གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྐྱོ་གདུང་གི་ངུ་ངག | 2014/11/16 18:44:00

                       བདག་གི་སྤྱི་གཙུག་གི་མཁའ་དབྱིངས་སུ་གཟི་བྱིན་དང་འོད་དཀར་མཆེད་ཅིང་སྲིད་པ་ལས་ཀྱང་རྒས་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་འདི་ལྟར་བཞུད་སོང་། 

      མཐའ་བཞི་འཇིག་རྟེན་གྱི་གྲལ་མཐའ་ནས་མགོན་མེད་སྐྱེ་འགྲོ་འབུམ་གྱི་དཀའ་སྡུག་ལ་བྱམས་བརྩེ་ཡི་སྤྱན་ཆབ་གསིལ་བཞིན་དཔུང་གཉེན་གྱི་ཀ་ཆེ་ཞིག་དལ་གྱིས་འགྱེལ་སོང་། 

    ཤེས་རབ་དང་ཐབས་མཆོག་གི་བདེན་པ་བདར་ཞིང་ངེས་དོན་ལ་མཉེས་པའི་ང་ཚོའི་ཉི་མ་ཞིག་ནུབ་རིར་ཡིབས་སོང་། 

                  ཀྱེ་་་་བདག་གི་དབང་པོའི་མི་མངོན་པའི་དབྱིངས་སུ་ཕེབས་པ། ཁྱེད་ཉིད་གཤེགས་པའི་རྗེས་ཤུལ་ན་དད་སེམས་དང་མོས་གུས་ཀྱིས་ཕྱུག་པའི་དྭ་ཕྲུག་མོད་པོས། གདུང་འབོད་ཀྱི་ངུ་ངག་གིས་ཉིན་སྲིབ་སྦྲེལ་བཞིན། སྐྱོ་དུབ་ཀྱི་མནར་གཅོད་ཀྱིས་ཉིན་ཞག་སྒྲང་གིན། ལུས་སེམས་བྲལ་བའི་བེམ་པོ་ཇི་བཞིན་ཁ་ཧོལ་བེར། མིག་ཅེར་རེ། ཤུ་རིང་དང་འཁུན་ཚིག་གིས་བཀང་ནས་ལུས་ཡོད།  

རེད།    དལ་ལྷོད་ཀྱིས་སེམས་པ་རྣལ་དུ་ཕབ་སྟེ་འདང་རེ་བརྒྱབ་ན།  རེ་ཞིག་ངོ་མཚར་གྱི་གཟུགས་སྐུའི་མཚན་དཔེ་ཡལ་བ་ཙམ་དུ་གནས་ཀྱང་།

              ཁྱེད་ཀྱི་ཐུགས་རྗེ་ཡི་བླ་གོས་འོག་ན་ངེད་ཅག་ལ་བྱམས་བརྩེ་ཡི་འོད་དཀར་ཡོད་ལ།  གཞན་ཕན་གྱི་རྡོ་རིང་སྟེང་ན་ངེད་ཅག་ལ་ཁྱེད་ཀྱི་བྱིན་རླབས་ཀྱི་ཡིག་འབྲུ་ཡོད།  ད་རུང་སེམས་པའི་གཏིང་རིང་གཏིང་རིང་ན། བསྐལ་པའི་བར་དུ་ཁྱེད་ཀྱི་ཐུགས་སེམས་དང་རྒྱང་ཐག་ཇེ་ཉེ་ནས་ཇེ་ཉེར་གཏང་བའི་ཁ་ཆེམས་དང་ཞལ་གསུང་ཡོད་ཅིང་། ཤེས་རབ་དང་སྙིང་རྗེས་བཏུམས་པའི་ཐུགས་རྗེའི་སྤྲིན་དཔུང་དེས་ནམ་ཡང་ང་ཚོའི་མཁའ་དབྱིངས་ནས་བསིལ་སྦྱིན་རེ་གནང་ངེས།  ཁྱེད་ཀྱི་ཐུགས་སྟོབས་དང་ཡང་ན་བཀའ་དྲིན་ཡོད་ཚད་ང་ཚོས་གཏན་དུ་དྲན་གསོ་བྱེད་ལ་ནམ་ཡང་བརྗེད་མི་སྲིད་དོ།           ༢༠༡༤-༡༡-༡༤ཉིན་བདག་ལ་མཚོན་ན་ལྷག་ཏུ་བཀའ་དྲིན་ཅན་མཚུངས་མེད་བླ་མ་ཀུན་གྲོལ་ལྷ་སྲས་ཚོགས་གཉིས་མི་ཕམ་རྣམ་རྒྱལ་ཞིང་གཞན་དུ་ཕེབས་པའི་གཏམ་ངན་ཐོས་པ་དང་ལན་ཚྭས་འཕྲལ་དུ་བྲིས། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.