ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གཡག་བཤས་དགུ་ཡི་སྲོག་བསླུས།
[ 2012/9/21 14:55:00 | By: ཁྱུང་གསེར་ཞུན། ]
 

                 ༄༅།། གཡག་བཤས་དགུ་ཡི་སྲོག་སྐྱབས་པ།།  

 

 

           ཉེ་ཆར་སོག་རྫོང་ཁྲི་རུ་ཤོག་ཁག་ནས་ཡིན་པའི་བཤས་ཚོང་ཞིག་གིས་སྟེང་ཆེན་རྫོང་གི་རྒྱ་ལག་ཏུ་འཚོང་རྒྱུའི་གཡག་པོ་དགུ་དཔའ་བརྡའི་ས་ནས་བརྒྱུད་དེ་འགྲོ་སྐབས་དཔའ་བརྡའི་དད་ལྡན་སེར་སྐྱ་དུ་མ་ནས་མཉམ་འབྲེལ་ཐོག་གཡག་བཤས་དགུ་པོའི་སྲོག་བསླུས་འདུག   དེ་ཡང་གཡག་པོ་དེ་རྣམས་ལོ་ན་ཆུང་བ་འབའ་ཞིག་སྟེ།  སོ་བཞི་དང་སོ་དྲུག་ཙམ་ཡིན་ལ་ཁོ་ཚོས་ཟེར་བ་ལ་སྟེང་ཆེན་བཤས་རྭར་བེའུ་ཆུང་དང་ཡར་རུ་ཚོང་ཡང་ཉོ་མཁན་ཡོད་པས་འདི་རྣམས་དེ་ཙམ་ཆུང་བ་མིན་ཟེར།  གང་ལྟར་གཡག་རེ་ལ་སྒོར་ཉིས་སྟོང་ལྔ་བརྒྱ་ཙམ་བྱས་ཏེ་ཉོས་པ་རེད།  དེའི་མ་རྩ་གེ་ནང་གི་དད་སྦྱིན་སྨན་རྒྱལ་ནས་ཞུ་དགོན་དུ་ཞི་ཁྲོ་འཚོགས་རྟེན་སྒོར་ཁྲི་གཅིག་འབུལ་འཆར་ཡོད་པ་དེ་གློ་བུར་བཤས་ཚོང་དེ་དང་ལམ་དུ་འཕྲད་སྐབས་ཁོ་བོར་ཁ་པར་བཏང་སྟེ་འདི་འདྲའི་སྲོག་བསླུ་ཞིག་བྱེད་རྒྱུ་འདུག་པས་སྒོར་མོ་དེ་དག་གིས་སྲོག་བསླུ་བྱས་ན་ལེགས་སམ་ཟེར་བྱུང་།  རང་གིས་ཀྱང་ཨོ་དེ་ཡག་པོ་རེད།  ཁྱོད་གཅིག་པུས་གཡག་དེ་རྣམས་ཉོ་མི་ཐུབ་ཀྱང་གཞན་ལ་ཡང་ཞལ་འདེབས་སློང་ནས་དེ་བཞིན་སྲོག་བསླུ་གྱིས་ཞེས་བསྐུལ་བ་ཡིན།  དེ་ལྟར་སྐྱ་སེར་མང་པོ་ཞིག་ནས་ཞལ་འདེབས་༼ཞིབ་ཕྲ་རྗེས་སུ་ཞུ་རྒྱུ་ལགས།༽གནང་བ་ལྟར་མཐར་གཡག་དགུ་པོ་ཉོས་སྟེང་ད་དུང་སྒོར་ཁྲི་ཁ་ལྷག་ཅིག་བྱུང་འདུག  དེ་མ་རྩ་བྱས་ཏེ་ལོ་བསྟར་བཤས་རྭར་ཚུད་པའི་སེམས་ཅན་གང་ཞིག་སྲོག་བསླུ་བྱ་རྒྱུའི་གྲོས་འཆམ་ཡང་བྱུང་སོང་།

    

    

   ༧ གཡག་པོ་རྣམས་རྣ་དར་དང་དར་ཁ་སྒྲོན་པ།

  

                                                            རེ་བར་ང་ཚོ་ཚང་མས་སྲོག་བསླུ་དང་ཤ་ཁྲག་གི་ཁ་ཟས་གཏན་སྤང་མ་ཐུབ་རུང་ཚོདའཛིན་ཅི་ནུས་རེ་བྱུང་ན་ཅིས་ཀྱང་དགེ་མཚན་ཆེ་བས་དེ་ལུགས་སྐྱབས་འཇུག་མ་ཆུང་ཞུ། པར་འདི་དག་རང་ཉིད་ལག་རྩལ་བྱང་ཚད་ཀྱི་དབང་གིས་ལེགས་པོ་བྱུང་མ་སོང་རུང་དགོངས་ཁྲེལ་མེད་པར་མཁྱེན།                                                                 

 

                                                                      གནས་ཚུལ་སྤེལ་བ་པོ་བསྟན་རྣམ་ནས།

 
 
Re:གཡག་བཤས་དགུ་ཡི་སྲོག་བསླུས།
[ 2012/10/14 18:25:18 | By: སྐུ་མགྲོན་GLCn16(སྐུ་མགྲོན) ]
 
སྐུ་མགྲོན་GLCn16(སྐུ་མགྲོན)ཡག་པོ་རེད་འདུག་ཐུགས་རྗེ་ཆེ་།
 
 
Re:གཡག་བཤས་དགུ་ཡི་སྲོག་བསླུས།
[ 2012/9/24 19:43:05 | By: སྐུ་མགྲོན་1ja4DQ(སྐུ་མགྲོན) ]
 
སྐུ་མགྲོན་1ja4DQ(སྐུ་མགྲོན)ཚེ་ཐར་སྲོག་བསླུ་བྱས་པར་ཡི་རངས་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.