ཀ་ཁ་འབྲི་ཀློག་ལ་བརྩོན་དུས།།
ཁ་འཁྱམས་གང་ཐོས་སུ་མ་གསན།།
ག་ལེ་ཞི་སློབ་ཀྱིས་ངང་ནས།།
ང་ཚོའི་ཤེས་ཡོན་ལ་འབད་རོགས།།
ཅ་ཅོལ་ཟ་ཟིང་གི་ཁྲོད་ན།།
ཆ་ལུག་འདྲ་མིན་དེ་མཐོང་དུས།།
ཇ་མའི་ཞབས་གཡོག་དུ་མ་རྒྱུགས།།
ཉ་བེ་ཉོ་བེ་རང་ལུས་འགྲོ།།
ཏ་ལེའི་མཛངས་མ་དང་འཕྲད་ཐབས།།
ཐ་ཤལ་སྤྱོད་ངན་དག་སྤངས་ནས།།
ད་ལྟའི་སྐལ་བཟང་གི་དུས་ལ།།
ན་ཚོད་གཞོན་པ་ཚོའི་འོས་འགན།།
པ་ཕའི་རྒྱུད་བཞག་གི་ནོར་བུ།། ཕ་ཕ་ཆོས་གཙང་མ་དེ་སྐྱོང་ཐབས།།
བ་རེ་བོ་རེ་དེ་བྱེད་ནས།།
མ་ཡར་ངན་པ་བཞིན་མ་བྱེད།།
ཙ་རི་གནས་ཆེན་གྱི་ལོ་རྒྱུས།།
ཚ་གྲང་དཀའ་ངལ་ལ་མ་འཛེམས།།
ཛ་དྲག་དུས་རབས་ཞིག་ཡིན་ཀྱང་།།
ཝ་མོའི་སྙིང་སྟོབས་བཞིན་མ་ཞེན།།
ཞྭ་མདོག་རྩོད་དབང་དེ་བྱུང་དུས།།
ཟ་ཁང་ཆུང་ཁང་དུ་མ་ལུས།།
འ་འུར་ཟ་ཟིང་གི་ངང་ནས།།
ཡ་ཐོག་མིང་པོ་ཡི་གྱེར་བསྟན།།
ར་མདའི་རྗེས་ལམ་དེ་དེད་ནས།།
ལ་ལུང་བརྒྱ་ཕྲག་གི་རྒྱུད་པས།།
ཤ་ཟད་རུས་སྐམ་དུ་གྱུར་ཀྱང་།།
ས་མཐར་མི་ཚེ་དེ་རྫོགས་རོང་།།
ཧ་པའི་ལས་སྤྱོད་བཞིན་མི་བྱེད།།
ཨ་ཕའི་རྗེས་བཞག་གི་ནོར་ལ།།
ཧ་ཅང་ཧམ་པ་རེ་སྐྱེས་དུས།།
ཨ་ཇོའི་སེམས་པ་དེ་མ་ཞོན།།
- ཟིན་ཐོ་གོང་མ།འཚམས་འདྲིའི་བཀྲ་ཤིས་བདེ་ལེགས།
- ཟིན་ཐོ་འོག་མ།དབང་ལྡན་ཞུ་གཡས་ལེགས་པོའི་མཛད་རྣམ་སྙིང་བསྡུས་