སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མ་ཡུམ་སློབ་གླིང་། །
[ 2012/6/25 18:53:00 | By: ལྷ་གཡག་དར་མ། ]
 

      མ་ཡུམ་སློབ་གླིང་། །  

 

     

སྙིང་ནས་བརྩེ་བའི་བཤེས་གཉེན་རྣམས་དང་བློས་ཐུབ་གྱི་སློབ་གྲོགས་

འགའ་དྲན་རྟེན་དུ་ཕུལ།

 

་མད་སུམ་ཅུ་ཡི་གྱེར་དབྱངས་སྙན་ས། །

མ་ཡུམ་སློབ་གླིང་སྟེ་གསོ་རིག་སློབ་ཆེན། །

་དོན་ཀུན་མཚུངས་ཀྱི་བཤེས་གཉེན་མང་ས། །

ཤེས་བརྩོན་ཟུང་འབྲེལ་གྱི་བློ་གསར་འདུ་གནས། །

་བུར་ལ་སོགས་ཏེ་བཟང་དྲུག་ངོས་འཛིན། །

ནད་ཅན་འགྲོ་བ་ཡི་དཔུང་གཉེན་སྐྱོང་གནས། །

་དང་ཁྱོད་ཕྱོགས་ཀྱི་དབྱེ་བ་བྲལ་ཞིང་། །

ཕུགས་འདུན་དམིགས་ཡུལ་གྱིས་རང་གཅེས་གཞན་བཀུར། །

 

་ཅོ་ལབ་གླེང་གི་ཉི་མ་མི་བསྐྱལ། །

སྲོལ་རྒྱུན་རིག་གནས་ཀྱི་གཙོ་བོ་འཛིན་ནས།

་རྐྱེན་གང་འཛོམས་ཀྱི་དེང་རབས་ཟུར་བརྒྱན། །

གནའ་དེང་ཟུང་འབྲེལ་གྱིས་ཕྱུག་པའི་སློབ་གླིང་། །

་འོ་འདྲེས་པ་ལྟར་དགེ་སློབ་མཐུན་སྒྲིལ། །

རྒན་བཀུར་གཞོན་གཅེས་ཀྱིས་ལམ་བཟང་ཡག་འགི །

་ཉུང་མཉམ་བསྲེས་ཀྱི་འགོས་ནད་ཉུང་བས། །

རང་སྐད་གཙང་མ་དེ་གོ་དུས་སྙན་བྱུང་། །

 

་ཐ་ག་ཏ་ཡི་བསྟན་ལ་དད་ཅིང་། །

འགྲོ་བ་ནད་ཅན་ཚོའི་མགོན་སྐྱབས་འབྱུང་གནས། །

་ཆད་སྒོ་གསུམ་གྱི་བྱ་སྤྱོད་དབེན་པ། །

སྨན་པའི་རྒྱུ་དྲུག་དེ་སྦྱངས་བའི་གྲུབ་འབྲས། །

་རེས་ལུས་རྟེན་འདི་རྙེད་པའི་དགོས་པ། །

འགྲོ་སའི་ཁ་ཕྱོགས་དེ་མ་ནོར་དགའ་ཡོད། །

་ཚ་ཟུག་རྔུ་ཡི་སྡུག་ལས་བཀྲོལ་མཁན། །

འཚོ་བྱེད་དུ་མ་ཞིག་གསོ་སྐྱོང་གནང་འདུག། །

 

་ཕ་ལྟ་བུ་ཡི་བཤེས་གཉེན་བསླབ་བྱ། །

སེམས་པའི་གཏིང་རུམ་ན་ནམ་ཡང་ལྷང་ངེར། །

་ཡུལ་གངས་ལྗོངས་ཀྱི་ཐུན་མིན་རིག་གནས། །

བོད་ལུགས་གསོ་རིག་གི་བསྟན་པ་དར་ས། །

་གླང་ལྟ་བུ་ཡི་ཤེས་རྨོངས་ང་ཚོར། །

ཤེས་རིག་བག་མ་དེ་སྤྲད་པ་ཡག་བྱུང་། །

་ནོར་ལམ་སྟོན་གྱི་བཀའ་སློབ་རེ་རེས། །

མི་ཚེའི་སྙིང་པོ་ལ་དྲོད་ཀྱིས་ཁེངས་སོང་། །

 

་རིའི་གནས་སྐོར་ལྟར་བཟོད་སྲན་སྒོས་ནས། །

ཉིན་མཚན་དབྱེར་མེད་ཀྱིས་ཐོས་བསམ་དུས་འདའ། །

་གྲང་དབྱེ་འབྱེད་ཀྱི་གདམས་ངག་དག་ནི། །

ནམ་ཡང་བརྗེད་མེད་ཀྱི་གསུངས་བཅུད་དྭངས་མ། །

་ཡའི་གསུང་རབས་ཀྱི་ནང་དོན་བཀྲོལ་མཁན། །

ཐུན་མིན་རིག་གནས་ཀྱི་རིན་ཐང་ཤེས་ས། །

་ལེར་རྗེས་རབས་ཚོར་དམིགས་དཔེ་ལྟ་གནས། །

མེས་པོ་དམ་པ་རྣམས་བཀའ་དྲིན་ཆེ་འོ། །

 

་བཞིན་སྤྱི་གཙུག་ཏུ་བཀུར་འོས་དགེ་རྒན། །

བྱམས་བརྩེ་འོད་སྟོང་གིས་གང་སར་ཁྱབ་འདུག །

་རྔམ་འཐུང་རྔམ་གྱི་དྲི་མ་བྲལ་བས། །

སྐྱེ་བོ་གང་མང་གིས་མཐེ་བོང་སྒྲེང་འདུག །

་ཅད་འུ་ཐུག་གི་སྐྱེ་བོ་དག་ལ། །

ཁ་མིན་སེམས་གཏིང་གི་རོགས་སྐྱོར་ཡག་འགི །

་རབས་མེས་པོ་ཡི་སྲོལ་རྒྱུན་རྒྱུད་འཛིན། །

མ་ཉམས་གོང་འཕེལ་དུ་རེམས་པས་དགའ་ཡོད། །

 

ྭ་ལྟར་གྱོན་པོ་ཡི་གཤིས་སྤྱོད་བྲལ་བས། །

སློབ་གྲོགས་དམ་པ་འགའི་ཀུན་སྤྱོད་བཟང་གི །

་རྒྱའི་སྟོང་གཏམ་དེ་ཁ་ནས་མི་ཤེས། །

དོན་གྱི་དམིགས་ཡུལ་དེ་གཏད་ས་ལེགས་འདུག །

་ཁྲག་གདོས་བཅས་ཀྱིས་གྲུབ་པའི་ལུས་འདིས། །

ཉེས་པ་འཕེལ་ཟད་ཀྱི་བརྟག་བཅོས་སྦྱོང་གནས། །

་སྟེང་སྐྱེ་འགྲོ་ཚོའི་ཟུག་རྔུ་བཀྲོལ་མཁན། །

འཚོ་བྱེད་སྨན་པ་ཞེས་ཐོས་དུས་དགའ་བྱུང་། །

 

་ཅང་དུག་རྒྱལ་གྱི་དངུལ་ཆུ་ལྟ་བུ། །

ཚད་ལྡན་སྨན་སྦྱོར་གྱིས་བདུད་རྩི་ངོ་མ། །

་རོགས་བུ་ཞིག་གིས་རྒྱང་རིང་ཡུལ་ནས། །

བརྩེ་བའི་སློབ་གླིང་དེ་དྲན་པའི་གདུང་བ། །

་ཅང་བརྡ་དག་དང་སྙན་ངག་དབུལ་རུང་། །

སེམས་ཀྱི་གཏིང་རུམ་ནས་བཞུར་བའི་ཁྲག་ཐིག །

་ཁུ་ཤེས་ལྡན་ཚོས་སྣ་གཉེར་མ་བྱེད། །

རང་འདྲའི་དྲྭ་འབུ་ཚོས་ཡིག་སྙིགས་མ་སྤུངས། །

 

༢༠༡༢ལོའི་ཟླ་༦པའི་ཚེས་༢༥ཉིན་ཆབ་མདོ་རུ་བྲིས། །

  

 

 
 
Re:མ་ཡུམ་སློབ་གླིང་། །
[ 2012/6/30 19:01:48 | By: སྐུ་མགྲོན་otk7Na(སྐུ་མགྲོན) ]
 
སྐུ་མགྲོན་otk7Na(སྐུ་མགྲོན)གཅེས་ཤིང་དམར་བའི་ལུས་ཟུངས་འཇིབ་པའི། ཕྲ་དང་རགས་པའི་ནད་ཀྱི་ཟུག་ངུ།
སྨན་གྱི་སྦྱོར་བས་སེལ་བར་མཛད་པའི།
འཚོ་བྱེད་བསྟན་ཡེ་སེམས་ལ་དྲན་པས།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་སྦུབས་ནས།
དགའ་དང་གུས་པའི་གླུ་ཞིག་ལེན་འདོད།
བདག་ལུས་དྭངས་གཙང་ཀུ་ཤུ་ཐོག་ལ།
མི་འདོད་ཆམ་རིམས་འབུ་ཡིས་ཟོས་དུས།
ཁྱེད་ཀྱི་བྱམས་བརྩེའི་ཞལ་སྒོ་ནང་ནས།
ནད་ཀྱི་དང་པོ་མ་ཞུ་བ་དང་།
སྨན་གྱི་དང་པོ་ཆུ་ཁོལ་ཡིན་སོགས།
ཁ་ཏ་བསླབ་བྱའི་མེ་ཧྲོག་སྤུངས་དེས།
བདག་སེམས་སྦྲང་འཁྱམ་ཁྱེད་ཕྱོགས་བསུས་སོང་།སླད་མར་བདག་ལུས་ནད་ཀྱི་མནར་དུས།
རེ་བ་ཐོག་མ་ཁྱེད་ལ་སྒུག་རྒྱུའི།
ཆོད་སེམས་བརྟན་པོ་དེ་གར་བཞག་ནས།
ཕ་གཞིས་གྲོང་འབེལ་ཕྱོགས་སུ་བསྐྱོད་ཡིན།
ཁ་རྩང་བདེ་སྐྱིད་གྲོང་ལམ་གཤགས་སྐབས།
ཀི་ཀོ་ཞེས་པའི་དབྱངས་ཞིག་ཐོས་པ།
ཨེམ་རྗེ་བསྟན་ཡེ་ཆབ་མདོར་སོང་ནས།
སླར་ཡང་སྨན་སྦྱོར་ཟབ་སྦྱོང་མཛད་སྐད།
དེ་སྐད་གཏམ་སར་ཉན་ཡག་བྱས་ཏེ།
ངོ་མ་ང་ཡི་རེ་འབྲས་འགྲུབ་ཅེས།
ཁེར་གཏམ་ལབ་བཞིན་རྫོང་ཐོག་འཁྱམ་ཡིན།

སྟེང་ཆེན་སློབ་འབྲིང་སློབ་བྱོལ་བ་ཚངས་སྲས་མ་ནས་ཕུལ།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
འདིར་ཕེབས་པའི་དྲྭ་གྲོགས་ཁྱེད་ནི། །
མིང་ངོ་མ་འདི་གར་མེད་པས། །
སུ་ཡིན་མིན་གསལ་པོ་མ་ཤེས། །
གོང་ཁྱེད་ཀྱི་བཞག་པའི་མཆན་ལ། །
བསམ་གཞིགས་ཕྲན་བུ་རེ་བྱས་ན། །
ཁྱེད་ངེད་གཉིས་ཕན་ཚུན་བར་ལ། །
རྒྱུས་མངའ་རེ་ཡོད་པའི་སྣང་ཚུལ། །
ཁྱེད་ཀྱི་སེམས་ཁོང་ནས་བརྡོལ་བའི། །
མ་བཅོས་པ་སེམས་ཀྱི་གླུ་དེ། །
ངའི་རྣ་བར་ཤིན་ཏ་སྙན་བྱུང་། །
ཡག་བྱུང་ཡ་བདག་གི་གྲོགས་པོ། །
རིག་གཞུང་གི་རྨང་གཞི་ཞན་ཞིང་། །
ལག་ལེན་གྱི་མྱོང་བ་དབེན་པའི། །
ང་ལྟ་བུ་ཡི་སྐྱེ་བོ་དག་ལ། །
སྨན་པ་ཡི་མིང་ཆེན་ཁུར་དུས། །
ངོ་ཚ་ལས་གང་ཡང་མི་འདུག །
ཡིན་ན་ཡང་ལོ་ངོ་མང་པོར། །
གོང་བཤེས་གཉེན་དམ་པའི་བཀའ་སློབ། །
རང་ཉིད་ཀྱི་ཤེས་བྱར་འབད་བརྩོན། །
བདག་ལུས་ལ་ཅུང་ཟད་ལྡན་ཚེ། །
ནུས་གང་ཡོད་ལོས་ཀྱང་འདོན་དགོས། །
ཁམས་ཆབ་མདོ་ནོར་བུའི་གླིང་ན། །
ནད་ཅན་ཚོ་སྲོག་སྐྱོབས་གནང་སའི། །
བོད་སྨན་རྩིས་ཁང་ཞེས་བྱ་བའི། །
རང་ལུགས་ཀྱི་གསོ་བ་རིག་པའི། །
བརྟག་བཅོས་གཙོ་བོ་རུ་འཛིན་ནས། །
དེང་ལུགས་གསོ་རིག་གི་གཞོགས་འདེགས། །
གཞུང་ལག་ལེན་ཀུན་ལ་མཁས་པའི། །
སྨན་པ་ཚོའི་ལག་རྩལ་ཆེ་ས། །
སྨན་གཡོག་མའི་རྣམ་འགྱུར་ཡག་ས། །
ཉིན་དགུ་བཅུ་ལྷག་གི་རིང་ལ། །
གནས་འདི་ནས་ཤེས་བྱ་གང་མང་། །
ཅུང་ཟད་རེ་ཐོབ་པ་དེ་ཚོ། །
ཁྱེར་ཡོང་ནས་ནད་ཅན་དག་གིས། །
ཟུག་རྔུ་ལས་ཐར་བའི་རེ་སྨོན། །
སྐབས་དེ་དུས་འཁྱམ་པོ་ངེད་གཉིས། །
བྱང་སྤུ་ཐོག་མཚོ་ཡི་འགྲམ་དུ། །
དཀར་འོ་མ་མཉམ་རོལ་བྱེད་ལ། །
མཐའ་ཡས་པའི་སྤང་ལྗོང་སྔོན་མོའི། །
སྒེགས་མཉམ་དེ་མཉམ་ལྟ་བྱེད་ལ། །
སེམས་དགའ་སྡུག་ངོ་བོ་མཚོན་བྱེད། །
ཚིག་ལེགས་པའི་སྙན་ངག་མཉམ་ཀློག། །








 
 
Re:མ་ཡུམ་སློབ་གླིང་། །
[ 2012/6/30 1:01:51 | By: jisay ]
 
jisayགྲོགས་ལྷ་གཡག་དར་མ་ལགས།
ཧུར་བརྩོན་གྱིས་དང་སང་ཉིན་གྱི་སྙན་ངག་གི་གར་སྟེགས་ནི་ང་ཚོའི་རྐང་འོག་གི་གར་སྟེགས་ཅི་ལ་མིན། ང་རྒྱལ་དེའི་དབང་གིས་ང་ཚོའི་སེམས་ཀྱི་བདེ་སྡུག་སྨྱུག་རྩེར་ལུད་ནས་སེམས་ཀྱི་འདས་མ་ད་གསུམ་གྱི་སེམས་འགྱུ་ཡོད་ཚད་གླུ་རུ་ལེན་ཡ།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
རྒན་ལགས་སྐྱིད་སྲས་ལགས་ཕེབས་པར་དགའ་ཡོད།
མུ་མཐུད་ནས་ཕེབས་ཤོག
 
 
Re:མ་ཡུམ་སློབ་གླིང་། །
[ 2012/6/25 22:56:51 | By: སྐུ་མགྲོན་1JAl1P(སྐུ་མགྲོན) ]
 
སྐུ་མགྲོན་1JAl1P(སྐུ་མགྲོན)བསྟན་འཛིན་ཡེ་ཤེས་ཟེར་བ་ལགས་ཀྱི་ཟིན་བྲིས་ནམ་ཡང་བཀླགས་ནས་ཡོད། རྩོམ་ཡིག་བཀླགས་པ་ལས་ཁྱེད་ཀྱི་རང་གཤིས་རྟོགས་ཡོད། གཤིས་ཀ་དེ་ལ་ང་ཡང་ཧ་ཅང་མོས་པ་ཡོད།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
བཀའ་དྲིན་ཤིན་ཏུ་ནས་ཆེའོ། ད་དུང་མི་འདང་ས་མང་པོ་ཡོད་ངེས་པས་དག་བཅོས་ཡོད་ན་དེ་བས་ལེགས།
མཐར་ཁྱེད་ཀྱི་བྱ་བ་མཐའ་དག་ཡར་ངོས་ཟླ་ལྟར་འཕེལ་སྨོན་འདུན་ཞུའོ། །
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.