ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/5 19:28:00 | By: ཁྱུང་གསེར་ཞུན། ]
 

          ༧ ཐེངས་བཞི་པའི་ཨ་དཀར་དུང་སྒྲུབ་ཆེན་མོ།

 

                          ༧ སྒྲུབ་ཞུགས་རྣམས་ནས་བཀའ་སློབ་ཉན་པ།

 

                 དེ་ཡང་༧དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔལ་ལྡན་སྨིན་གྲོལ་གླིང་དུ་༧རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོའི་བསྟན་སྲིད་སྤྱི་དང་ཕྱོགས་བཅུ་རབ་འབྱམས་གང་ན་སུ་བཞུགས་པའི་བསྟན་དང་འགྲོ་བའི་དཔལ་མགོན་རྣམས་ཀྱི་ཞབས་པད་ཡུན་དུ་བརྟན་པ་དང་།  ཡངས་པའི་ས་ཆེན་ཀུན་ཏུ་ནད་མུག་དུས་འཁྲུག་སོགས་ཞི་ཞིང་རིས་མེད་ལུས་ཅན་ཡོངས་ཀྱི་འདི་ཕྱི་གཉིས་ཀའི་ལེགས་ཚོགས་ཡོན་ཏན་ཡིད་བཞིན་འགྲུབ་པའི་དགོས་དམིགས་སོགས་ལ་ལྟོས་ཏེ་དགོན་འདིའི་ཐེངས་བཞི་པའི་ཨ་དཀར་དུང་སྒྲུབ་ཆེན་མོའི་སྒྲུབ་པ་དེ་བཞིན་བོད་རབ་མཛོད་ཆུ་སྦྲུལ་ལོའི་དབོ་ཟླའི་ཚེས་༡༨ནས་༢༥བར་དད་ལྡན་ལྷ་སྡེ་སྟོང་ཕྲག་ལྷག་ཙམ་དང་སྤུ་རྒྱལ་རིག་སློབ་ཁང་གི་འདུས་པ་རྒྱ་མཚོ་རྣམས་ལྷན་དུ་འཚོགས།  

           

                  ༧ ཚོགས་ཞུགས་དད་ལྡན་རྣམ་པ།

 དེ་ཡང་སྔ་སྲོལ་ལྟར་གྱེར་འདོན་གཅིག་པུ་མ་ཡིན་པར་དུས་བབ་དང་ཁོར་ཡུག་གི་གནས་སྟངས་དང་འབྲེལ་བར་དགོན་གྱི་མཁན་སློབ་རྣམ་པས་ལུགས་གཉིས་དང་འབྲེལ་བའི་བཀའ་སློབ་ཉིན་ལྟར་ཐེངས་གསུམ་རེ་དང་།  ཉིན་མཚན་གཉིས་ཆར་བོན་སྒྲ་རྒྱུན་མི་ཆད་པའི་ངན་སོང་དོང་སྤྲུག་དབྱངས་ལ་བསྐྱོན། 

 

                ༧ རིག་པའི་དགྱེས་མཆོད་བཤམས་པ།

     ཟུར་དུ་སྤུ་རྒྱལ་རིག་སློབ་ཁང་གི་བཤད་གྲྭ་བ་རྣམས་ནས་གཞུང་ཆེན་ཁག་ལས་འཕྲོས་པའི་འཆད་རྩོད་རིག་ལམ་གྱི་མཆོད་སྤྲིན་ཟབ་མོ་རྩ་གསུམ་རྒྱལ་བའི་ཚོགས་དང་དད་ལྡན་བསྟན་སྦྱིན་རྣམ་པའི་སྤྱན་ལམ་དུ་བཤམས་པ་བཅས་གནས་བསྡུས་སུ།  གནས་ཚུལ་མཁོ་འདོན་པ་སྒྲུབ་པའི་གཙོ་སྐྱོང་མཁན་ཁྱུང་གསེར་ཞུན་ནས། 

 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/8/29 16:06:51 | By: ཁྱུུང་མུ་ཝེར།(སྐུ་མགྲོན) ]
 
ཁྱུུང་མུ་ཝེར།(སྐུ་མགྲོན)དགའ་བསུ་ཚད་མེད་ཞུ། གུས་པ་ཁྱུང་མུ་ཝེར་ནས།
 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/23 9:06:07 | By: སྐུ་མགྲོན་230Ner(སྐུ་མགྲོན) ]
 
སྐུ་མགྲོན་230Ner(སྐུ་མགྲོན)ཨ་དཀར་དུང་སྒྲུབ་བྱས་པ་འདི། །བསྟན་པ་རྣམ་པར་དག་པའི་དགེ །ངང་མོ་རྩོད་ལ་འདུ་བ་ཡང་། །ཤེས་རིག་གདར་ཤ་ཆོད་པས་ལེགས། །སྐྱ་སེར་ལྷན་དུ་འདུས་སྡོད་ན། །གྲོང་དང་དགོན་ལ་ཁྱད་མི་འདུག །བདག་མེད་བོན་ལ་དད་འདུན་གྱི། །སྤོབས་པ་ཆེ་ན་དགེ་བ་འཕེལ། །དབྱར་རྔ་བས།
 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/11 21:15:54 | By: སྐུ་མགྲོན་1HXk05(སྐུ་མགྲོན) ]
 
སྐུ་མགྲོན་1HXk05(སྐུ་མགྲོན)རྒན་གསེར་ཞུན་ལགས་ཐུགས་རྗེ་ཆེ། ངོ་མ་མཛད་རྗེས་བཟང་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ་ཤེས་རབ་སྙིང་པོ་ནས་
 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/8 12:04:29 | By: སྐུ་མགྲོན་s85Are(སྐུ་མགྲོན) ]
 
སྐུ་མགྲོན་s85Are(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆིབས་གཅིག་ཏུ་ཞུ་ཚང་སྨིན་གྲོལ་གླིང་གི་བཤད་སྒྲུབ་སློབ་གྲོགས་ཡོངས་ལ་འཚམས་འདྲི་ཞུ་ཞུ།། ཞེས་ཚེ་དབང་བློ་གསལ།།།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
༧རྒན་ཚེ་དབང་བློ་གསལ་མཆོག་ནས་རྣམ་དཀར་དགེ་བར་ཡི་རངས་དང་སློབ་གླིང་འདུས་སྡེར་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག གང་ཉིད་ཀྱང་ཐུགས་ཀྱི་དགོངས་བཞེད་ཐ་དག་བཀྲ་ཤིས་ཁ་དགེའི་ངང་འགྲུབ་པའི་ཤིས་སྨོན་ཡང་ཞུ་བཞིན་ཡོད།
 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/8 10:05:09 | By: སྐུ་མགྲོན་t85Bsf(སྐུ་མགྲོན) ]
 
སྐུ་མགྲོན་t85Bsf(སྐུ་མགྲོན)བཀའ་དྲིན་ཆེ་དགེ་བ་ངོམས་ནོ་ཧྲ་གི་
 
 
Re:ཨ་དཀར་དུང་སྒྲུབ་ཆེན་མོ།
[ 2013/4/6 21:00:10 | By: tibetmonk ]
 
tibetmonkབཀྲ་ཤིས་བདེ་ལེགས།
རྒན་གསེར་ཞུན་མཆོག་ལགས།
གནས་ཚུལ་མཁོ་འདོན་གནང་བར་ཐུགས་རྗེ་ཆེར་ཞུ་བ་ལགས།
མུ་མཐུད་ནས་སྤེལ་བར་དགའ་བསུ་ཞུ།
ཞེས་རིན་སྤུངས་ནས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.