སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྟོང་སྐར་ཚོགས་པའི་འཕྲིན་གསར།
[ 2013/7/19 0:30:00 | By: meuyontan ]
 
སྟོང་སྐར་ཚོགས་པའི་འཕྲིན་གསར།
#འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#
 ཐེ་ལེན་སྟོང་སྐར་ཚོགས་པའི་གཙོ་འཛིན། མཁས་དབང་བསྐལ་བཟང་ཟླ་བ་མཆོག་གིས་《ལེགས་པ།》《Be Well》ཞེས་པའི་ལུས་ཁམས་བདེ་ཐང་བསྐོར་གྱི་དུས་དེབ་ཀྱི་རྩོམ་བསྒྲིག་པའི་རེ་འདུན་བཞིན་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་དང་ལུས་ཁམས་བདེ་ཐང་ལ་དམིགས་པའི་བོད་ཀྱི་སྨན་རམས་པའི་སློབ་གསོ་བྱེད་སྟངས་དང་། མི་སོ་སོའི་འབྱུང་ཁམས་དང་གཙང་ཆབ་སོགས་ལ་རྟགས་ནས་ལུས་ཁམས་བདེ་ཐང་དང་། རྒྱུན་ཤེས་ཀུན་སྤྱོད་དང་ས་ཆུ་མེ་རླུང་གི་མིའི་ཁམས་ལ་བསྟུན་ནས་ཟས་རིགས་སོགས་ལ་སྤྱོད་ན་བདེ་ཐང་རྒྱུན་གནས་ཡོང་བ་དང་། ནད་ཡམས་སྔོན་འགོག་སོགས་ལ་ཕན་ནུས་ཆེ་བའི་བོད་ཀྱི་ཐུན་མིན་གསོ་བ་རིག་པའི་ཁྱད་ཆོས་སོགས་ལ་འབྲེལ་བཤད་དང་འདྲི་བ་དྲིས་ལེན་གྱི་ཚུལ་དང་། ཐེ་ལེན་ན་སྟོང་སྐར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་ཆོས་རིག་ལ་མཐོང་ཆེན་ངང་ཟླ་གསུམ་རེའི་ནང་བོད་ཀྱི་སྨན་རམས་པ་ལྷ་སའི་ཉག་རོང་ཤགས་སྨན་རྩིས་ཁང་གི་རྒན་ཚེ་བརྟན་རྡོ་རྗེ་ལགས་ཆེད་དུ་གདན་འདྲེན་གནང་ནས་ནད་ལ་དམིགས་ནས་སྨན་དང་ལུས་ཁམས་བདེ་ཐང་སོགས་ལ་རྟགས་ནས་མིའི་རྒྱུན་ལྡན་གྱི་ཀུན་སྤྱོད་སློབ་གསོ་ལ་ཞབས་ཞུ་ཅི་ནུས་བསྒྲུབ་བཞིན་ཡོད་པའི་ཚུལ་དང་། ཡང་ཁྱད་ཚོགས་པས་སྤྱི་ཚོགས་ཀྱི་ཤེས་རིག་གོང་མཐོར་དང་ནང་སེམས་ཀྱི་བྱམས་སེམས་དང་སྙིང་རྗེའི་ངོ་བོ་ལ་ཤུགས་བསྣོན་བསྐྲུན་ཆེད་སྤྱི་ཚོགས་ལ་དགོས་མཁོ་སྐོང་ཞིང་ཕན་ངེས་ལྡན་པའི་བོད་ཀྱི་ཆོས་རིག་གི་རྣམ་གྲངས་མང་དུ་སྤེལ་བ་དང་། མིག་སྔར་བཞེངས་བཞིན་པའི་ཀུན་སྒྲོལ་ཞི་བདེའི་མཆོད་རྟེན་ཆེན་མོ་ཡང་དོན་དངོས་སུ་མ་འོངས་པའི་ཡ་གླིང་གཙོའི་པའི་འགྲོ་བ་མིའི་རིགས་ཀྱི་སེམས་ཀྱི་བདེ་བ་ལ་དམིགས་པའི་སྨན་མཆོག་ཡིན་པ་བཅས་ངོ་སྤྲོད་གནང་འདུག་གོ། 

---རྨེའུ་ཡོན་ཏན་མཐོང་གྲོལ་ནས། -
 
 
Re:སྟོང་སྐར་ཚོགས་པའི་འཕྲིན་གསར།
[ 2013/7/19 11:13:54 | By: རིན་སྤུངས།(སྐུ་མགྲོན) ]
 
རིན་སྤུངས།(སྐུ་མགྲོན)བཀྲ་ཤིས་བདེ་ལེགས། རྨེའུ་ཡོན་ཏན་ལགས།
ཧི་བོན་ཟིན་བྲིས་སུ་གདན་ས་བཟུང་བར་དགའ་བསུ་ཞུ་ཞུ།
མུ་མཐུད་ནས་ལེགས་རྩོམ་ཆུ་བོའི་རྒྱུན་ལྟར་སྩོལ་བའི་རེ་སྒུག་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.