བོད་ལྗོངས་ནག་ཆུ་ས་གནས་སྦྲ་ཆེན་ཡུལ་ལ་འཁྲུངས་པའི་རྟོགས་ལྡན་རྣམ་གསུམ་གྱི་མཚན་སྙན་དེ་གཡུང་དྲུང་བོན་ཆོས་དར་བའི་ལུང་ཡུལ་མང་པོ་ལ་ཁྱབ་པ་མ་ཟད་ཁོང་རྣམས་པའི་ཤེས་ཡོན་དང་དམངས་ཕན་ལས་སྒྲུབ་སོགས་ཕྱོགས་གང་སྤྱིའི་ཐད་ལ་ང་ཚོས་དད་ལྡན་དགོས་པ་ཞིག་རེད་འདུག།དེར་བརྟེན་རྟོགས་ལྡན་རྣམ་གསུམ་དུས་ནམ་ཡང་ངེད་ཚོའི་སེམས་ནང་དུ་གནས་པ་ཞིག་ཡིན།།
༄༅། །རག་ཤི་རྟོགས་ལྡན་དྲི་མེད་གཡུང་དྲུང།
ཨེ་མ་ཧོ། རབ་འབྱམས་རྒྱལ་བའི་མཁྱེན་རྩེ་གཅིག་བསྡུས་པ།
སྔ་སྙིགས་འདུལ་སྐལ་ཚེ་དབང་རིག་པ་འཛིན།
ཐུགས་རྗེའི་རྩལ་ཤུགས་དྲི་མེད་གཡུང་དྲུང་ཉིད།
བསྟན་འགྲོའི་དོན་ཆེན་མཐའ་རུ་མ་ཕྱིན་པ།
མི་མཐུན་དགོས་ངན་གདུགས་པ་མི་ཚུགས་ཞིང།
སྐལ་རྒྱལ་བཞུགས་གསོལ་སྨིན་གྲོལ་དར་རྒྱལ་སྤེལ།
བཀྲ་ཤིས་བདེ་ལེགས་ཡུན་ནས་བསྟན་པར་ཤོག།།
༄༅། །ཁ་ཧུ་རྟོགས་ལྡན་ཤེས་རབ་ཕུན་ཚོགས།
ཨེ་མ་ཧོ། ཤེས་བྱ་རབ་གསལ་ཐིག་གསང་རྩོར་ཕྱིས་ཀྱང།
དགེ་འཁྱོངས་ཕུན་ཚོགས་བསྟན་འགྲོའི་དཔལ་ཤར་བ།
གཤེན་བསྟན་ཉི་མོངས་བཞེད་ལ་གསོལ་བ་འདེབས།
ཞབས་པད་འགོགས་མེད་བསྐལ་བརྒྱལ་བརྟག་བརྟན་ཤོག༎
༄༅། ། བེ་རུ་རྟོགས་ལྡན་ཚུལ་ཁྲིམས་དགེ་བ།
ཧྲི་། སྐྱེ་མེད་དབྱིངས་རིག་སྟོན་པ་ཀུན་དུ་བཟང།
འགག་མེད་འཕྲུལ་གཤེན་གསང་བའི་རྣམ་རོལ་ལ།
འགྲོ་འདུལ་ཞིང་དུ་ཁྲོ་གཉེར་ངོ་བོ་ཉིད།
ཚུལ་ཁྲིམས་དགེ་བའི་ཞབས་ལ་གསོལ་བ་འདེབས།
མགོན་ཁྱེད་རང་བཞིན་རྟ་བདུན་དབང་པོའི་སྐུ།
མ་སྨིན་འདུལ་བྱ་པད་མའི་ཚལ་ཆེན་དུ།
སྨིན་གྲོལ་ཟབ་ལམ་འོད་སྟོང་འཁོར་ལོ་ཆེར།
སྐོར་བཞིན་སྐལ་པ་རྒྱ་མཚོ་བཞུགས་གསོལ་འདེབས༎
དགེ་འཁྱོངས་ཕུན་ཚོགས་བསྟན་འགྲོའི་དཔལ་ཤར་བ།།
གཤེན་བསྟན་ཉི་མ་བཞེད་ལ་གསོལ་བ་འདེབས།།
ཞབས་པད་གེགས་མེད་བསྐལ་བརྒྱར་རྟག་བརྟན་ཤོག །