སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རང་ཉིད་ལ་བསླབ་བྱ་བྱེད་པ།
[ 2013/3/19 14:18:00 | By: ལྷ་གཡག་དར་མ། ]
 

རང་ཉིད་ལ་བསླབ་བྱ་བྱེད་པ།

གཞན་ལ་མ་འཕྱ་རང་ཉིད་བསོད་ནམས་དེ་ཉམས་འགྲོ།།
རང་བསྟོད་མ་བྱེད་གཞན་གྱི་མི་ཁ་ཡིས་མནར་འགྲོ།།

གཞན་ཆོས་མ་སྨོད་སྤུན་ཟླའི་སེམས་པ་དེ་སྣད་འགྲོ།།

རང་ལུགས་ཡང་དག་ཡིན་མིན་རང་ཉིད་ཀྱིས་མ་ཤོད།།

གཞན་སེམས་མ་དཀྲུག་སྡིག་པའི་གཞི་མ་རུ་གྲུབ་བོ།།
རང་རློམ་མ་ཆེ་ཁོ་ཡི་མིག་ལམ་དུ་མི་མཛེས།།

གཞན་ནོར་ཧམ་ཤེད་མ་བྱེད་ཐོབ་པ་ནི་དཀོན་ནོ།།
རང་ལྟ་མཆོག་གྱུར་ཡིན་མིན་གནས་ལུགས་དེ་འཚོལ་དགོས།།

གཞན་རིགས་སྡུག་ཅེས་མ་ཟེར་མི་གཞི་ལ་གནོད་འགྲོ།།
རང་ཚུགས་རི་བོ་ལྟ་བུ་སྲ་ཞིང་དུ་བརྟན་དགོས།།

གཞན་གྱི་ཟེར་སྒྲོས་མ་འབྲངས་རང་ཉིད་ཀྱིས་དཔྱོད་དགོས།།
རང་ཉིད་ལྷན་སྐྱེས་གནས་པའི་རིག་པ་དེ་འཕྲུལ་དགོས།།

གཞན་གྱི་རིག་གནས་མ་དོར་ཤེས་ནས་ཀྱང་རྒྱན་རེད།།
རང་རིག་ཞེན་པ་ལོས་ཡོད་བླང་དོར་དེ་ཤེས་དགོས།།

གཞན་འབྱོར་མ་སྨོན་རང་གི་རྩོལ་བ་ཡིས་སྒྲུབ་ཆོག །
རང་མགོན་རང་ཉིད་ཡིན་པའི་གནས་ལུགས་དེ་རྟོགས་དགོས།།

གཞན་ལ་མཐོང་ཆུང་མ་བྱེད་མཐུན་སྒྲིལ་དེ་གལ་ཆེ།།
རང་ཉིད་གཞན་ལས་རྒྱལ་རུང་ཆོག་ཤེས་ཤིག་ཡོད་དགོས།།

གཞན་གྱིས་ངོ་དགའི་འཛུམ་མདངས་སྐད་ཆ་ལ་གཟབ་དགོས།།
རང་ངོ་རང་གིས་མཐོང་བའི་མེ་ལོང་ལ་བལྟ་དགོས།།

གཞན་ལ་རེ་བ་མ་ཆེ་འགྲུབ་པར་ནི་དཀའ་འོ།།
རང་ལས་རང་གིས་འགྲུབ་ན་མི་བུ་ཡི་དོན་གོ །

གཞན་ལ་རང་ཉིད་ཡོད་པའི་ཤེས་ཡོན་དེ་སློབ་དགོས།།
རང་དོན་གཅིག་པུ་མིན་པར་སྤྱི་སེམས་ལ་རེམས་དགོས།།

གཞན་གྱི་སྒེག་ཉམས་མ་དད་ཁྱོད་ལ་ཡང་ཡོད་དོ།།
རང་གིས་རང་ལ་ཡིད་ཆེས་བརྟན་པོ་ཞིག་ཡོད་དགོས།།

གཞན་གྱི་བདག་པོ་བྱས་པའི་བཟའ་ཟླ་ལ་མ་འགྲོགས།།
རང་ཉིད་དགའ་བའི་གངས་དཀར་ལྷ་མོ་དེ་ཐོན་སྲིད།།

གཞན་གྱི་བྱ་སྤྱོད་འགྲོ་འདུག་མི་མཐུན་པ་མཐོང་ན།།
རང་ཉིད་དེ་འདྲ་ཡོད་མེད་དོག་འདྲི་རེ་བྱ་དགོས །།

མི་བུ་འགའ་རེས་མཐོང་ན་དོན་མེད་དུ་བཞག་རུང་།།
མི་བུ་འགའ་རེས་མཐོང་ན་དགོས་མེད་ཅེས་བཤད་ངེས།།
ཡང་ན་རེ་འགས་མི་བུ་སེམས་ཆུང་རེད་ཤོད་ཆོག །
ཡང་ཞིག་འགའ་ཡིས་མི་བུ་ནུས་མེད་ཅེས་བརྗོད་སྲིད་།།
སྣང་མཐོ་འགའ་ཡིས་ཆོ་མེད་སྐད་ཆ་རུ་བརྩི་རུང་།།
རང་གིས་རང་ལ་བརྟག་ཞིབ་བྱེད་པ་ཙམ་ཡིན་པས།།
རང་མཉམ་སྐྱེ་བོ་འགའ་ལ་བསྐུལ་མ་ཡི་ཚུལ་དུ།།
ལྷ་གཡག་དར་མའི་ངུར་སྒྲ་ཆུང་ཆུང་དེ་ཡིན་སྲིད།།

2013.315ཉིན







 
 
Re:རང་ཉིད་ལ་བསླབ་བྱ་བྱེད་པ།
[ 2013/3/23 22:57:00 | By: boncute ]
 
boncuteསྒྲ་རྒྱན་གྱིས་ཤན་བྱུགས་པའི་སྙན་ངག་དགའ་ས་ཞིག་བྲིས་ཡོད་འདུག་་གྲོགས་པོས་མུ་མཐུད་དུ་འབྲི་རོགས་་་་་གངས་ཐིག་གིས།
 
 
Re:རང་ཉིད་ལ་བསླབ་བྱ་བྱེད་པ།
[ 2013/3/20 0:56:38 | By: སྐུ་མགྲོན་MQHt3W(སྐུ་མགྲོན) ]
 
སྐུ་མགྲོན་MQHt3W(སྐུ་མགྲོན)སྙན་པོ་བྲིས་འདུག་ལགས་ད་དུང་་ཡིན་གདའ
ཡུན་རུ་པས །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.