས་དང་བོན་གྱི་གཞུང་ལུགས་ལ་ཅུང་ཟད་སྦྱང་པའི་
གོ་སྐབས་ཐོབ་པར་བརྟེན་ད་ལན་འདིར་རང་རིགས་གཞོན་སྐྱེས་དྲ་གྲོགས་རྣམ་པའི་ལྷན་དུ་རྩོམ་རིག་
གི་འཚོ་བཅུད་མྱོང་བའི་གོ་སྐབས་ཤིག་འཚོལ་བའི་ཆེད་དུ་འདིར་སྒར་ས་ཆུང་ངུ་ཞིག་རྒྱབ་པ་ཡིན།
དེ་ཡང་སུམ་པ་གླང་གི་ལྗང་གསར་ཞེས་པའི་མིང་དོན་ནི་ཡུལ་ཞང་ཞུང་སྒོ་པའི་ཆར་གཏོགས་ཁྱུང་
ཡུལ་དགའ་བའི་གླིང་འདི་ལ་སུམ་པ་གླང་གི་གྱིམ་ཤོད་ཅེས་འབོད་པ་དང་། རང་ཡང་དལ་རྟེན་གྱི་
ལྟེ་མཚར་དམར་པོ་སུམ་གླང་ཁྱུང་ཡུལ་དུ་འཕོས་པའི་ན་གཞོན་རིག་གཞུང་ལ་བརྩོན་པའི་གོམ་སྟབས་
དང་པོ་བ་ཞིག་ཡིན་པ་ན་སུམ་པ་གླང་གི་ལྗང་གསར་ཞེས་བཏགས་པ་ཡིན།
སྲོ་ལོ་དཀར་པོ་ནས་༢༠༡༢ ༥ ༡་ཉིན