ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གངས་རིའི་བུ་རྒྱུད། | 2011/5/18 22:47:00

གངས་རིའི་བུ་རྒྱུད།

  

དབུ་རྩེ་གངས་ཀྱིས་བརྒྱན།

སྤྲིན་སྨུག་མགུལ་དུ་འཁྱིལ།  

  

རི་བོ་ཇོ་མོ་གླང་མ། ཁ་བ་དཀར་པོ། གངས་དཀར་ཏི་སེ།

ཁ་བ་ཅན་གྱི་བླ་རི། འཛམ་གླིང་ཧྲིལ་བོས་སྨོན་ས་རེད།

བརྟན་བརླིང་བརྗིད་གསུམ་ཁྱེད་ཀྱི་རྒྱན་དུ་མཆེད།

ཨོ། ང་ཚོ་ནམ་ཡང་ཁྱེད་ཀྱི་དབུ་རྩེ་རུ་བསྐྱོད་པའི་བུ་རྒྱུད་ཡིན་ཡ།

བུ་རྒྱུད་ཡིན།

 

གསེར་གྱི་རྒྱ་ཕིབས་མཛེས།

དངུལ་གྱི་དྲིལ་བུ་སྙན།

   

ཕོ་བྲང་པོ་ཏ་ལ། ཡུམ་བུ་བླ་མཁར། གུ་གེའི་མཁར་ཤུལ།

ཁ་བ་ཅན་གྱི་ཕོ་བྲང༌། འཛམ་གླིང་ཧྲིལ་བོས་སྨོན་ས་རེད།

བརྗིད་མཛེས་མཚར་གསུམ་ཁྱེད་ཀྱི་རྒྱན་དུ་མཆེད།

ཨོ། ང་ཚོ་ནམ་ཡང་ཁྱེད་ཀྱི་ལོ་རྒྱུས་སྒྲུག་མཁན་གྱི་བུ་རྒྱུད་ཡིན་ཡ།

བུ་རྒྱུད་ཡིན།

 

 

རླབས་རྒྱུན་བྲག་ལ་བརྡབས།

གླུ་སྒྲས་གནམ་ས་གཤེགས།

   

ཡར་ཀླུང་གཙང་བོ། རྒྱལ་མོ་རྔུལ་ཆུ། རྨ་ཀླུང་རིང་མོ།

ཁ་བ་ཅན་གྱི་འཐུང་ཆུ་རེད།  འཛམ་གླིང་ཧྲིལ་བོས་སྨོན་ས་རེད།

དྭངས་བསིལ་གཙང་གསུམ་ཁྱེད་ཀྱི་རྒྱན་དུ་མཆེད།

ཨོ།  ང་ཚོ་ནམ་ཡང་ཁྱེད་ཀྱི་བཞུར་རྒྱུན་ལ་འཁྱུད་པའི་གངས་རིའི་བུ་རྒྱུད་ཡིན་ཡ།

བུ་རྒྱུད་ཡིན།
                                    

Re:གངས་རིའི་བུ་རྒྱུད། | 2011/5/23 14:31:32
སྐུ་མགྲོན་Ko2Riv(སྐུ་མགྲོན)རྩོམ་འདི་ཡག་པོ་འདུག
ཁྱུང་དཀར་ཟླ་བ་འདིར་ཕེབ་པར་བཀ་ཤིས་བདེ་ལེགས།
གཤམ་དུ་ཁྱུང་དཀར་ཟླ་བ།་ལགས་ཀྱིས་ལན་སློག་པ་ནི་
སྐུ་ཉིད་རྒྱུན་དུ་ཕེབས་པར་སྙིང་ནས་དགའ་བསུ་ཞུ་ལགས།
རྩོམ་པ་པོ།:སྐུ་མགྲོན་Ko2Riv(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.