སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁ་པར་རྐུན་མའམ་དྲ་རྐུན་གྱི་མགོ་སྐོར་
[ 2016/11/15 16:07:00 | By: monkmonk ]
 
ཀན་སུའུ་ཡི་གྲོང་གསེབ་དགེ་རྒན་ཞིག་གིས་ཚེ་གང་རིང་སེར་སྣ་ཆེན་པོ་བྱས་ཏེ་བསགས་པའི་སྒོར་འབུམ་གཉིས་ལྷག་དྲ་རྐུན་གྱི་ལག་ཏུ་ཤོར་རྗེས་ཡིད་སེམས་རབ་ཏུ་སྐྱོ་ཞིང་རང་ཤི་བརྒྱབ་པའི་གནས་ཚུལ། 

   ཧུའུ་པེ་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཕྱིར་བསྒྲགས་པའི་གནས་ཚུལ་ལྟར་ན། ༢༠༡༡ལོ་ནས་བཟུང་། དྲ་རྐུན་གྱིས་ཁ་པར་སོགས་བརྒྱུད་ཀྲུང་གོའི་རྒྱལ་ཡོངས་ཁྱོན་དུ་མ་མཐའ་ཡང་ལོ་རེར་སྒོར་དུང་ཕྱུར་༡༠༠ཡན་རྐུ་བཞིན་ཡོད་པ་མ་ཟད། དེ་ཚོའི་གཡོ་ཐབས་དང་རྐུ་བའི་ཐེངས་གྲངས་སོགས་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་པར་བརྟེན། ཉིན་ཞིག་ང་ཚོའང་དེའི་མགོ་སྐོར་འོག་མི་ཚུད་པའི་ངེས་པ་མེད་པས་གཤམ་དུ་དྲ་རྐུན་དེ་ཚོས་ནམ་རྒྱུན་སྤྱོད་བཞིན་པའི་གཡོ་ཐབས་འགའ་ཕྱོགས་སྡོམ་བྱས་ཡོད་ལ། གལ་སྲིད་ཁྱེད་རང་གནས་ཚུལ་དེ་དག་དང་འཕྲད་ན་ངེས་པར་དོགས་ཟོན་བྱེད་དགོས། 

སྤྱི་བདེ་དང་ཉེན་རྟོག་པར་བརྫུས་ནས་ཁ་པར་དང་འཕྲིན་ཐུང་ཅི་རིགས་བརྒྱུད་ཁྱེད་རང་གི་དངུལ་བྱང་བདེ་འཇགས་མིན་པས་སྒོར་མོ་ཡོད་ཚད་བདེ་འཇགས་དང་ལྡན་པའི་དངུལ་བྱང་དུ་སྐུར་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་། 

ཁྱེད་ལ་བྱ་དགའ་ཅི་ཞིག་ཐོབ་སོང་བས་བྱ་དགའ་དེ་ལེན་པར་སྔོན་ལ་ཁྲལ་སོགས་སྤྲོད་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་། 

ཁྱིམ་མི་ག་གེ་མོར་གློ་བུར་ནད་གཞི་ཆེན་པོ་ཞིག་གམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་སྨན་ཁང་དུ་ཉལ་དགོས་བྱུང་བས་མགྱོགས་པོར་སྨན་ཡོན་སྐུར་དགོས་པའི་ཁ་པར་དང་འཕྲིན་ཐུང་། 

དངུལ་ཁང་གི་ལས་མིར་བརྫུས་ཏེ་རྒྱུ་མཚན་རིགས་འདྲ་མིན་ལ་ཁ་གཡར་ནས་ཐོབ་ཐང་ལག་ཁྱེར་དང་དངུལ་བྱང་ཨང་གྲངས་སོགས་མཁོ་འདོན་བྱེད་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་།

དངུལ་ཁང་གི་ལས་མིར་བརྫུས་ནས་ཁྱེད་རང་ལ་དྲ་ཐོག་དངུལ་ཁང་ཤར་གཏོང་བྱས་པས་དེར་ཆོག་མཆན་དང་ཞིབ་བཤེར་བྱེད་དགོས་པའི་སྐོར་གྱི་ཁ་པར་དང་འཕྲིན་ཐུང་།

དངུལ་ཁང་ལ་བརྫུས་ནས་དྲ་བ་ཞིག་བསྐུར་ཏེ་ཁྱེད་རང་གིས་དྲ་བ་དེའི་ཐོག་དངུལ་བྱང་སོགས་ཀྱི་ཨང་གྲངས་སོགས་ཐོ་འགོད་བྱེད་དགོས་པའི་རིགས་བརྗོད་པའི་ཁ་པར་དང་འཕྲིན་ཐུང་། 

སྤྱི་བདེ་དང་ཉེན་རྟོག་པར་བརྫུས་ནས་ཁྱེད་རང་མགྲོན་ཁང་ག་གེ་མོ་ཞིག་ཏུ་བསྡད་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས་པས་ས་ཆ་ག་གེ་མོར་ཡོང་དགོས་པའི་སྐོར་བརྗོད་པའི་ཁ་པར་དང་འཕྲིན་ཐུང་། 

སྤྱི་བདེ་དང་ཉེན་རྟོག་པར་བརྫུས་ནས་ཁྱེད་རང་ལ་འཇུ་བཟུང་བཀའ་རྒྱ་ཞིག་ཕབ་ཡོད་པས་དྲ་ཐོག་ནས་དེའི་གནས་ཚུལ་སྐོར་ལ་ལྟ་དགོས་པའི་སྐོར་བརྗོད་པའི་ཁ་པར་དང་འཕྲིན་ཐུང་། 

མགོ་ཁྲིད་ལ་བརྫུས་ནས་ཁ་གཡར་ས་འདྲ་མིན་བཙལ་ཏེ་སྒོར་མོ་སྐུར་དགོས་ཚུལ་བརྗོད་པའི་ཁ་པར་དང་འཕྲིན་ཐུང་སོགས་སོ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.