ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཕྱི་ལོ་གསར་བའི་ཁ་གཡང་། | 2015/4/23 18:26:00
ཕྱི་ལོ་གསར་བའི་ཁ་གཡང་།

ཕྱི་ལོ་གསར་ཚེས་ནང་ལ། །
བཀྲ་ཤིས་ཁ་གཡང་ཐོག་མ། །
ཚེ་སྔོན་ལས་ཀྱིས་འཕྲད་པའི། །
གཅུང་མོ་ཁྱེད་ལ་ཞུ་ཡིན། །

ལུས་ལ་ན་ཚ་མེད་པ། །
ནོར་ལ་གོད་ཁ་མེད་པ། །
ཅི་བསམ་དོན་ཀུན་འགྲུབ་པའི། །
བཀྲ་ཤིས་སྨོན་ལམ་འདེབས་ཡོང་། །

ཁྱོད་དང་ང་གཉིས་བར་ལ། །
རི་ཆུ་སྟོང་ཕྲག་ཡོད་ཀྱང་། །
མ་གཅིག་སྤུན་ལས་ལྷག་པའི། །
བརྩེ་སེམས་འོ་མཚོ་འཁྱིལ་ཡོད། །

སྐུད་མེད་སྐད་འཕྲིན་མེད་དུས། །
བཤད་འདོད་སྐད་ཆ་ཡོད་རུང་། །
བཤད་པའི་སྐལ་བ་དབེན་པས། ། 
དྲན་གདུང་སྙིང་ལ་ལྕི་སོང་། །

གནམ་ལོ་གསར་ཚེས་ཉིན་མོར། །
ཤ་ཉེ་སྤུན་མཆེད་འཛོམས་ནས། །
སྐྱིད་པའི་དགོད་སྒྲ་འཁྱིལ་དུས། །
གཅུང་མོའི་བརྩེ་བ་དྲན་སོང་། །

བཅོས་མིན་དོན་གྱི་གཅུང་མོའི། །
བཅོས་མིན་བརྩེ་བ་ཟབ་མོ། །
བཅོས་མིན་ཡ་ཆུང་སེམས་ལ། །
ཝ་ལེར་ཤར་བ་ཡལ་མེད། །

ཁ་མིན་སེམས་ཀྱི་སྙིང་གཏམ། །
ཡི་གེ་གཟིགས་སུ་བཀོད་ནས། །
ཕྱི་རོལ་ཡུལ་ན་གནས་པའི། །
གཅུང་མོ་ཁྱོད་ལ་ཕུལ་ཡིན། །
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.