སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བོན་དཔེ་གསར་རྙེད་དང་། རེ་བ་ལྷག་མ།
[ 2011/12/21 8:01:00 | By: བྱ་འཕུར་ལྷུན་གྲུབ། ]
 

བོན་དཔེ་གསར་རྙེད་དང་། རེ་བ་ལྷག་མ།

ད་ནང་ཞོགས་པར་གཉིད་སད་མ་ཐག་སྟབས་བདེའི་ཁ་ཏོན་གྲུབ་རྗེས་འཆར་ཅན་ལྟར་སློབ་གྲྭར་མ་བསྐྱོད་པའི་གོང་དུ་གློག་ཀླད་ཀྱི་ཁ་ཕྱེས་ཏེ་བོད་ཕྱི་ནང་གི་གསར་འགྱུར་དང་རྩོམ་ཡིག་ཁག་ཅིག་ལ་མི་གཤེར་རག་ཙམ་བྱས། ནམ་རྒྱུན་ངའི་གློག་ཀླད་ཀྱི་མདུན་ངོས་སུ་ཁ་ཕྱེ་ཆོག་ཆོག་ཏུ་བཞག་པའི་དྲ་ཚུགས་ཁག་ཅིག་ཡོད། དེ་ནི་ཧི་མ་ལ་ཡི་བོན་དང་། གཡུང་དྲུང་བོན། བོད་ཀྱི་དུས་བབ། ནེའུ་ཡོག་དུས་བབ་བཅས་ཡིན། དེའི་ནང་ནས་དེ་རིང་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་བ་ནི་གཡུང་དྲུང་བོན་དྲ་བར་མཚོ་སྔོན་པོའི་དྲ་ཚུགས་ནས་དྲངས་པའི་བོན་གྱི་དཔེ་རྙིང་གསར་རྙེད་སྐོར་དེ་རེད།  ནང་དོན་གཙོ་བོ་བོད་ཀྱི་བྱང་ཕྱོགས་ཀན་སུའུ་ཞིང་ཆེན་གྱི་ཏཱང་ཁྲེང་རྫོང་ནས་ཆཱང་རིགས་ཀྱི་བསྟན་བཅོས་མང་དུ་རྙེད་ཅིང་ས་གནས་དེའི་སྤྱི་ཚོགས་ཚན་རིག་ཁང་གིས་དཔེ་ཆ་དེ་རྣམས་ལ་ཞིབ་འཇུག་ཐེངས་བཞི་བྱས་རྗེས་དེའི་ཁྲོད་ནས་བོན་གྱི་བསྟན་བཅོས་ཁག་བཅུ་གཉིས་རྙེད་ཅེས་བཀོད་འདུག དེའང་ཐང་རྒྱལ་རབས་སྐབས་ཀྱི་བོན་ཆོས་བཤུ་འབྲི་བྱས་པའི་ཡན་ལག་ཅིག་ཏུ་བཤད་པ་ལས་དཔེ་ཆ་ཅི་ཞིག་ཡིན་པ་དང་ཇི་ལྟར་བཤུས་པའི་འགྲེལ་བཤད་གསལ་བོ་མི་སྣང་། དཔེ་ཆ་དེ་དག་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་ཡིག་གི་གཟུགས་སུ་བྲིས་འདུག་ཅེས་པ་དོ་སྣང་ཆེན་པོའི་སྒོ་ནས་བཀླགས། རྒྱུ་མཚན་གཅིག་ནི་འཆར་ཟླའི་ནང་འདི་ག་ཞང་བོད་རིག་སློབ་ཁང་གིས་གྲ་སྒྲིག་འོག་ཞང་བོད་ཡིག་རིས་སྒྱུ་རྩལ་གྱི་འགྲེམས་སྟོན་ཆུང་ཆུང་ཞིག་འཚོགས་རྩིས་ཡིན་ལ། སྐུ་མགྲོན་ཕྱི་གླིང་མགོ་སེར་བ་རྣམས་ལ་ཆེས་རིན་ཐང་ལྡན་པའི་ལག་རྟགས་སམ་སྐད་ཆ་གསར་བ་ཞིག་རེག་སོང་བསམ་སྟེ་དགའ་ལྷང་ལྷང་བྱས། འོན་ཀྱང་འདོད་པ་མ་ཚིམས་པ་ཞིག་ལ་དྲ་ངོས་སུ་ཞང་ཞུང་གི་ཡིག་གཟུགས་གང་ཡང་བཀོད་མེད་པ་དེ་རེད། གང་ལྟར་ངའི་རེ་བ་ནི་གོང་འཁོད་དཔེ་ཆ་བཅུ་གཉིས་ཞང་ཞུང་གི་ཡིག་གཟུགས་ཅན་རྣམས་ལ་མི་རིང་བར་མཇལ་བའི་རེ་བ་དང་། རྗེས་ཕྱོགས་སུ་བོན་གྱི་གཞུང་ལུགས་ལ་རྒྱུས་མངའ་གང་འཚམས་ཡོད་པའི་དོན་གྱི་མཁས་དབང་ཞིབ་འཇུག་པ་ལུང་དང་རིགས་པའི་རྗེས་འབྲེང་བ་རེ་འགའ་ས་གནས་དེ་རང་ལ་ཕེབས་ནས་དེ་ལས་མང་བའི་བོན་དཔེ་འགའ་རིམ་པས་འཚོལ་ཞིབ་གནང་ཐུབ་ན་ཅི་མ་རུང་སྙམ། གསར་འགྱུར་དེའི་ནང་དུ་ངོ་སྤྲོད་མཁན་གྱིས་བོད་ཀྱི་བོན་བསྟན་གྱིས་མི་ལ་མཆོད་པ་དང་། ཏཱང་ཁྲེང་བོད་བསྟན་གྱིས་བྱ་རིགས་ལ་མཆོད་པ་སོགས་དོན་ལ་གནས་མིན་གྱི་སྐད་ཆ་རེ་བཤད་པའང་འདུག གནས་ཚུལ་རྒྱས་པར་གཟིགས་འདོད་ན་འདིར་ནོན། www.amdotibet.cn

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.