དྲི་བ།
༡ རྣམ་སྨིན་དང་ཚེ་དབང་གཉིས་བསྟན་སྐབས་རང་གི་སྤང་བྱའི་དངོས་གཉེན་དང་གཞི་
གཉེན་སོང་ཞེས་མདོ་མཚན་ཉིད་ཐེག་པ་ལྟར་སྤོང་གཉེན་དུས་མཉམ་འགག་པའི་དངོས་གཉེན་དང་དེ་གཉིས་སྐྱེ་འགག་མཉམ་པའི་གཞི་གཉེན་ཞེས་འདོད་དམ་དེ་མིན་གང་།
༢ རྣམ་སྨིན་དང་ཚེ་དབང་གཉིས་རིམ་གྱིས་ཐོབ་ནས་ཨ་དཀར་བའི་མཐོང་ལམ་དེ་སྐད་ གཅིག་དུ་མ་ལ་སྐྱེ་འམ། ཡང་ན་རྣམ་སྨིན་དང་ཚེ་དབང་གཉིས་དུས་གཅིག་ལ་ཐོབ།
ཁོ་བོས་བསམ་ཚུལ་ཞིག་བཀོད་ན། གཉིས་ཀ་མཐོང་ལམ་ལ་འཇོག་
དགོས་པ་ལུང་རིག་གཉིས་ཀྱིས་གྲུབ་པའི་ཕྱིར་ཏེ། དང་པོ་གསང་བ་ཐབས་ཞགས་གཡུང་དྲུང་ གསང་བའི་རྒྱུད་ལས། །མཐོང་ལམ་རྣམ་སྨིན་སེམས་དཔའ་དང་། །ཚེ་ལ་དབང་ཐོབ་སེམས་ དཔའ་ཡིས། །དབྱེ་བའི་ས་ནི་གཅིག་ཡིན་ནོ། ཞེས་དང། གསང་སྔགས་བཀའ་འགྲེལ་ལས། རྒྱུན་ མཐའི་སྔ་ལོགས་ཀྱི་སྒོམ་ལམ་གྱིས་བསྡུས་པའི་བདེ་སྟོང་ཡེ་ཤེས་རྒྱུད་ལྡན་གྱི་སྐྱེས་བུ་དེ་ཕྱག་ ཆེན་རིག་འཛིན་གྱི་ངོ་བོ་ཞེས་གསུངས་པས། དེའི་ཤུགས་ལ་རྣམ་སྨིན་དང་ཚེ་དབང་གཉིས་ མཐོང་ལམ་ལ་འཇོག་དགོས་པ་བསྟན། རིགས་པའི་ཆ་ནས་སྦྱོར་ལམ་ལ་སོགས་ལ་མེད་དེ་ཉོན་ མོངས་སྒྲིབ་པ་སྤངས་པ་མེད་པའི་ཕྱིར་རོ། །ཉོན་སྒྲིབ་སྤངས་དགོས་པ་ནི། །ཐབས་ཞགས་ལས་
ཉོན་མོངས་པ་ཡིས་ཟག་པ་མེད། ཅེས་དང་། འགྲེལ་ཉི་ཟེར་དྲ་བ་ལས་རིག་འཛིན་གྱི་ངོ་བོ་ནི་
སངས་རྒྱས་སེམས་ཅན་གང་ཡང་མིན་པའི་ས་བཅུ་གཡུང་དྲུང་སེམས་དཔའ་འོ། །ཞེས་སོགས་ གསུངས་པའི་ཕྱིར། ༣ ཡེ་ཤེས་ཐིག་ལེའི་འགྲེལ་བ་དང་དེའི་མཆན་འགྲེལ་ལས། གཞི་ཡེ་ཤེས་ལྷུན་གྲུབ་ཆེན་པོ་དེ་གྲུབ་མཐའི་གསང་བ་དགུ་ལས་འཕར་བ་ཡིན་ཏེ། ཕྱི་ནང་རྒྱུ་ འབྲས་ཆེ་ཆུང་ཨ་དཀར་ཡེ་གཤེན་བླ་མེད་ཀུན་ལ་འཕགས་པའོ། ཞེས་གསུངས་སྐབས ཐེག་པ་ཆེ་ཆུང་ཞེས། ཆེ་བ་དཔོན་གསས་འཇོག་ལ། ཆེ་བ་དཔོན་གསས་དེ་རྫོགས་པ་ཆེན་པོ་ལ་
འཇོག་མཁན་སྣང་། དེ་ལྟར་ན། གྲུབ་མཐའི་གསང་བ་དགུ་མི་ཚང་སྟེ། བླ་མེད་དང་ཆེ་བ་
གཉིས་གཅིག་ལ་རྩིས་པའི་ཕྱིར། དེ་མིན་ན་བླ་མེད་ལས་ཁྱད་དུ་འཕགས་ཚུལ་ཇི་ལྟར་བསྟན།
བླ་མེད་ལས་ཁྱད་དུ་འཕགས་ན་གོང་དུ་བསྟན་པའི་གཞི་ཡེ་ཤེས་ལྷུན་འགྲུབ་དེ་ཨ་དཀར་བའི་ལྟ་བ་ཡིན་ནམ་མིན།
གོང་གི་དོན་ཚན་གསུམ་གྱི་ཐོག་ལ་ལུང་རིགས་དང་མཐུན་པའི་ལན་ཞིག་གནང་རྒྱུའི་རེ་བ་
ཆེ་ཞུ།
- ཟིན་ཐོ་གོང་མ།སྤེལ་མ་ཕོད་ཉར་ན་རང་སྡུག་རེད།།
- ཟིན་ཐོ་འོག་མ།ཁྱུང་པོ་སྟེང་ཆེན་དགོན་དུ་ཚད་མའི་རིགས་སྒྲ་ཆེན་མོ་འཚོགས་པའི་གནས་ཚུལ་རགས་བསྡུས།
གཞུང་ཆེན་གོ་བ་འཕྲོད་མིན་ཤེས་མོད་ཀྱང་།
ངག་རིག་ཕྱྭ་གཡང་མགྲིན་པར་ཁུག་པའི་ཕྱིར།
མཆོད་འབུལ་རོལ་རྩེད་ཅི་དགར་སྤྲོ་ལ་རངས།
ཟབ་དཀར་གསང་ཆེན་རྒྱུད་གསུམ་བོན་སྐོར་རྣམས།
མ་རྒྱུད་འཇོག་བྱེད་རྫོགས་རིམ་གཙོ་བོ་རུ།
བསྟན་པའི་ཆ་ནས་ཡིན་པ་གཞུང་དོན་དངོས།
དེས་ན་དངོས་བསྐྱེད་འཇོག་པ་འགལ་བར་སྣང་།
ཡེ་འབུམ་གཞུང་ལས་ཡེ་གཤེན་ཆེན་པོ་ཡི།
ལྟ་བ་བསྟན་པས་སྤྲོས་མེད་གཞུང་འདོད་ན།
སྨྲ་བའི་སེང་གེའི་དགོངས་པར་མི་མཐུན་པ།
འཆད་སྲོལ་ཞེས་པས་ཚིག་གིས་མངོན་པར་སྣང་།
འདི་ནས་བརྩིས་པའི་ཉི་མ་བཅུ་བཞིའི་རིང་ལ་ང་ལ་དུས་ཚོད་སྟོང་པ་མེད་པས་དྲ་གྲོགས་གྲྭ་བཙུན་སྦྱིན་པ་ལ་དགོངས་དག་ཞུ།
སྔགས་ཆེན་ཉི་མ་རབ་གསལ་ལམ་རང་བྱུང་རིག་པའི་སྟ་རེས་ལན་ཀྲུ་ནས
མ་ཁྱབ་ན། མདོར་ན། འཕན་ཡུལ་མཆོད་གཞུང་དེ་དག་འཕན་ཡུལ་ཐེག་པའི་གཞུང་མ་ཡིན་ན། འཕན་ཡུལ་ཞེས་བཏགས་དགོ་བའི་རྒྱུ་མཚན་རྣམ་དག་ཞོགས་འུ་གཉིས་རྩོད་པ་ཆེན་པོ་མི་འདུག་ཅེས་་་རང་བྱུང་རིག་སྟས། དྲེ་༼གྲྭ༽་བཙུན་སྦྱིན་པ་ལ། ཚིག་ཇ་ཕོར་གང་གི་ཚབ་ཏུ་ཕུལ། བཞེས་བཞེས་བཞེས་ཡཡཡཡཡ།
བདག་གིས་བྱ་སྤྱོད་གང་རུང་གི་གཞུང་ཡིན་ན་འཕན་ཡུལ་མཆོད་གཞུང་མ་ཡིན་པའི་ཁྱབ་ཅེས་མི་སྨྲ་སྟེ། དཔེར་ན་རྣམ་དག་དང་བྱམས་མ་ལྟ་བུའོ།།
བསྲུང་ཁྲིམས་གཙོ་བོར་དགེ་དྲང་གང་རུང་གིས་བཅིངས་པའི་སྔགས་ཕྱི་པའི་གཞུང་ཡིན་ན་འཕན་ཡུལ་མཆོད་པའི་སྡེ་ཡིན་པའི་ཁྱབ་ཅེས་འདོད་དོ།།
རང་བྱུང་གཤིས་ཀྱི་སྟ་རེ་རྣོན་པོ་ཡིས། །
འཕན་ཡུལ་བོན་གྱི་དཀའ་གནད་གཤོགས་ཤིག་ཀྱེ།
དཀའ་ཐུབ་རྣམ་བཤད་དང་མ་རིག་ངོས་འཛིན་ལས་གསུངས་ཞེས་པ་དེ་ལ། ཕར་ཕྱིན་ལས་བརྒྱད་པ་ཡེ་གཤེན་པའི་གཞུང་དུ་གསུངས་པའི་ཕྱིར། ཞེས་
ཡེ་འབུམ་གཞུང་གིས་ལྟ་བ་སྤྲོས་མེད་ལས། །
མ་བསྟན་པ་ནི་གཞུང་དེར་གཟིགས་ན་གསལ། །
དེས་ན་རོལ་བ་སྐྱེ་མཆེད་ཉིད་ངེས་ཞེས། །
ལུང་རིག་དཔང་པོར་བཞག་སྟེ་སྨྲ་བར་སྤོབས།།
ཁྱབ་མཚུངས་ཕུལ་ན།
མ་རྒྱུད་སྒྲུབ་གཞུང་བོན་ཅན། དངོས་བསྐྱེད་པའི་གཞུང་མ་ཡིན་པར་ཐལ། ཡེ་གཤེན་ཆེན་པོའི་གཞུང་ཡིན་པའི་ཕྱིར། དེར་ཐལ། གསང་སྔགས་བསྐྱེད་རྫོགས་ལས་གསལ་ཞེས་པ་ཡོངས་སུ་མཚུངས་སོ།།
མདོར་ན། ངས་འདྲི་འདོད་པ་ནི། མ་རྒྱུད་རྒྱུད་གསུམ་དེར་བསྐྱེད་རིམ་གཙོ་བོར་མ་བསྟན་པ་ཁྱོས་ཁས་བླངས་ཚར་དུས་ད་དུང་དངོས་བསྐྱེད་པའི་གཞུང་དུ་ཁས་ལེན་དགོས་པའི་རྒྱབ་རྟེན་ཡག་པོ་འཚོལ་རོགས་ཞུ་རྒྱུ་དེ་ཡིན། རང་བྱུང་རིག་པའི་སྟ་རེས།
ཟབ་དཀར་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལས། །
སྐྱེ་འཆི་བར་གསུམ་སྐུ་གསུམ་ངང་བསྒྱུར་བར། །
ཏིང་འཛིན་གསུམ་གྱི་འཇུག་པ་རྩལ་སྟོན་ཏེ། །
གསུངས་པའི་ཕྱིར་ན་དངོས་བསྐྱེད་གཞུང་དུ་འདོད། །
ཚེ་ཐོག་གཅིག་གམ་གཉིས་སོགས་ཡུན་ཐུང་ངང་། །
ཟབ་དཀར་སྔགས་ཀྱི་ལམ་རིམ་བསྒྲུབ་པ་ལ། །
ཐབས་དྲུག་ལམ་ཁྱེར་ཉམས་ལེན་རགས་ལས་ཚུལ། །
གསལ་བའི་ཕྱིར་ན་རྫོགས་པ་གཙོར་སྟོན་སྨྲ། །
ཁྱེར་་ཁྱེར་་་་་་་ཁྱེར་ཡ། འཆད་གྲོགས་རང་འབྱུང་རིག་པའི་སྟ་རེའམ་རྟོག་གེ་བ་ཁྱེར་་་་ཁྱེར་་་བརྩེ་མོ་ཐེངས་གཅིག་ཞུས་པ་ཡིན་ཧཧཧཧསྤྲོ་མ་ལོང་།
རོལ་པ་སྐྱེ་མཆེད་པའི་གཞུང་མ་ཡིན་པར་ཐལ།
བོན་ཐམས་ཅད་སེམས་སུ་བསྒྲུབ་པའི་ཕྱིར།
ཁྱབ་སྟེ། ཐེག་འགྲེལ་ལས།འདིས་ནི་ཤེས་པ་ཙམ་དུ་ཡང་མི་འདོད་དེ། ཞེས་གསུངས་པའི་ཕྱིར།
རྟགས་དང་པོ་དེ་བསྐྱར་ཟློས་ཙམ་དུ་བཀོད་པར་སྣང་།
རྟགས་གཉིས་པས། སྤྱིར་དབུ་མའི་མི་འདོད་པ་བསྟན་པ་ཙམ་ལས་ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པས་སེམས་ཙམ་དུ་འདོད་དེ་ཡང་དག་ལྟ་བའི་ལྡོག་ཚོགས་མ་རིག་ངོས་འཛིན་ལས། འོ་ན་ཡེ་གཤེན་པའི་ཐ་སྙད་འཇོག་ཚུལ་ཇི་ལྟར་བྱེད་སྙམ་ན། ཡོད་པ་ཐམས་ཅད་རང་འཛིན་ཤེས་པ་དང་བདག་ཉིད་གཅིག་པ་དང་། དེ་ལྟར་བདག་ཉིད་གཅིག་པ་རང་རིག་གིས་གྲུབ་པ་ཞེས་དང་། གཟུང་འཛིན་གཉིས་སྟོང་འདི་ཡིས་སྟོང་ཉིད་དུ་ཁས་ལེན་དགོས་པའི་རྒྱུ་མཚན་ཡང་མ་མཐོང་ཞེས་གསུངས་པའི་གྲོགས་པོ།།
༼༤༽པ་ཁྱབ་པར་ཐལ། འདོད་ན། བྱ་སྤྱོད་ཐེག་པ་བོན་ཅན།སྒོ་བཞིའི་ནང་གསེས་ཆབ་དཀར་ཐེག་པ་ཡིན་པར་ཐལ། ཆབ་དཀར་ཐེག་པ་ཡིན་པའི་ཕྱིར་ཏེ། ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་ལས།ཆབ་དཀར་འབྲས་བུ་ལམ་དུ་བྱེད་པའི་ལུགས་ཀྱིས། ཞེས་གསུངས་པས་བསྟན་པའི་ཕྱིར།
འདོད་ན། སྒོ་བཞིའི་ནང་གསེས་ཆབ་དཀར་ཐེག་པ་མ་ཡིན་པར་ཐལ། སྒོ་བཞིའི་ནང་གསེས་འཕན་ཡུལ་ཐེག་པ་ཡིན་པའི་ཕྱིར། རང་བྱུང་རིག་པའི་སྟ་རེས
འཕན་ཡུལ་ལ་འདོན་མཆོད་གཉིས་ལས་མཆོད་པའི་སྡེ་དེ་སྤྱོད་རྒྱུད་ལ་བཞག་པ་ཙམ་ལས་བྱ་སྤྱོད་གཉིས་དེ་འཕན་ཡུལ་ལ་བཞག་དགོས་པ་ངས་མ་མཐོང་། བྱ་སྤྱོད་གཉིས་དེ་སྒོ་བཞི་མཛོད་ལྔའི་ནང་གསེས་ཆབ་དཀར་ཐེག་པ་ཡིན་ཏེ། ཤེས་རབ་ངེས་ངོར་སྟོང་ཉིད་ངེས་ཤིང་། ཐབས་སྣང་ངོར་རྟེན་དང་བརྟེན་པའི་ལྷ་ཡི་འཁོར་ལོ་ཤར་བ་གཉིས་བློ་གཅིག་གི་ངོར་མངོན་གྱུར་དུ་ཚོགས་པའི་ཕྱིར།
གཞན་ཡང་། དེ་བོན་ཅན། བསྐྱེད་རིམ་གཙོ་བོར་སྟོན་པའི་གཞུང་ཡིན་པར་ཐལ། རྫོགས་རིམ་ཚང་ལ་མ་ནོར་བ་བསྟན་ཞིང་གཙོ་བོར་བསྐྱེད་པས་བགྲོད་པ་བསྟན་པའི་གཞུང་ཡིན་པའི་ཕྱིར།
མ་གྲུབ་ན། རྫོགས་རིམ་ཚང་བ་བསྟན་པ་གང་ཞིག གཙོ་བོར་བསྐྱེད་པས་བགྲོད་པ་བསྟན་པའི་ཕྱིར། དང་པོ་མ་གྲུབ་ན་སླ། གཉིས་པ་མ་གྲུབ་ན། གྲུབ་པར་ཐལ། ལམ་རྒྱུད་ལས། སྦྱོར་ལམ་རིགས་བཞིའི་བསྐྱེད་རིམ་རྣམ་བཞི་ནི། ངོ་བོ་དེར་གནས་འབྲས་བུ་མཐོང་ལམ་ཐོབ། ཅེས་གསུངས་པས་བསྟན་པའི་ཕྱིར་ཏེ། ངོ་བོ་དེར་གནས།ཞེས་པའི་ངོ་བོའམ་གཙོ་བོ་བསྐྱེད་རིམ་གནས་པ་གཙོ་བོར་བྱེད་དགོས་པ་དང་། དེའི་འབྲས་བུ་ལམཐོང་ལམ་ཐོབ་པ་བསྟན་པའི་ཕྱིར།
གཞན་ཡང་གཞུང་དེར་དེ་གཙོ་བོ་རུ་བསྟན་ན་དེ་དངོས་བསྟན་བསྟན་བྱའི་གཙོ་བོར་དགོས་པ་དང། དེར་དེ་དངོས་སུ་བསྟན་ན་བསྟན་བྱའི་གཙོ་བོར་བྱས་པའི་ཁྱབ་པར་ཐལ་ལོ།
རང་བྱུང་རིག་པའི་སྟ་རེས།
མ་རྒྱུད་སྒྲུབ་གཞུང་དེ་དངོས་བསྐྱེད་པའི་གཞུང་འཇོག་དགོས་པ་སྔགས་འགྲེལ་ལས་གསལ་ལ། ལམ་རྒྱུད་ལས། །སྦྱོར་ལམ་རིགས་བཞིའི་བསྐྱེད་རིམ་རྣམ་བཞི་ནི། །ངོ་བོ་དེས་གནས་འབྲས་བུ་མཐོང་ལམ་སྐྱེ། ཞེས་པའི་དོན་གྱི་གོ་བ་ནི། རྫོགས་རིམ་རྒྱུ་རུ་གྱུར་པའི་བསྐྱེད་རིམ་དེ་སྦྱོར་ལམ་ཁོ་ན་ལ་ཡོད་པའི་དོན་བསྟན་པ་དང་དེས་འབྲས་བུ་མཐོང་ལམ་སྐྱེ་བའི་ཆ་ནས་བཞག་པ་ལས། དེར་དེ་དངོས་སུ་བསྟན་ན་དེའི་བསྟན་བྱའི་གཙོ་བོ་ཡིན་པའི་མ་ཁྱབ་སྟེ། བདག་ཅག་གི་སྟོན་པའི་ཐེག་འགྲེལ་ལས་སྣང་བ་ཙམ་ཞེས་དངོས་སུ་བསྟན་ཀྱང་སྣང་བ་ཙམ་གཙོ་བོ་བསྟན་པའི་གཞུང་མ་ཡིན་པའི་ཕྱིར་རོ།། ངོ་བོ་དེར་གནས་ཞེས་བསྐྱེད་རིམ་དེའི་ངོ་བོ་སྦྱོར་ལམ་དུ་གནས་པ་བསྟན་པར་སོམ་ཉི་བྲལ་བར་མཛོད་ཅིག
གྲ་གྲོགས་སྤ་ཡི་དུག་ལྕེ་དུམ་བུར་གཏུབ་པའི་རིག་པའི་སྟ་རེས་ཕུལ།
དྲི་བའི་གནད་ལ་མ་ཁེལ་བའི།།
ཚིག་ཉོབ་སྟ་རེ་སོ་དིག་དེས།།
ཚད་གསུམ་དུག་ལྕེ་ཆོད་པ་དཀའ།།
སྤ་ཡི་དུག་ལྕེ་ནས།
སྤ་ཡི་དུག་ལྕེ་བརྐྱངས་པ་གང་།
བྱབ་ཆོད་རིག་པའི་སྟ་རེ་ཡིས།
འབྲེག་པའི་སྐལ་པ་རག་འདི་སྤྲོ།
སྔགས་ལུགས་ལ་མཐོང་ལམ་བར་ཆད་མེད་ལམ་ཡིན་ན་མཐོང་ལམ་ཡིན་པའི་ཁྱབ།
༡དངོས་བསྐྱེད་པའི་ཐེག་པར་གཏོགས་པའི་གཞུང་ཡིན་ན་བསྐྱེད་རིམ་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཁྱབ་པར་ཐལ།
༢ཤིན་ཏུ་དོན་ལྡན་པའི་གཞུང་ཡིན་ན་ཨ་དཀར་བའི་གཞུང་མ་ཡིན་པའི་ཁྱབ་པར་ཐལ།
༣གསང་སྔགས་ཕྱི་པའི་གཞུང་ཡིན་ན་རང་རིག་ཡེ་ཤེས་མི་བསྟན་པའི་མ་ཁྱབ་པར་ཐལ།
༤ཆབ་དཀར་གྱི་ཐེག་པ་ཡིན་སྒོ་བཞིའི་ནང་གསེས་ཆབ་དཀར་ཐེག་པ་ཡིན་པའི་མ་ཁྱབ་པར་ཐལ༥རོལ་པ་སྐྱེ་མཆེད་པའི་གཞུང་ཡིན་ན་བོན་ཐམས་ཅད་སེམས་ཙམ་དུ་མི་སྟོན་པའི་ཁྱབ་པར་ཐལ།༦རྡུལ་དུ་གྲུབ་པའི་ཕྱི་སྣོད་འདོད་པའི་ཐེག་པ་ཡིན་ན་ཐེག་པ་ཆུང་ངུ་ཡིན་པའི་ཁྱབ་པར་ཐལ།
གོང་གསལ་འདི་དག་ལ་ལན་གནང་བའི་དྲེ་བཙུན་སྦྱིན་པ་གཙོས་པའི་བོན་གཞུང་སྦྱོང་མཁན་རྣམས་ལ།
དྲེ་བཙུན་སྦྱིན་པ་དགྱེས་པའི་རིག་མཆོད།
༡དངོས་བསྐྱེད་པའི་ཐེག་པར་གཏོགས་པའི་གཞུང་ཡིན་ན་བསྐྱེད་རིམ་གཙོ་བོར་སྟོན་པའི་གཞུང་ཡིན་པའི་ཁྱབ་པར་ཐལ། ཅིའི་ཕྱིར། མ་རྒྱུད་སྒྲུབ་གཞུང་བོན་ཅན།
༢ཤིན་ཏུ་དོན་ལྡན་པའི་གཞུང་ཡིན་ན་ཨ་དཀར་བའི་གཞུང་མ་ཡིན་པའི་ཁྱབ་པར་ཐལ། གྲོགས་པོ་ཤིན་ཏུ་ལེགས།
༣གསང་སྔགས་ཕྱི་པའི་གཞུང་ཡིན་ན་རང་རིག་ཡེ་ཤེས་མི་བསྟན་པའི་མ་ཁྱབ་པར་ཐལ།འདོད་དེ་མུན་སེལ་སྒྲོན་མའི་གཞུང་ལས་ཀུན་གཞི་སྟོང་ཆ་ནི་དབྱིངས། རིག་པའི་གསལ་ཆ་ནི་ཡེ་ཤེས། རྩལ་འགག་མེད་ཐབས་ཞེས་པ་ལ་སོགས་ཀྱིས་ཤུགས་ལས་བསྟན་པའི་ཕྱིར།
༤ཆབ་དཀར་གྱི་ཐེག་པ་ཡིན་སྒོ་བཞིའི་ནང་གསེས་ཆབ་དཀར་ཐེག་པ་ཡིན་པའི་མ་ཁྱབ་པར་ཐལ། ཅིའི་ཕྱིར།
༥རོལ་པ་སྐྱེ་མཆེད་པའི་གཞུང་ཡིན་ན་བོན་ཐམས་ཅད་སེམས་ཙམ་དུ་མི་སྟོན་པའི་ཁྱབ་པར་ཐལ། ཅིའི་ཕྱིར། ཡེ་གཤེན་བཀོད་པ་དོན་འབུམ་གྱི་དབུ་མ་པའི་གཞུང་བོན་ཅན།
༦རྡུལ་དུ་གྲུབ་པའི་ཕྱི་སྣོད་འདོད་པའི་ཐེག་པ་ཡིན་ན་ཐེག་པ་ཆུང་ངུ་ཡིན་པའི་ཁྱབ་པར་ཐལ།ཅིའི་ཕྱིར། དབུ་མ་པ་བོན་ཅན།
གོང་གསལ་འདི་དག་ལ་ལན་གནང་བའི་དྲེ་བཙུན་སྦྱིན་པ་གཙོས་པའི་བོན་གཞུང་སྦྱོང་མཁན་རྣམས་ལ།
རྟགས་གསལ་བྲོ་བ་ཡོད་པའི་བྲོ་རྡུངས་ཤིགས།
སྤོས་ངད་ལྡན་པའི་གྲོང་དུ་འཁྱམ་བཞིན་པའི་རྒྱལ་ཁམས་པ་རིག་པའི་སྟ་རེས།
རིག་པའི་སྟ་རེ།
དཀའ་གནད་གསང་རྒྱ་ལྷོད་ཀྱིས་བཀྲོལ་བ་ཡི། །
རིག་པའི་མི་བུ་དགྱེས་པའི་གད་རྒྱངས་ཏེ། །
ཟབ་ཡངས་གཞུང་དོན་འགྲེལ་བའི་ལེགས་བཤད་སྒྲ། །
སྒྲོག་པའི་རྒྱལ་པོ་སྨྲ་བའི་སེང་ཆེན་རྒྱལ། །
དྲེ་བཙུན་སྦྱིན་པ་དགའ་བའི་དྲི་ལན་ནམ། །
ཕྱིར་ལོགས་དམ་གྲེད་པ་ཡི་ཕྱིར་འབོད་དེ། །
ཁྱབ་མཐའ་མ་ཆགས་པ་ཡི་འཆལ་གཏམ་འདིར། །
རྟགས་གསལ་བྲོ་བ་ཡོད་པའི་བྲོ་རྡུངས་ཤིག །
༼༡༽ཡོངས་འཛིན་སྨྲ་བའི་སེང་གེའི་བཀའ་འགྲེལ་ལས། རྣམ་སྨིན་རིག་འཛིན་གྱི་ངོ་བོ་ནི། རང་གི་ལམ་རྟེན་སྔ་མ་མ་དོར་བ་དང་། རང་གི་ངོ་སྐལ་གྱི་སྤང་བྱའི་དངོས་གཉེན་དུ་སོང་བའི་རྟོགས་པ་རྒྱུད་ལྡན་གྱི་སྐྱེས་བུ་དེའོ།། གསུམ་པ་ངོ་བོ་ནི། རང་གི་སྤང་བྱ་ཉོན་མོངས་ཟག་པའི་གཞི་གཉེན་རྒྱུད་ལྡན་དང་། ཟུང་འཇུག་སྒྱུ་ལུས་གསར་དུ་གྲུབ་པའི་གཞི་མཐུན་གྱི་རྣལ་འབྱོར་བ་དེའོ།། ཞེས་གསུངས་པའི་དངོས་གཉེན་དང་གཞི་གཉེན་ནི་རང་གི་ངོ་སྐལ་གྱི་སྤང་བྱ་དངོས་སུ་སྤོང་བྱེད་ཀྱི་བར་ཆད་མེད་ལམ་ལ་དངོས་གཉེན་དང་། རང་གི་ངོ་སྐལ་གྱི་སྤང་བྱ་རྒྱུད་ནས་སྤོང་བྱེད་ཀྱི་རྣམ་གྲོལ་ལམ་ལ་གཞི་གཉེན་དུ་བཤད་པ་ལྟར་ཡིན་འདུག་ཅིང་།
༼དྲི་བ་གཉིས་ཀྱི་ལན་འོག་ཏུ་ཡོད། འབྲུ་༢༠༠༠་ལས་བརྒལ་བའི་མཆན་ལྡེབས་གཅིག་འབྲི་ཐུབ་ཀྱི་མི་འདུག༽
གལ་སྲིད་ལན་འདིས་གྲོགས་པོ་ཁྱོད་ལ་བློ་སྐྱེད་འདྲ་བྱུང་སྲིད་ཚེ་དྲི་བ་དང་སྦྲགས་ཏེ་ཟིན་བྲིས་སུ་བཀོད་གནང་བར་ཞུ།
དྲ་གྲོགས་ལགས་ཐུགས་རྗེ་ཆེ།།
ཤེས་བརྩོན་འཕྲུལ་གྱི་ལྡེ་མིག་ལ་བརྟེན་ནས།
གཞུང་ལུགས་སྒོ་བརྒྱ་དལ་གྱིས་ལེགས་འབྱེད་དེ།
དཔྱད་བརྗོད་རིན་གཏེར་གཟིགས་མོར་སྤྲོས་མཛོད་དང་།
ཕྱོགས་བཞུགས་ཤེས་ལྡན་འཛུམ་དཀར་ཅིས་མི་བཞད།
དེ་མིན་ཆགས་སྡང་ལྷོ་སྤྲིན་འཁྲུགས་པ་ལས།
འོང་བའི་ངན་བྱུས་ཝུ་དཀར་སྤུངས་དྲགས་ན།
བློ་གྲོས་པད་མོ་བཞད་པའི་འཆད་ར་ཡང་།
མི་ཁ་ཤྭ་འོད་ཤུགས་ཀྱིས་འདེད་ལ་ཉེ།
རིག་པའི་སྟ་རེས
ཐུགས་རྗེ་ཆེ་ལགས། སྒུག་ཆོག
བཀའ་དྲིན་ཆེ་་་་་་་མཉམ་དུ་བསྐྱོད་ཨ།