ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁ་ཕོ་ཙམ་གྱིས་དུས་འདའ་མཁན། | 2011/5/21 19:20:00

ང་ཚོ་གངས་ཅན་པ་ཡི་གདུང་རུས་ཅན་གདོང་དམར་བོད་པ་ཁ་པ་རི་བ་ཞེས་སོགས་ཀྱི་མིང་དུ་མ་འཆང་མཁན་གྱི་ང་ཚོ་མི་རིགས་ནི་སྤྱིར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཉིས་སུ་རིག་གནས་ཀྱི་འཐུས་སྒོའི་མ་ལག་ཚང་ཞིང་གསུམ་དུ་སྣ་འཛོམ་གྱི་རིག་གནས་ཅན་སྟེ་ཆོས་ལུགས་རིག་གནས་དམངས་སྲོལ་རིག་གནས་རྩོམ་རིག་རིག་གནས་དགག་སྒྲུབ་རིག་གནས་སྤྱི་ཚོགས་རིག་གནས་སོགས་ཀྱིས་ཡོངས་སུ་ཕྱུག་པའི་མི་རིགས་ཤིག་ཡིན་ལ། དེ་ལས་ཀྱང་ང་ཚོའི་བཙན་པོ་དག་གིས་འཛམ་གླིང་ཡོངས་ལ་ངོམ་དུ་རན་པའི་དཔའ་རྒོད་རྟུལ་གསུམ་མཁས་མཛངས་ཐབས་གསུམ་དང་། དེ་བཞིན་མི་དམངས་ཏེ་སྐྱ་སེར་སོགས་གང་ཡིན་རྒན་བཀུར་བྱིས་སྐྱོང་གི་སྤྱོད་པའི་རྒྱུན་སྲིང་ཞིང་དད་པ་དང་མཐུན་སྒྲིལ་གྱི་མདུད་པ་ཡོངས་སུ་མཛེས་པའི་རྒྱན་ཅིང་། སེར་མོ་བའམ་དགེ་འདུན་གྱི་སྡེ་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྟེ་སྔ་དར་གཡུང་དྲུང་བོན་གྱི་བསྟན་པ་དང་ཕྱིས་དར་ཤཱཀྱའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཁས་བཙུན་བཟང་གསུམ་འཆད་རྩོད་རྩོམ་གསུམ་བསླབ་པ་སུམ་ལྡན་ལ་སོགས་ཀྱི་བསྟན་པ་འཛིན་པའི་སྡེ་དང་། དེ་ལྟར་བའི་རང་མི་རིགས་ལ་ཤ་ཞེན་ཆེ་ཞིང་ལ་རྒྱ་ལྡན་པ་སོགས་ཀྱིས་འཛམ་གླིང་ཡོངས་ལ་ངོམ་དུ་རན་པའི་རིག་གནས་དང་བྱ་བཞག་དུ་མ་ཡོད་ཅིང་། ལོ་ངོ་སྟོང་ཕྲག་མང་བོ་རིང་ལ་དེ་ལྟར་བའི་དུས་འདས་ཤིང་གངས་རིའི་གདུང་རྒྱུད་འདི་ཉིད་མི་རིགས་གཞན་ལ་ལྟོས་མི་དགོས་པའི་མི་རིགས་ཤིག་ཏུ་གྱུར་ཡོད། འོན་ཀྱང་ལོ་ངོ་བརྒྱ་ཕྲག་ཁ་ཤས་སྔོན་ནས་འཇིག་རྟེན་གཏམ་དཔེ་ལ། མི་རྒྱུད་ཆད་ཁ་གླེན་པ། རྟ་རྒྱུད་ཆད་ཁ་བོང་བུ་ཟེར་བའི་དཔེ་ལྟར། གངས་རིའི་ཁྲག་རྒྱུན་འདྲེས་ཤིང་གདོང་དམར་བོད་པའི་མི་རིགས་གང་དེ་ཕན་ཚུན་གྱི་ལྟ་བ་ཙམ་རེ་དང་ཡུལ་ལུང་སྟོད་སྨད་ཆེད་དུ་དང་དེ་བཞིན་གྲུབ་མཐའ་བར་དང་དཔོན་རིགས་དང་དཔོན་རིགས་བར་བླ་མ་དང་བླ་མའི་བར་སོགས་ཀྱི་འགལ་བ་དུ་མ་བྱུང་སྟེ་མི་རིགས་ཀྱི་མདུན་མའམ་ལ་རྒྱ་སོགས་སྣང་མེད་བསྐྱུར་སྟེ་རང་སོ་སོའི་ཕོར་བ་གང་ལ་ཁ་ཕྱོགས་མཐའ་གཅིག་ཏུ་གོམ་པ་སྤོ་སྟེ་མི་རིགས་དང་མི་རིགས་ཀྱི་རིག་གནས་ཐུན་མིན་གྱི་ཁྱད་ཆོས་དག་ཉམས་དམས་སུ་གཏོང་སྟེ་དེང་གི་ཆ་ལ་མི་རིགས་གཞན་གྱི་མངའ་འོག་ཏུ་སྡུག་ཡུས་འདོན་བཞིན་དུ་བསྡད་དགོས་པ་བྱུང་བ་སྟེ་གཞན་སུ་ལའང་ནོར་བ་མེད་དེ་རང་ཉིད་མེད་པ་བཟོ་མཁན་དེ་རང་ལས་གཞན་མ་ཡིན་ནོ།།

༢༠༠༩་༡༡་༣་ལ་ཆུ་ཚོད་༡༩ཐོག་ཏུ་ཤར་མ་བྲིས་པའོ།

Re:ཁ་ཕོ་ཙམ་གྱིས་དུས་འདའ་མཁན། | 2011/5/30 20:27:28
yongdromརྒན་རིན་སྤུངས་མཆོག་གི་མཛད་བཟང་ནམ་ཡང་བཀྲ་ཤིས་ཤོག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.