ཤ་བཟའ་ཁྲག་འཐུང་སྤོང་།
|
སྙིང་ཉེ་བའི་སྤུན་ཟླ་རྣམས་པ་ལགས།
ང་ཚོ་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་རུ་འབོད་པ་ཞིག་མ་ཡིན་ནམ།
སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་མཁན་ཞིག་མ་ཡིན་ནམ།
མཆོག་གསུམ་གཙུག་ཏུ་བཀུར་ཞིང་འགྲོ་བ་མ་གྱུར་ནམ་མཁས་ཁྱབ་པའི་
སེམས་ཅན་ཐམས་ཅད་རང་གི་མ་རུ་མ་གྱུར་པ་མེད་ཅེས་དེ་ཚོ་ལ་འཚེ་བ་བྱེད་མི་ཉན་ཞེས་བརྗོད་པ་མ་ཡིན་ནམ།
རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཚོས་གལ་སྲིད་ཁྱོད་ཀྱིས་སྐྱེ་བ་འདིར་སེམས་ཅན་ཞིག་གི་སྲོག་གཅིག་བཅད་ན་
སྐྱེ་བ་རྗེས་མར་སྲོག་ལན་ལྔ་བརྒྱ་འཇལ་དགོས་ཀྱི་འདུག་ཞེས་པའི་ཞལ་གདམས་
དེ་ལ་ཁྱོད་དང་ང་ཐེ་བའི་བསམ་གཞིགས་དང་ལག་ལེན་ག་ཚོད་བྱེད་མྱོང་ངམ།
ཁ་ནས་མ་ཏྲི་དང་མ་ཎི་འདོན་བཞིན་ཤ་རིགས་བཟའ་རྒྱུ་མང་ཉུང་ནས་རྒྱུ་འབྱོར་བ་ཆེ་ཆུང་བཤད་པ་དེ་
ཆོས་ལྡན་གངས་ཅན་ལྗོངས་ཀྱི་མིང་དོན་དང་མཚུངས་སམ།
ལོ་རེའི་འདུག་ཆུས་ཟེར་བཞིན་སྒོར་མོ་ཁྲི་ཕྲག་མང་པོ་དམར་ཟས་ལ་བརྗེ་ཞིང་། ཤ་ཞིམ་བཙོག་གི་དབྱེ་བ་འབྱེད་དུས་ཁྱོད་ཀྱི་ལུས་ནས་
ཤ་ལྷེབ་ཙམ་བཀོག་སྟེ་གཞན་གྱིས་བྲོ་བ་མྱོང་དུ་འཇུག་པའི་བློས་གཏོང་ཕོད་དམ།
དེ་ལས་ཀྱང་ཁྱོད་ཀྱི་ལུས་ལ་ཁབ་རྩེ་འདྲ་ཐུག་ཙམ་བྱུང་བཟོད་སྲན་མི་ཐུབ་པ་སྨྲེ་ངག་འདོན་ཤོར་དུས།
གཞན་གྱི་སྲོག་དབུགས་བཅད་དུས་ཀྱི་སྡུག་བསྔལ་དང་ཟུག་གཟེར་ལ་བསམ་བློ་བཏང་ཨི་མྱོང་ངམ།
མི་དང་དུད་འགྲོའི་མིང་ཙམ་དང་ཁ་ནས་སྐད་ཆ་བཤད་ཤེས་མིན་མ་གཏོགས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་
མ་བུ་བར་གྱི་བརྩེ་དུང་སོགས་ནི་མི་དང་གཅིག་མཚུངས་ཡིན་པ་ང་དང་ཁྱོད་ཀྱི་བསམ་བློ་བཏང་མྱོང་ངམ།
ལོ་རེའི་ཞག་མ་༣༦༠ནང་ཉིན་ག་ཚོད་ཙམ་ཞིག་ལ་དམར་ཟས་མ་ཟོས་པའི་དུས་ཚོད་ཞིག་ཡོད་དམ།
ང་དང་ཁྱོད་ཀྱི་ལག་པ་བྲང་སྟེང་དུ་བཞག་ནས་རེ་རྩིས་རེ་རྒྱོབ་དང་།
ཁྱོད་ཀྱིས་ང་རང་ཉིད་ཀྱི་ཚེ་སྲོག་དེ་གཅེས་སྤྲས་དགོས་ཞེས་ཅུང་ཙམ་མ་བདེ་དུས་སྨན་པར་བསྟེན་པ་
སྐུ་རིམ་ཞབས་བརྟན་སྒྲུབ་ནས་མི་འཆི་བའི་ཐབས་ལ་རེ་དུས། གཞན་སེམས་ཅན་ཚོའི་སེམས་ནང་འཆི་བར་
མི་སྐྲག་པའམ་དགའ་མཁན་སུ་ཞིག་ཡོད་པ་བསམ་བློ་རེ་གཏོང་མྱོང་ངམ། |
|
|
|
|
|
|
|
|
|
|
|
|
|
|
1
སྨྲ་ཤེས་དོན་གོ་བའི་སྐྱེ་བོ་ཚོ། ཁྱེད་ཚོ་དམར་ཟས་ལ་དགའ་དྲགས་པས་ངེད་མ་བུ་གཉིས་ཀྱི་སྲོག་དབུགས་འདི་ལྟར་ཤོར་ཐལ།
2
གནས་གང་བཟང་རིན་མེད་ཀྱི་རྩྭ་ཆུ་རོལ་བཞིན།
ད་ལྟའི་བར་བདག་པོ་ཁོ་ལ་དཀར་འོ་མ་སོགས་ཀྱི་ནུས་ཚོད་ཀྱི་རོགས་རམ་བྱས་ཀྱང་གློག་བུར་དུ་
ཁྲེལ་མེད་ཀྱི་མི་དེས་ངའི་བྱང་ཁོག་ནང་གི་ཁྲག་དེ་འདི་ལྟར་བཏོན་ཐལ།
འདི་སུས་ཞིག་གིས་ང་གནང་བའི་སྡུག་བསྔལ་རེད་ཡཱ།
3
ངའི་སྐེ་ལ་བཤའ་གྲི་དེ་བསྣུན་ཐེངས་གཅིག་གིས་ཟུང་ཁྲག་དེ་རྒྱང་ལ་བཏོར་སོང་།
སྐབས་འདིའི་ཟུག་གཟེར་དང་སྡུག་བསྔལ་གྱི་མིག་ཆུ་དེ་ཟུང་ཁྲག་དང་འཐིམས་སོང་།
4
དེང་དུས་ཀྱི་སྣང་མཐོ་དང་རྒྱུ་ཆེན་ཚོ། ཁྱེད་ཚོའི་གོང་ཆེན་སྤྲད་པའི་དངོས་རྫས་དག་ཉོ་དུས་
ངེད་ཚོའི་ལུས་ཐོག་གི་སྡུག་བསྔལ་འདི་ལྟ་བུ་ཁྱེད་ཀྱི་བཟོད་སྲན་ཐུབ་བམ་གྲོགས་པོ་ལགས།
5
མ་གཞི་ང་ནི་ཟ་གཉལ་གཉིས་ལ་ཤིན་ཏུ་དགའ་ཀྱང་ངའི་ཚེ་སྲོག་འདི་གཅོད་དུས་ཤིན་ཏུ་ནས་སྡུག་བསྔལ་དང་ན་ཟུག་ཆེ་གི །
6
ང་ཚོའི་གྲོགས་པོ་དང་ཕུ་ནུ་མིང་སྲིང་ཚང་མ་བསད་སོང་། དེ་འདྲའི་སྡུག་བ་ལ། དེ་འདྲའི་སྐྱོ་བ་ལ་ཨང་།
7
སྙིང་ཉེ་བའི་སྐྱེ་བོ་ལགས།
ང་ཚོའི་སྲོག་དབུགས་འདི་ལྟར་ཤོར་དུས་ཁྱེད་ཀྱི་ཤ་ཁྲག་བཟའ་བཏུང་འདི་ཉིན་རེ་བཞིན་ཉུང་དུ་གཏོང་ཐུབ་ཀྱི་འདུག་གམ།
8
མ་གཞི་ང་ཚོ་གཟུགས་གཞི་ཆུང་རུང་། སེམས་ནང་དགའ་སྐྱིད་ལ་རོལ་འདོད་པས་བསམ་བློ་ཐོང་།
9
དམར་ཆུང་སེམས་ཀྱི་དྲན་པ་འདི་བཙན་གྱིས་འདོན་དུས་ཟུག་གཟེར་ལ་བཟོད་གླགས་མི་འདུག་་་་་་་བརྩེ་བའི་གྲོགས་པོ་ལགས།
10
ལུས་པོ་འདི་ཕྱེད་ཤག་བཏང་སོང་། བརྩེ་བའི་ཕ་མ་སྤུན་མཆེད་ཚོ་ང་སྐྱོབས་རོགས་་་་་་་་ང་སྐྱོབས་རོགས་་་་་་་་་་
11
བསླུ་མེད་མཆོག་གསུམ་དམ་པས། བར་དོའི་འཇིགས་པ་ཀུན་ལ་སྐྱབས་ནས་མཐར་འོད་མིན་བདེ་བ་ཆེན་པོའི་ཞིང་དུ་སྐྱེལ་རོགས། །
12
ཆུང་ནས་ད་བར་དུ་འདྲིས་པའི་སྐྱེ་བོ་ཚོ། ཁྱེད་ཀྱི་བསམ་བློ་ཞིབ་མོར་ཞིག་གཏོང་རོགས།
ངའི་ཚེ་སྲོག་འདི་བཅད་པའི་སྡུག་བསྔལ་དང་། ཕ་མ་སྤུན་མཆེད་ཚོ་ལ་འཕྲེང་བའི་སེམས་པ་
སོགས་ཀྱིས་ནང་སྲོག་དབུགས་ཆད་ཀྱང་ཁྲ་ཆུང་མིག་འདི་གཉིས་མཆིལ་མས་ཁེངས་བཞིན་
ཁྱེད་ཚོས་ཤ་ཁྲག་གི་བཟའ་བཏུང་འདི་ཉུང་དུ་གཏོང་རྒྱུའི་རེ་སྒུག་གི་ཀློང་ནས་བལྟས་ཡོད།
13
ཁྱེད་ཀྱིས་བྱ་ཤ་རྐང་ཆུང་དེ་བཟའ་དུས་ང་ཚོའི་བུ་ཕྲུག་ཚོ་མགོན་མེད་དྭ་ཕྲུག་ལུས་པ་བསམ་གཞིགས་ཤིག་གཏོང་རོགས། །
ཤ་རུས་རྒྱུད་གཅིག་ནས་མཆེད་ཅིང་སྐྱབས་གནས་དཀོན་མཆོག་གསུམ་ལ་དད་ཡུལ་དུ་འཇོག་པའི་གྲོགས་པོ་ཚོས་ཤ་ཁྲག་གི་བཟང་བཏུང་དེ་ཚེ་གང་བོར་སྤོང་རྒྱུ་དང་། མཐའ་ན་ཟླ་རེའི་ནང་ནས་ཟླ་ཕྱེད་ཙམ་སྤོང་གང་ཐུབ། དེ་ལྟར་མ་བྱུང་ན་ཚེས་བཟང་དུས་བཟང་ལྟ་བུ་ལ་སྤང་ཐུབ་ན་སེམས་ཅན་མང་པོ་ཞིག་སྲོག་ཉེན་ལས་སྐྱབས་ཐུབ་པ་ནི་མིག་མཐོང་ལག་ཟིན་རེད། ད་རེའི་ས་ག་ཟླ་བ་ལྟ་བུ་ཟླ་གཅིག་ལ་འཛེམ་ཐུབ་ན་ཅི་འདྲའི་དགའ་འོས་པ་ཞིག་རེད།
མ་གཞི་ཤ་ཁྲག་འདི་ཟ་ཆེ་ན་མིའི་ལུས་པོ་ལ་ཕན་པ་ལས་གནོད་པ་ཆེ་བ་སྨན་གཞུང་ནང་གསུངས་པས་འདིར་ཡིག་ཚོགས་མང་དུ་དོག་པས་དེ་ཙམ་བྱ།
དགེ་བ་ལ་ང་ཁོ་ཡི་ཕྱོགས་རིས་མེད་པས། ཚང་མས་སྲུང་གང་ཐུབ་བྱས་ན་བཟང་།
གསལ་བཤད། གོང་གི་པར་རིས་དག་དྲྭ་གྲོགས་ཤིག་གི་QQ(ཁེའུ་ཁེའུ)བར་སྟོང་ནས་ནང་འདྲེན་བྱས་པ་ཡིན།