ཟིན་ཐོ་ཡིས་ན་ཟུག་གི་རྨ་ཁ།
སྐྱིད་གངས་ལྗོངས་དོར་མཁན་རང་ཉིད་ཡིན།
བརྗེད་དཀའ་བའི་ཕ་ཡུལ་རང་གིས་གཡུགས།
གྲགས་ཆེ་བའི་འཕགས་པའི་ཡུལ་ལུང་ནས།
ཡིད་སྐྱོ་སྐྱོ་སྐྱེས་ཀྱང་རང་བྱས་ཡིན།
དྲིན་ཆེ་བའི་ཕ་མ་རང་གིས་དོར།
ཁྲེལ་མེད་པའི་ཉམ་ཆུང་འཁྱམས་པོ་ངའི།
བཟོད་དཀའ་བའི་སྐྱིད་སྡུག་འབྱུང་བའི་དུས།
ཡིད་སྐྱོ་སྐྱོ་སྐྱེས་ཀྱང་རང་བྱས་ཡིན།
འཛུམ་བཞད་པའི་མ་ལོའི་བཞིན་རས་དང་།
ངག་འཇམ་པོའི་གཅེས་ཕྲུག་ཟེར་བ་དག
བྱམས་སྐྱོང་བའི་བསླབས་བྱ་དྲན་དུས་སུ།
ཡིད་སྐྱོ་སྐྱོ་སྐྱེས་ཀྱང་རང་བྱས་ཡིན།
དྲིན་ཕ་མ་དྲན་ནས་ཡིད་རེ་རྨུགས།
སྤུན་བརྩེ་ལྡན་རྨི་ལམ་ནང་དུ་སླེབ།
ལྷན་འཛོམས་དུས་བདེ་སྐྱིད་ངོས་མ་འཛིན།
ཡིད་སྐྱོ་སྐྱོ་སྐྱེས་ཀྱང་རང་བྱས་ཡིན།
བྱམས་བརྩེ་ལྡན་གསུང་གི་གནོད་སྣང་འཛིན།
རྒྱུས་མེད་པའི་ས་མཐར་སྐྱིད་སྣང་དུས།
སེམས་དབང་མེད་རང་ཡུལ་ཤོར་པའི་དུས།
ཡིད་སྐྱོ་སྐྱོ་སྐྱེས་ཀྱང་རང་བྱས་ཡིན།
དོན་གོ་བའི་སྐལ་ལྡན་སྐྱེས་བུ་རྣམས།
ཚེ་འདི་ཡི་དལ་འབྱོརབཟང་པོ་དེ།
དོན་མེད་པའི་བདག་འདྲ་མ་གནང་རོགས།
ལས་བཟང་པོས་དོན་དུ་ལྟ་བར་འཛིན།
- ཟིན་ཐོ་གོང་མ།དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་
- ཟིན་ཐོ་འོག་མ།གནས་དབེན་རི་སྐྱིད་པའི་ཉམས་ཤར་གྲགས་སྟོང་སྙན་གླུ།