སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྗེས་དྲན།
[ 2013/9/1 13:19:00 | By: ལྷ་གཡག་དར་མ། ]
 
 
 
Re:རྗེས་དྲན།
[ 2013/9/16 23:20:44 | By: qiongmuwei ]
 
qiongmuweiབཀའ་དྲིན་ཆེ། མུ་ཝེར་ནས།
 
 
Re:རྗེས་དྲན།
[ 2013/9/3 9:16:02 | By: boncute ]
 
boncuteགྲོགས་པོས་སྐད་ཡིག་ལ་བཟུང་བའི་སེམས་འདུན་དེ་ནི་དབུས་ཀྱི་མི་གཞན་དག་དང་ཐུན་མོང་མ་ཡིན་པ་ཞིག་ཏུ་རུང་བས། ཕྱི་ཐག་ཅན་གྱི་གྲོགས་པོས་ནམ་ཡང་བརྩོན་པ་མི་ལྷོད་པར་མ་ཟད་གཞས་ཚིག་དང་སྙན་རྩོམ་སོགས་གང་ཡག་ཐོན་པར་སྙིང་ནས་རེ། ང་ནམ་ཡང་ཁྱོད་ཀྱི་ཀློག་པ་པོ་དང་པོའི་གྲས་ནས་མི་འབུད། གངས་ཐིག་གིས།
 
 
Re:རྗེས་དྲན།
[ 2013/9/2 16:57:03 | By: སྐུ་མགྲོན་1iy4Dp(སྐུ་མགྲོན) ]
 
སྐུ་མགྲོན་1iy4Dp(སྐུ་མགྲོན)བཀའ་དྲིན་ཆེ། ཁྱུང་ནས།
 
 
Re:རྗེས་དྲན།
[ 2013/9/1 15:53:53 | By: danzengyixi ]
 
danzengyixi


གོང་གི་བརྙན་གཟུགས་དེའི་ནང་ཡི་གེ་ཅུང་ཆུང་འདུག་པས་སླར་ཡང་
སྤེལ།
ལྷ་གཡག་དར་མས།
 
 
Re:རྗེས་དྲན།
[ 2013/9/1 15:52:37 | By: danzengyixi ]
 
danzengyixi
ཁྱུང་ཡུལ་གྱི་སྒྲོན་མེ། གཟིམས་པ་སྔ་སོང་།

ཟླ་སྤྲུལ་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་གཤེཌ་པའི་རྗེས་དྲན།

ཚིག བསྟན་འཛིན་ཡེ་ཤེས།
དབྱངས། ཀུན་དགའ་ཚེ་བརྟན།
གཞས་པ། བསོད་ནམས་ཡེ་ཤེས།

དུས་ངན་འཚུབ་རླུང་རྒོད་ཀྱང་། །
དུས་རབས་འཕོ་འགྱུར་མཚར་ཡང་། །
བསླབ་ཁྲིམས་སྲོག་ལྟར་གཅེས་ནས། །
ཀུན་གྱི་མིག་དཔེར་འོས་པའི།།
རྒྱལ་སྲས་གཟིམས་པར་སྔ་སོང་། །

རང་དོན་ཐོས་སྒོམ་ཉམས་ལེན།།
གཞན་དོན་འཆད་རྩོད་རྩོམ་གསུམ།།
བདག་ལས་གཞན་གཅེས་འཛིན་མཁན།།
སྐྱེས་ཆེན་གཟིམས་པ་སྔ་སོང་། །
རང་ཡུལ་ཁྱུང་པོ་ལུང་པའི།།
འདི་ཕྱིའི་རེ་དོན་བཅོལ་གནས།།
སྙིང་རྗེའི་འོད་ཀྱིས་ཕྱུག་ཅིང་།།
སྨག་རུམ་མུན་པ་སེལ་བའི།།
སྒྲོན་མེ་གཟིམས་པ་སྔ་སོང་།།

བསྟན་པར་ཤ་ཞེན་ཆེ་བས། །
ཤེས་ལྡན་གོང་དུ་བཀུར་ཞིང་། །
བུ་སློབ་གསོ་སྐྱོང་གནང་མཁས་།།
དྲིན་ཆེན་གཟིམས་པ་སྔ་སོང་། །

ཟུར་བཟའི་བསམ་བློ་བྲལ་ཞིང་། །
གཞན་འབྱོར་འགྲན་སེམས་དབེན་པ། །
མཐོ་པོར་ངོས་དགའ་མེད་ལ་། །
ནུས་མེད་ཉམས་ཆུང་སྐྱོང་མཁན།།
བླ་མ་གཟིམས་པ་སྔ་སོང་། །

གནས་སྐབས་གཟུགས་སྐུའི་བཀོད་པ།།
བོན་ཉིད་དབྱིངས་སུ་བསྡུས་ཀྱང་།།
ཡང་སྤྲུལ་ཉི་མ་གཞོན་ནུ།།
མགྱོགས་མྱུར་འཆར་བའི་རེ་སྨོན།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.