གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཞལ་རས་འཚོལ་བ། | 2015/1/20 11:45:00

       རྒྱལ་ཡུམ་བྱམས་མ་བསྒོམས་ནས་

               ཞལ་རས་འཚོལ་བ། 

                        ___ལན་ཚྭ། (ཁུའུ་མིང)

~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~~

མ་འདྲིས་གཉེན་གྱི་ཐུ་བོ་གདོད་མ་ཡི་མགོན་པོ། །

འདྲིས་ན་མེད་ཐབས་མེད་པའི་ཁྱེད་ཉིད་ཀྱི་བརྩེ་བ། །

འདྲིས་དང་མ་འདྲིས་བར་ན་དགའ་སྐྱོ་ཡིས་ཁེངས་པ། །

མིན་ཀྱང་ཡིན་པ་ལྟ་བུའི་ལྷ་མོ་ཁྱོས་གསོན་དང་། །


སྣང་བར་སྐྱ་བོ་འཁྲིགས་པའི་རི་བོ་དེའི་ཕ་རོལ། །

དྲན་པ་དམར་པོ་འདི་ཡི་ཚུ་རོལ་གྱི་ངོས་ནས། །

ཁྱེད་ལ་དད་པའི་མགོ་ལྕོགས་སྒུ་རུ་རུ་ལྡེམ་པ། །

ང་ཡིས་མ་བཟོད་དྲན་པའི་རྟགས་མཚན་ཞིག་ཨེ་སྙམ། །


བདག་ནི་ཡུལ་གྲུ་གཞན་ནས་སྤྲང་འཁྱམས་ལ་གཡེང་ཞིང་།

ཁྱེད་ནི་མི་མངོན་རང་གི་ཞིང་ཁམས་ལ་བཞུགས་ཀྱང་། །

བྱམས་བརྩེ་བརྡ་འཕྲིན་དཀར་པོའི་རྨུ་ཐག་ལ་བརྒྱུས་ཏེ། །

ངའི་སེམས་ཁྱེད་ལ་ཕུལ་བའི་རྒྱུས་ལོན་རེ་གནང་མཛོད། །


རྣམ་ཀུན་འཛུམ་གྱིས་ཕྱུག་པའི་ཡིད་འོང་གི་བྱམས་མ། །

ཁྱེད་ཉིད་གཅིག་པུ་ཡུན་རིང་བསྒོམས་པ་ལ་དགོངས་ཏེ། །

བརྐམ་པའི་ཚ་གདུང་མེ་ལྕེ་ལྷབ་ལྷུབ་ཏུ་གཡོ་བར། །

བདུད་རྩི་ཐིགས་པ་རེ་རེའི་གཉེན་པོ་ཞིག་སྩོལ་རོགས། །


བདག་གི་ལྷ་གཅིག་མཛའ་ཞིང་བརྩེ་ལྡན་གྱི་བྱམས་མ། །

མི་གཡོ་སེམས་ལ་བསྒོམས་པའི་གྲུབ་རྟཊ་ཤིག་མེད་ཀྱང་། །

སྐྱེས་མའི་རྟགས་མཚན་འོག་གི་བྱིན་རླབས་ཀྱི་ན་བུན། །

ཡང་དག་སྐྱེས་པའི་རྟཊ་ཀྱི་མཁའ་དབྱིངས་ནས་དཀྲིཊ་རོཊ


ཀུན་ལ་བསྟན་ཀྱང་ང་རང་གཅིག་པུ་ལ་འདྲ་བའི། 

གཟུགས་སྐུའི་རྣམ་པ་གཡོ་བ་མིག་དཔྱིད་དུ་སྨིན་དུས། ། 

ལང་ཚོ་གསར་དུ་བཞད་པའི་རྩ་གནད་ཀྱི་རྒྱལ་པོས། །

ཁྱེད་ལ་གུས་པའི་ཉམས་ཀྱིས་མལ་སྟན་ལས་ལྡངས་བྱུང་།


བདག་གི་བཀྲ་བཀྲ་ཡོད་ཚད་ཁྱེད་ཉིད་ལ་ཕུལ་ཡོད། །

ཤིས་ཤིས་འདོད་པ་དགུ་འགྱུར་དངོས་གྲུབ་ཅིག་སྩོལ་ཅིག །

བྱམས་བྱམས་ཐུཊ་རྗེའི་ཞཊ་པས་དམ་པོ་རུ་འཁྱུད་དེ། ། 

མ་མ་བདེ་བ་འབྱུང་བའི་དག་ཞིང་ལ་འཁྲིད་རོགས། །

~~~~~~~~~~~~~~~~~~~~~~~~~~~~

༢༠༡༥ལོའི་ཆེས་ཐོག་མའི་སྲོལ་རྒྱུན་ཚིགས་བཅད་འདི་འང་ཡུན་ནན་ཞིང་ཆེན་གྱི་ལྟེ་གནས་ཁུའུ་མིང་ནས་ལན་ཚྭས་བྲིས།  ༢༠༡༥-༡-༡༢ཉིན། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.