ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཁྱུང་ཡུལ་གྱི་དགོན་སྡེ་དང་རི་ཁྲོད
[ 2011/12/3 17:54:00 | By: ཁྱུང་གསེར་ཞུན། ]
 

ལེའུ་གཉིས་པ། དགོན་སྡེ་དང་རི་ཁྲོད་ཀྱི་སྐོར།

༧ཐེག་ཆེན་གཡུང་དྲུང་བོན།

ཆུ་ལུང་དགོན། སྔར་སྒང་རུ་བྱང་དུ་ཡོད་པའི་དགོན་པ་ཅིག

ན་གཡང་དགོན། སྔར་སྒང་རུ་བྱང་དུ་ཡོད་པའི་དགོན་པ་ཅིག

སྒང་རུ་སྒྲ་རྒྱལ་དགོན། སྒང་རུ་བྱང་དུ་ཡོད་པའི་དགོན་པ་ཞིག་སྟེ།  དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་

༼༡༩༥༧༽ལོར་བཏབ།

རྨ་རོང་གཡུང་དྲུང་ལྷ་བྲག་གླིང་། རྨ་རོང་དུ་ཡོད་པའི་དགོན་པ་ཞིག་སྟེ། དབྲ་ཁྱུང་ནམ་མཁའ་རིན་ཆེན་གྱིས་༼༡༣༩༠༽ལོར་བཏབ།

ཁྲོམ་ཚང་དགོན་གཡུང་དྲུང་ཀུན་གྲགས་གླིང་། ཁྲོམ་ཚང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཁྲོམ་རྗེ་རྣམ་

རྒྱལ་གྲགས་པས་༼༡༨༤༥༽ལོར་བཏབ།

རྒོད་ལུང་རི་ཁྲོད། ཁྲོམ་ཚང་དུ་ཡོད་པའི་རི་ཁྲོད་ཅིག ༢ གཡེག་པོ་རྭ་བར་རྒྱབ་ཏུ་ཡོད་པའི་རི་ཁྲོད་ཅིག

གཡའ་མ་རི་ཁྲོད། ཁྲོམ་ཚང་སེང་ཐང་རི་བོའི་ངོས་སུ་ཡོད་པའི་རི་ཁྲོད་ཅིག

བོན་ཟེའི་རི་ཁྲོད། ཁྲོམ་ཚང་འགག་གོང་དུ་ཡོད་པའི་རི་ཁྲོད་ཅིག

དཀོན་ཆེན་བྲག་དཀར་རི་ཁྲོད། འགག་གོང་དཀོན་ཆེན་ནང་དུ་ཡོད་པའི་རི་ཁྲོད་ཅིག

ཡོལ་སྟོད་རི་ཁྲོད། ཡོལ་སྟོད་དུ་ཡོད་པའི་རི་ཁྲོད་ཅིག

ཞུ་ཚང་དགོན་སྨིན་གྲོལ་གླིང་། དཔའ་བརྡར་ཡོད་པའི་དབང་ལྡན་ཞུ་ཡི་གདན་ས་ཞིག་སྟེ། ཞུ་བསྟན་འཛིན་གྲགས་པས་༼༡༦༥༢༽ལོར་བཏབ།

འབྲས་རག་ཞུ་ཚང་དགོན། སྔོན་འབྲས་རག་༼འདྲེ་དག་ཀྱང་ཟེར།༽ཏུ་ཡོད་པའི་བོན་དགོན་ཞིག་སྟེ། འདི་སྔ་མོ་དཔའ་བརྡའི་ཞུ་དགོན་གྱི་དགོན་ལག་ཡིན་ལ་རིག་གསར་ཡས་མས་ནས་དགོན་པ་གཏོར་བཤིག་དང་བོན་སྡེ་རྣམས་དགེ་ལུགས་སུ་བསྒྱུར། ད་ལྟ་གནས་འདིར་བོན་གྱི་རྡོ་འབུམ་འགའ་དང་དགོན་གྱི་ཤུལ་ཙམ་ཡོད།

རྟོགས་ལྡན་རི་ཁྲོད། བརྡ་ཕུ་དལ་མཚོའི་གོང་དུ་ཡོད་པའི་ཧོར་ནག་རྟོགས་ལྡན་ཤེས་རབ་རྒྱལ་མཚན་བཞུགས་

སའི་རི་ཁྲོད་ཅིག

བརྡ་ཕུའི་རི་ཁྲོད། བརྡ་སྟོད་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་རྗེ་བཙུན་བྱང་པ་དང་། རྟོགས་ལྡན་གཡུང་དྲུང་

རྒྱལ་མཚན། མཁའ་འགྲོ་སྨོན་ལམ་སྒྲོལ་མ་སོགས་བཞུགས།

བྲག་རྩ་རི་ཁྲོད། སྤོ་ནང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་མཚམས་པ་སྨོན་ལམ་བཟང་མོ་དང་། བཟང་ཆུང་། གླ་

བ་དོན་དགའ་། བཟོད་པ་དབང་མོ། ཞུ་བཙུན་ཚུལ་ཁྲིམས་སོགས་བཞུགས།

ཆུ་རུས་རི་ཁྲོད། བརྡ་སྨད་ཆུ་རུལ་ལུང་དུ་ཡོད་པའི་རི་ཁྲོད་ཅིག

མ་ཏྲི་ཕུག་པ།  གཡེག་པོ་རྭ་བར་གྱི་རི་རྒྱུད་དུ་ཡོད་པའི་སྒྲུག་ཕུག་ངོ་མཚར་ཅན་ཞིག

མཚམས་ཁང་ཁ། གེ་ནང་དུ་ཡོད་པའི་རི་ཁྲོད་ཅིག

སྐུ་འབུམ་ཉི་ཤར་དགོན། གཤེར་ནང་དུ་ཡོད་པའི་དགོན་པ་ཞིག་སྟེ། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་དུས་

རབས་༼༡༨༽པའི་ནང་དུ་བཏབ།

རེ་ནེ་དགོན། ཟམ་ཞིག་ཏུ་ཡོད་པའི་དགོན་པ་ཞིག་སྟེ། སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་༼༡༧༩༦༽ལོར་བཏབ།

གཡུ་ཕུག་རི་ཁྲོད། ཟམ་ཞིག་ཏུ་ཡོད་པའི་རི་ཁྲོད་ཅིག

མཁར་སྤུངས་དགོན། ག་ངས་སུ་ཡོད་པའི་དགོན་པ་ཞིག་སྟེ། ཚུལ་ཁྲིམས་མཚོ་མོས་༼༡༧༤༥༽ལོར་བཏབ།

ག་ངས་དགོན། སྔར་ག་ངས་ཁར་ཡོད་པའི་དགོན་པ་ཞིག

ཅང་རི་དགོན། སྤུ་ནང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཞུ་བླ་མ་བསྟན་འཛིན་དང་། རྨ་རུ་བསྟན་སྐྱོང་གཉིས་ཀྱིས་

དུས་རབས་༼༡༩༽ནང་ཙམ་དུ་བཏབ།

སྔོ་ཡི་རི་ཁྲོད། སྤུ་སྨད་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་མཛོ་བྱ་བྲལ་སོགས་བཞུགས།

ཀེའུ་ཚང་ཉི་མ་རང་ཤར། མཁར་སྤུངས་དགོན་གྱི་གཡོན་ངོས་སུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་དཔོན་ཚང་

ཐེག་མཆོག་སོགས་བཞུགས།

ལྷ་སྐུ་འགྲིག་རི་ཁྲོད། ག་ངས་ཁའི་ཡར་ངོས་སུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་རྣལ་འབྱོར་ཚུལ་དགའ་རིན་པོ་ཆེ་སོགས་བཞུགས།

བདེ་ལྡན་སྒྱེའུ་ལུང་། ངས་སྨད་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་རྣལ་འབྱོར་ཀུན་དགའ་དབང་ལྡན་སོགས་

བཞུགས།

ངས་པ་མར་ཁུ་དགོན། ངས་གཞུང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཕུན་ཚོགས་བློ་གྲོས་ཀྱིས་༼༡༨༣༤༽ལོར་

བཏབ།

གཡུང་དྲུང་ཀུན་འདུས་གླིང་ ངས་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། བཟོད་པ་རྒྱལ་མཚན་གྱིས་བཏབ།

གཡུ་ལུང་རི་ཁྲོད། ག་རེའི་གཡུ་ལུང་ནང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་རིས་ཚ་ཨོ་དྭངས་སོགས་བཞུགས།

སྒ་རུ་རི་ཁྲོད། གོ་སྡོམ་གཉིས་ཀྱི་བར་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། ག་ཤེལ་གཡུང་དྲུང་རྒྱལ་མཚན་གྱིས་དུས་རབས་༼༢༠༽པའི་ནང་དུ་བཏབ།

བླ་ཤག་གཡུང་དྲུང་སྨིན་གྲོལ་གླིང་། སྔ་མོར་ག་ཐའི་བླ་ཤག་ཁར་ཡོད་པའི་དགོན་པ་ཞིག

ཤར་གྲོལ་སྨིན་གླིང་དགོན། ག་ཐའི་ཤྭ་འདྲར་ཡོད་པའི་དགོན་པ་ཞིག་སྟེ། ཤེལ་ཞིག་སྐལ་བཟང་གྲགས་པས་

༼༡༥༣༠༽ལོར་བཏབ།

ཤྭ་འདྲ་རི་ཁྲོད། ག་ཐའི་ཤྭ་འདྲར་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་གཡུང་དྲུང་དབང་ལྡན་སོགས་བཞུགས།

རོང་ཁྱིམ་ཕུག་མོ་ཆེ། ག་ཐའི་སྒང་རུར་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་ཨ་འཚོ་ཀུན་དགའ་རྒྱལ་མཚན་སོགས་

བཞུགས།

སྐྱིལ་ཀྲུང་རི་ཁྲོད། སྒང་རུར་ཡོད་པའི་རི་ཁྲོད་ཅིག་སྟེ། ཤར་རྫའི་རྒྱལ་ཚབ་ལུང་རིགས་རྣམ་དག་གིས་བཏབ།

ག་ཡི་ད་ཡོལ་དགོན། སྔར་ག་ཐའི་གཡུ་མཚོའི་ཤར་ངོས་སུ་ཡོད་པའི་དགོན་པ་ཞིག

གཡུ་མཚོ་དགོན། ག་ཐའི་གཡུ་མཚོའི་ཟུར་དུ་ཡོད་པའི་དགོན་པ་ཞིག་སྟེ། སངས་རྒྱས་གླིང་པས་༼༡༤༤༡༽ལོར་

བཏབ།

རྐྱང་ལུག་རྭ་དགོན། རྐྱང་སྟོད་བྲག་ལྷས་ཁར་ཡོད་པའི་དགོན་པ་ཞིག་སྟེ། མཁན་ཆེན་ཉི་མ་དབང་རྒྱལ་གྱིས་དུས་རབས་༼༢༠༽པའི་ནང་དུ་བཏབ་ཅིང་བེན་རུ་མཚམས་པ་བསམ་གཏན་ཚུལ་ཁྲིམས་སོགས་ཀྱིས་བསྐྱངས།

རྨུ་ལྷ་ལུང་དགོན། རྨུ་གཞུང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་གྱིས་༼༡༩༤༨༽

ལོར་བཏབ།

ལྟག་ལུང་རི་ཁྲོད། རྨུ་སྟོད་དུ་ཡོད་པའི་རི་ཁྲོད་ཅིག

གཡམ་བྱ་ཆེན་དགོན། གཡམ་གཞུང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཤེལ་ཞིག་སྐལ་བཟང་གྲགས་པས་༼༡༩༤༠༽ལོར་བཏབ།

མར་སྟེང་རི་ཁྲོད། གཡམ་སྨད་དུ་ཡོད་པའི་རི་ཁྲོད་ཅིག

བྱ་ཆེན་ལྷ་ཁང་། གཡམ་གཞུང་བྱ་ཆེན་ནང་དུ་ཡོད་པའི་མཚམས་ཁང་ཞིག

འབོ་དར་རྡིས་དགོན། འབོ་གཞུང་དུ་ཡོད་པའི་དགོན་པ་ཞིག

འབོ་ཇོ་རི་ཁྲོད། འབོ་ཇོར་ཡོད་པའི་རི་ཁྲོད་ཅིག

ཟེ་སྣའི་རི་ཁྲོད། འབོ་གཞུང་ཟེ་བ་སྣར་ཡོད་པའི་རི་ཁྲོད་ཅིག་སྟེ། བླ་ཁྲི་རྒྱལ་བ་གཡུང་དྲུང་གིས་གནས་གཞི་གཟིགས་ཤིང་འབྲོང་པ་ཆོས་འབྱུང་གིས་བཏབ།

རུ་ཐ་ངང་ཚང་དགོན་གཡུང་དྲུང་བསྟན་གྲགས་གླིང་། རུ་གཞུང་དུ་ཡོད་པའི་དགོན་པ་ཞིག་སྟེ། གོ་

སེ་སྤྲུལ་སྐུ་རིན་ཆེན་རྒྱལ་མཚན་གྱིས་༼༡༩༡༨༽ལོར་བཏབ།

ཤེལ་ཕྲུག་རི་ཁྲོད།  སྒང་གསུམ་འབྲོང་ཚ་ནང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། དེང་མཚམས་པ་དཀར་པུ་སོགས་

བཞུགས།

ཚ་ནེ་དགོན། རུ་བ་ཉིན་དུ་ཡོད་པའི་དགོན་པ་ཞིག་སྟེ། ཨ་ལུང་མཚམས་པས་དུས་རབས་༼༡༩༽པར་བཏབ།

བྱ་ཟེ་ཡང་རྫོང་དགོན། གསེར་ཚའི་བྱ་ཟེ་རི་ངོས་སུ་ཆགས་པའི་དགོན་པ་ཞིག་སྟེ།  སྤྲུལ་སྐུ་བློ་ལྡན་སྙིང་པོས་

༼༡༣༥༤༽ལོར་བཏབ།

གནམ་དྭངས་རི་ཁྲོད། གསེར་ཚའི་གནམ་དྭངས་སུ་ཡོད་པའི་རི་ཁྲོད་ཅིག

ཕུག་ལེབ་རི་ཁྲོད། གསེར་ཚའི་ཟངས་བྲག་རིན་ཆེན་འབར་བར་ཡོད་པའི་རི་ཁྲོད་ཅིག་སྟེ། ཤེལ་ཞིག་གཡུང་དྲུང་

རྒྱལ་པོས་བཏབ་ཅིང་རྗེས་སུ་གང་དགའ་རིན་པོ་ཆེ་དང་། རྣལ་འབྱོར་བ་མི་ཤིགས།  འཁོར་འདས་རང་གྲོལ་སོགས་

བཞུགས།

ཕུག་ལེབ་དགོན། གསེར་ཚའི་སྒར་ཁང་དུ་ཡོད་པའི་དགོན་པ་ཞིག་སྟེ། དབང་ཆེན་གྲགས་པས་དུས་རབས་༼༡༥༽

པར་བཏབ།

གཡུ་བཀྲ་ལྷ་སྟེང་དགོན། གསེར་ཚའི་སྒང་གསར་ཁར་ཡོད་པའི་དགོན་པ་ཞིག་སྟེ། ཤེལ་ཞིག་གཡུང་དྲུང་རྒྱལ་

པོས་བཏབ།

མར་རྫོང་དགོན། གསེར་ཚའི་འབུ་ཚབ་ཏུ་ཡོད་པའི་དགོན་པ་ཞིག་སྟེ། ཁྱུང་པོ་རྨ་སྐུ་ཞབས་ཀྱིས་༼༡༧༩༤༽ལོར་

བཏབ།

རི་དམར་སྐལ་བཟང་གླིང་། གསེར་མདོའི་རི་དམར་མགུལ་དུ་གནས་པའི་དགོན་པ་ཞིག་སྟེ། ཤེལ་ཞིག་དབུ་

དཀར་གྱིས་༼༡༥༧༠༽ལོར་བཏབ།

སྒང་རུ་དར་རྒྱས་དགོན། གསེར་རུའི་སྒང་རུར་ཡོད་པའི་དགོན་པ་ཞིག་སྟེ། དགེ་རིན་ཆེན་ཚུལ་ཁྲིམས་ཀྱིས་

༼༡༨༣༤༽ལོར་བཏབ།

སྔོ་ཕུག་རི་ཁྲོད། གསེར་མདོའི་རྒྱབ་རི་སྔོ་ཕུག་ཏུ་ཡོད་པའི་རི་ཁྲོད་ཅིག་སྟེ། སེམས་ཉིད་རྒྱལ་མཚན་གྱིས་༼༡༩༤༥༽ལོར་བཏབ།

ཕུག་དམར་དགོན། གསེར་མདོའི་ནུབ་ངོས་སུ་ཆགས་པའི་དགོན་པ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་རབ་བྱུང་

༼ ༦ ༽པའི་ནང་དུ་བཏབ།

སྡོང་རྫོང་རི་ཁྲོད། དཀར་སྟོད་སྡོང་རྫོང་རི་བོར་གནས་པའི་རི་ཁྲོད་དེ། ཁྲི་འོད་རྒྱལ་མཚན་གྱིས་༼༡༧༨༨༽ལོར་བཏབ། ༼འདིར་སྔོན་དུས་མཚམས་པ་སྡོང་རྫོང་ཉི་མ་རྒྱལ་མཚན་ཞེས་པ་བཞུགས་ཀྱང་ཟེར།༽

ཁྱུང་མཆུ་རི་ཁྲོད།  དཀར་སྟོད་གསའ་རུར་ཡོད་པའི་རི་ཁྲོད་ཅིག་སྟེ། སྔོན་གཤོ་ལ་བཀྲ་ཤིས་རྒྱལ་མཚན་ཞེས་པའི་མཚམས་པ་ཞིག་བཞུགས་ཟེར་ལ་ད་ལྟ་ཡང་དེའི་བྲག་རྩེར་མཆོད་རྟེན་ཆེས་རྙིང་པ་ཞིག་ཡོད་འདུག་ཀྱང་དེར་མི་འགྲོ་ཐབས་དཀའ་བའོ།

རྟོགས་ལྡན་སྒྲུབ་ཕུག  དཀར་སྟོད་བདེ་ཆེན་ལྷ་རི་གནམ་རྫོང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ།  སྔོན་རྒྱ་བོ་རྟོགས་ལྡན་ནམ་མཁའ་འོད་ཟེར་སོགས་བཞུགས།

ཀ་ལེགས་གཡུང་དྲུང་གླིང་། དཀར་སྟོད་རྭ་ཁྲོམ་དུ་ཡོད་པའི་དགོན་པ་ཞིག་སྟེ། ཡག་སྙ་བསོད་ནམས་རྒྱལ་

མཚན་གྱིས་༼༡༣༨༡༽ལོར་བཏབ།

བསྟན་རྒྱས་གླིང་། སྔོན་སྟེང་ཆེན་ཁར་ཡོད་པའི་དགོན་པ་ཞིག་སྟེ། ཁྱུང་དཀར་བླ་རབས་རིམ་བྱོན་གྱི་གདན་ས་

ཡིན།

ཀུན་ཁྱབ་གླིང་། སྔོན་སྟེང་ཆེན་ཁར་ཡོད་པའི་དགོནཔ་ཞིག་སྟེ། དོ་ཁང་བླ་རབས་རིམ་བྱོན་གྱི་གདན་ས་ཡིན།

གསས་ཁང་བཀྲ་ཤིས་འོད་འབར། སྔོན་སྟེང་ཆེན་ཁར་སྤྲུལ་སྐུ་བློ་ལྡན་གྱིས་བཞེངས་པའི་གསས་ཁང་ངོ་

མཚར་ཅན་ཞིག

རྟེན་མཆོག་བང་བཀྲ་མ།  སྟེང་ཆེན་ཁར་ཡོད་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་བཞེངས་པའི་རྡོ་འབུམ་བྱིན་ཆེནཞིག

སྟེང་ཆེན་དགོན་གཡུང་དྲུང་བསྟན་རྒྱས་གླིང་། ཁྱུང་དཀར་བྲག་དམར་རི་འདུས་ཀྱི་མདུན་དུ་ཆགས་

པའི་དགོན་པ་ཞིག་སྟེ། ཁྱུང་པོ་ཤེས་རབ་རྒྱལ་མཚན་གྱིས་༼༡༠༦༡༽ལོར་བཏབ།

ཀུན་གྲགས་མཐོང་གྲོལ་རི་ཁྲོད། བྲག་དམར་རི་འདུས་སུ་ཡོད་པའི་མེ་སྟོན་གདན་ས་སྟེ། མེ་སྟོན་ཉི་མ་རྒྱལ་

མཚན་གྱིས་༼༡༨༤༤༽ལོར་བཏབ།

ཀོ་དགོན་བདེ་ཆེན་ཀུན་གྲགས་གླིང་། སྟེང་ཆེན་བྱང་གཞུང་དུ་ཆགས་པའི་དགོན་པ་ཞིག་སྟེ། ཁོ་རྒྱལ་ཡེ་

ཤེས་རྒྱལ་མཚན་གྱིས་༼༡༤༠༨༽ལོར་བཏབ།

ཁྱུང་བྲག་རི་ཁྲོད། སྟེང་ཆེན་བྱང་ངོས་སྨུག་པོ་རི་བཙུན་ཞོལ་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། འདིར་མཚམས་པ་

ལེགས་གྲུབ་སོགས་བཞུགས།

སྨོན་རྒྱལ་བླ་བྲང་ནོར་འཁྱིལ་གླིང་། སྟེང་ཆེན་ནུབ་ངོས་སུ་གནས་པའི་སྨོན་རྒྱལ་གདན་ས་སྟེ། སྨོན་རྒྱལ་

ནམ་མཁའ་དབང་རྒྱལ་གྱིས་༼༡༨༧༦༽ལོར་བཏབ།

རྣ་ལོང་རི་ཁྲོད། སྟེང་ཆེན་ནུབ་ངོས་རྣ་ལོང་རི་བོར་ཆགས་པའི་རི་ཁྲོད་ཅིག

གཟི་ཀེའི་རི་ཁྲོད། སྟེང་ཆེན་ལྷོ་ངོས་གཟི་ཀེའི་རི་བོར་ཆགས་པའི་རི་ཁྲོད་ཅིག

ནག་རུ་དགོན་བསམ་གཏན་གླིང་། ཁྱུང་པོ་ནག་རུར་ཡོད་པའི་ཁྱུང་ནག་གདན་སའི་དགོན་པ་ཞིག་སྟེ། ཁྱུང་པོ་གྲགས་པ་རྒྱལ་མཚན་གྱིས་དུས་རབས་༼༡༡༽པར་བཏབ།

རྫོང་སྲིབ་རི་ཁྲོད། ནག་རུར་ཡོད་པའི་རི་ཁྲོད་ཅིག་སྟེ། རིག་འཛིན་ཡབ་སྲས་གསུམ་སོགས་ཀྱི་སྒྲུབ་གནས་ཡིན།

མཎྚལ་རི་ཁྲོད། ༡ ནག་རུར་ཡོད་པའི་རི་ཁྲོད་ཅིག་སྟེ། འགྲན་བྲལ་བསོད་ནམས་རྒྱལ་མཚན་དང་།  དབལ་

འབར་སྟག་སླག་སོགས་ཀྱི་སྒྲུབ་གནས་ཡིན། ༢ གཏམ་སྟོད་དུ་ཡོད་པའི་རི་ཁྲོད་ཅིག

གཡུང་དྲུང་དཔལ་རི་དགོན། ཞེ་གཞུང་དུ་ཡོད་པའི་དགོན་པ་ཞིག་སྟེ། འགྲུ་བླ་མ་གཡུང་དྲུང་དབང་གྲགས་

ཀྱིས་༼༡༤༣༤༽ལོར་བཏབ།

དབལ་རོང་སྒྲུབ་ཕུག ཞེ་ཕུར་ཡོད་པའི་རི་ཁྲོད་སྒྲུབ་ཕུག་ཅིག་སྟེ། གྲུབ་དབང་བཟོད་པ་རིན་པོ་ཆེ་དང་། གཡུང་

དྲུང་ཡེ་ཤེས། ཁྱུང་སྤྲུལ་རིམ་བྱོན་སོགས་བཞུགས།

དྲན་པ་སྒྲུབ་ཕུག ཞེ་ཕུར་ཡོད་པའི་རི་ཁྲོད་སྒྲུབ་ཕུག་ཅིག

གསང་འདུས་སྒྲུབ་ཕུག ཞེ་ཕུར་ཡོད་པའི་རི་ཁྲོད་སྒྲུབ་ཕུག་ཅིག

སྟག་ལ་སྒྲུབ་ཕུག ༡ ཞེ་ཕུ་དབལ་རོང་དུ་ཡོད་པའི་སྒྲུབ་ཕུག་ཅིག ༢ ག་ཐའི་དབལ་བྲག་རི་ངོས་སུ་ཡོད་པའི་སྒྲུབ་

ཕུག་རི་ཁྲོད་ཅིག

ཁྱུང་རྫོང་སྒྲུབ་ཕུག ཞེ་ཕུར་ཡོད་པའི་སྒྲུབ་ཕུག་ཅིག

རྟ་མགྲིན་རི་ཁྲོད། ཞེ་ཕུར་ཡོད་པའི་རི་ཁྲོད་ཅིག

རྔ་རྡུང་བྲག་རྩ། ཞེ་ཕུར་ཡོད་པའི་རི་ཁྲོད་ཅིག

རྒྱལ་སྒོ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། བཀྲ་ཤིས་རྒྱལ་མཚན་གྱིས་༼༡༦༧༨༽ལོར་བཏབ།

བེ་སྒོ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། སངས་རྒྱས་གླིང་པས་༼༡༧༢༦༽ལོར་བཏབ།

གནམ་སྟེང་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། སྨོན་ལམ་འོད་ཟེར་གྱིས་༼༡༢༧༤༽ལོར་བཏབ།

དམུ་ཡད་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། ཤེལ་སྐུ་ཀུན་དགའ་རྒྱལ་མཚན་གྱིས་༼༡༧༩༤༽ལོར་

བཏབ།

གཤའ་ལ་རི་ཁྲོད། གཏམ་སྟོད་དུ་ཡོད་པའི་རི་ཁྲོད་ཅིག

གཡུང་དྲུང་ལྷ་རྩེ་དགོན། གཏམ་སྟོད་རྒྱས་སྲིབ་ཏུ་ཡོད་པའི་དགོན་པ་ཞིག

རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་། གནས་ཆེན་ཁྱུང་པོ་རི་རྩེ་དྲུག་ཏུ་ཡོད་པའི་དགོན་སྡེ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་༼༡༣༨༢༽ལོར་བཏབ།

ཝ་དགེ་དགོན། དཀར་སྨད་ཝ་དགེར་ཡོད་པའི་དགོན་པ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་༼༡༣༨༠༽ལོར་བཏབ།

སྦྲ་ཧོ་དགོན། དཀར་སྨད་སྦྲ་ཧོར་ཡོད་པའི་དགོན་པ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་༼༡༣༨༤༽ལོར་བཏབ།

རྟ་ཤོད་དཀྱིལ་འཁོར། རྩེ་དྲུག་རི་གཤམ་དཀྱིལ་འཁོར་ཐང་དུ་ཡོད་པའི་དཀྱིལ་འཁོར་ངོ་མཚར་ཅན་ཞིག་སྟེ།

འདི་རྟ་ཤོད་མཁའ་འགྲོ་པདྨ་མཚོ་ཡིས་བཞེངས་པར་གྲགས།

གྱིམ་ཚའི་སྐུ་གདུང་། དཀྱིལ་འཁོར་ཐང་དུ་ཡོད་པའི་ལྡེ་བོན་གྱིམ་ཚ་རྨ་ཆུང་གི་སྐུ་དམར་གདུང་བཞུགས་པའི་

མཆོད་རྟེན་དང་། གཞན་བོན་སྡེ་དུ་མའི་གཏེར་གནས་དང་སྒྲུབ་གནས་བྱིན་ཆེན་ཡང་ཡིན།

གྱིམ་ཚའི་སྒྲུབ་ཕུག དཀྱིལ་འཁོར་ཐང་གི་ཉེ་སར་ཡོད་པའི་གྱིམ་ཚའི་སྒྲུབ་ཕུག་བྱིན་ཅན་ཞིག

ལྗང་ཤོད་བོན་དགོན་གསས་གདོང་གཡུང་དྲུང་གླིང་། ལྗང་ཤོད་དུ་ཡོད་པའི་དགོན་པ་ཞིག་སྟེ། སྤྲུལ་

སྐུ་བློ་ལྡན་སྙིང་པོས་༼༡༣༨༢༽ལོར་བཏབ།

ཟླ་ཤུལ་བུམ་སྟེང་དགོན། དཀར་སྨད་ཟླ་ཤུལ་དུ་ཡོད་པའི་དགོན་པ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་

༼༡༣༨༤༽ལོར་བཏབ།

ཤིང་རོང་སྦས་ཐོ་དགོན། ཤིང་རོང་དུ་ཡོད་པའི་དགོན་པ་ཞིག་སྟེ། སྤྲུལ་སྐུ་བློ་ལྡན་སྙིང་པོས་རབ་བྱུང་༼ ༦ ༽

པའི་ནང་དུ་བཏབ།

ནགས་བར་བསྟན་རྒྱས་གླིང་དགོན། ཤིང་རོང་དུ་ཡོད་པའི་དགོན་པ་ཞིག

སྦས་ཐོ་ཐེག་ཆེན་རི་ཁྲོད། ཤིང་རོང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། ཚུལ་ཁྲིམས་རྣམ་དག་གིས་བཏབ།

བུ་བདེ་རི་ཁྲོད། ཤིང་རོང་དུ་ཡོད་པའི་རི་ཁྲོད་ཅིག་སྟེ། ཕུན་ཚོགས་བློ་གྲོས་ཀྱིས་བཏབ།

              ༧སྔ་འགྱུར་རྙིང་མ་བ།

སེང་གེ་གྲྭ་ཚང་། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། སེང་གེ་ལྕགས་མདུད་བླ་མས་དུས་རབས་༼༡༡༽པའི་

ནང་དུ་བཏབ།

རོམ་མཐོང་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། ཁྱབ་བདག་རྒྱལ་དབང་བདེ་ཆེན་རྡོ་རྗེས་༼༡༠༢༤༽ལོར་བཏབ།

གནས་ཁྲ་མོ། རོམ་ཐང་དགོན་གྱི་ཟུར་དུ་ཡོད་པའི་གནའ་བོའི་རྡོ་འབུམ་གྲགས་ཅན་ཞིག

རི་བུ་གྲྭ་ཚང་། གྱང་སྔོན་དུ་ཡོད་པའི་བླ་བྲང་ཞིག་སྟེ། རི་བུ་བླ་མས་༼༡༩༥༦༽ལོར་བཏབ།

གནམ་ལྕགས་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། གར་དབང་གནམ་ལྕགས་རྡོ་རྗེས་༼༡༥༤༢༽ལོར་བཏབ།

པ་ཊྃ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། ཀུན་དགའ་རབ་འཕེལ་གྱིས་༼༡༦༩༨༽ལོར་བཏབ།

གླེགས་བམ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། རྒྱ་སྟོན་བླ་མ་ནམ་མཁའ་རྡོ་རྗེས་༼༡༤༢༣༽ལོར་

བཏབ།

པད་གདན་དགོན། བར་རོང་དུ་ཡོད་པའི་དགོན་པ་ཞིག་སྟེ། ནག་པོ་རྒོད་འཕུར་གྱིས་བཏབ

༧རྒྱལ་བ་བཀའ་བརྒྱུད་པ།

ངང་བཟོ་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། སྟག་ལུང་པ་ཆེན་པོ་བཀྲ་ཤིས་དཔལ་གྱིས་༼༡༢༠༣༽

ལོར་བཏབ།

གསལ་སྟོང་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། གསལ་སྟོང་སྒོམ་ཤོས་༼༡༩༠༨༽ལོར་བཏབ།

ནེ་ཁྲེབ་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། སྟག་ལུང་པ་ཆེན་པོ་བཀྲ་ཤིས་དཔལ་གྱིས་༼༡༢༠༣༽ལོར་

བཏབ།

ལ་ཐོག་དགོན། ས་སྒང་དུ་ཡོད་པའི་དགོན་པ་ཞིག་སྟེ།  ཞག་གཅོད་བཀྲ་ཤིས་དཔལ་བཟང་གིས་༼༡༥༣༠༽ལོར་བཏབ།

༧རི་བོ་དགེ་ལྡན་པ།

ཚྭ་འབྲོང་དགོན། ཉིན་མོ་འུབ་པ་ཁར་ཡོད་པའི་དགོན་པ་ཞིག་སྟེ། དྲུང་དང་པོ་དཔལ་ལྡན་བཟང་པོས་༼༡༠༤༨༽ལོར་བཏབ།

ཚྭ་འབྲོང་རི་ཁྲོད། ཚྭ་འབྲོང་དགོན་གྱི་རྒྱབ་རིར་ཡོད་པའི་རི་ཁྲོད་ཅིག

གླིང་རྫོང་དགོན། གསེར་ཚའི་གླིང་ནང་དུ་ཡོད་པའི་དགོན་པ་ཞིག་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་དུས་རབས་༼༡༦༽པར་བཏབ།

བཀྲ་ཤིས་གླིང་དགོན། གསེར་ཚར་ཡོད་པའི་དགོན་པ་ཞིག་སྟེ། རྡོ་རྗེ་དྲེལ་ཆུང་གིས་༼༡༦༧༤༽ལོར་བཏབ།

མོང་རོང་དགོན། ཞེ་སྨད་དུ་ཡོད་པའི་དགོན་པ་ཞིག་སྟེ། བྱང་སེམས་ཤེས་རབ་བཟང་པོས་༼༡༤༤༡༽ལོར་བཏབ།

སྒང་ནེ་དགོན། ཞེ་སྨད་དུ་ཡོད་པའི་དགོན་པ་ཞིག་སྟེ། བྱང་སེམས་ཤེས་རབ་བཟང་པོས་༼༡༤༤༡༽ལོར་བཏབ།

དགོན་གསར་དགོན། ས་སྒང་དུ་ཡོད་པའི་དགོན་པ་ཞིག་སྟེ། མཁན་ཆེན་བསོད་ནམས་དཔལ་གྱིས་༼༡༤༤༡༽

ལོར་བཏབ།

རག་རིག་དགོན། ས་སྒང་དུ་ཡོད་པའི་དགོན་པ་ཞིག་སྟེ། མཁན་ཆེན་བསོད་ནམས་དཔལ་གྱིས་༼༡༤༤༡༽ལོར་

བཏབ།

འཆམ་རྫོང་དགོན། ས་མདོར་ཡོད་པའི་དགོན་པ་ཞིག་སྟེ། མཁན་ཆེན་བསོད་ནམས་དཔལ་གྱིས་༼༡༤༨༧༽ལོར་

བཏབ།

དེལ་མགོ་དགོན། ས་མདོར་ཡོད་པའི་དགོན་པ་ཞིག་སྟེ། བྱང་སེམས་ཤེས་རབ་བཟང་པོས་༼༡༤༨༥༽ལོར་བཏབ།

དཀྱིལ་མཁར་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། བྱང་སེམས་ཤེས་རབ་བཟང་པོས་༼༡༥༣༩༽ལོར་

བཏབ།

ཇོ་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། ཇོ་ཕ་ཤེས་རབ་ཕུན་ཚོགས་ཀྱིས་༼༡༤༤༥༽ལོར་བཏབ།

བུམ་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག་སྟེ། བྱང་སེམས་ཤེས་རབ་བཟང་པོས་༼༡༥༣༥༽ལོར་བཏབ།

རྟ་སྨད་བོན་དགོན། གྱང་སྔོན་དུ་ཡོད་པའི་དགོན་པ་ཞིག

སྐྱིད་བསམ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། རྗེ་དྲུང་ཤེས་རབ་དབང་པོས་༼༡༥༤༨༽ལོར་

བཏབ།

གྲྭ་འཕེལ་དགོན། གཏམ་སྟོད་དུ་ཡོད་པའི་དགོན་པ་ཞིག་སྟེ། རྗེ་དྲུང་ཤེས་རབ་དབང་པོས་༼༡༥༦༧༽ལོར་བཏབ།

 

 
 
Re:ཁྱུང་ཡུལ་གྱི་དགོན་སྡེ་དང་རི་ཁྲོད
[ 2011/12/9 16:59:34 | By: zhongsong ]
 
zhongsongསྐུ་ཉིད་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ུཞུ། མ་འོང་པར་ཁྱེད་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་སྨོན་འདུན་དང་བཅས་སྤྱི་ཟླ་༡༢། ཚེས་༩། ཉིན་གཡམ་དྲང་རྒྱན་པས།
 
 
Re:ཁྱུང་ཡུལ་གྱི་དགོན་སྡེ་དང་རི་ཁྲོད
[ 2011/12/3 21:29:57 | By: སྐུ་མགྲོན་HLCo26(སྐུ་མགྲོན) ]
 
སྐུ་མགྲོན་HLCo26(སྐུ་མགྲོན)ཁྱུང་གསེར་ཞུན་ལགས། འདི་ལྟར་ངོ་སྤྲོད་གནང་བ་ངོ་མ་དགའ་སོང་། སྔོན་དུ་གྲོགས་པོ་ཞིག་གིས་དགོངས་ཚུལ་གསུངས་འདུག་པ་ལྟར། ད་དུང་སྐུ་ཉིད་དགོན་སྡེ་རི་ཁྲོད་དེ་ཚོར་སྐུ་དངོས་སུ་འབྱོན་ཏེ་པར་རིས་ལོ་རྒྱུས་སྦྲགས་མ་ཞིག་རྒྱས་འབྲི་གནང་ཐུབ་ན་ཧ་ཅང་དགེ་མཚན་ཆེ། སྤྱིར་ན་བོད་ཀྱི་ཤེས་རིག་དང་དགོན་སྡེའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐོང་ཐུབ་པ་མ་ཟད་སྒོས་སུ་གཡུང་དྲུང་བོན་སྤྱི་དང་། ཡང་སྒོས་ཁྱུང་པོ་སྟེང་ཆེན་གྱི་ལོ་རྒྱུས་ལ་སྔར་མེད་ཀྱི་གསོན་ཤུགས་ཤིག་འབྱུང་ཐུབ་པ་ཡོང་བས་ཅི་ནས་ཐུགས་སུ་འདོགས་པར་ཞུ། དེ་ཡང་ལོ་རྒྱུས་འབྲི་སྐབས་དེང་སྐབས་དང་མ་འོངས་པར་དགོངས་ཕྱོགས་ལེགས་པར་བཞེས་ཏེ་མཐོ་དམན་གྲགས་ཞན་སུས་བཀླག་ནའང་ཁ་སྐད་རྣལ་མའི་ལམ་ནས་གོ་བ་ལེན་ཐུབ་པ་དང་། ལྷ་སྒྲུང་དང་བསྟོད་པ་རྐྱང་པའི་དབང་དུ་མ་སོང་བ། བརྗོད་བྱ་དགོན་སྡེ་དེའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་གང་ཞིག་ཡིན་ནའང་ངོ་སྤྲོད་དང་། ངེས་ཤེས་འདྲེན་ཐུབ་པ་ཞིག་དང་། དེང་རབས་ཚན་རིག་དང་མཐུན་པར་དགོན་སྡེ་རི་ཁྲོད་དེ་ཚོ་ཆགས་སའི་ས་བབ་ཀྱི་མཐོ་ཚད་དང་། འཁོར་ཡུག་གི་རྣམ་པ། དེ་བཞིན་རྫོང་ལྟེ་བ་བྱེད་དེ་རྫོང་ཐོག་ནས་དགོན་སྡེའམ་རི་ཁྲོད་དེའི་བར་གྱི་ས་ཐག་གི་རིང་ཚད། འགྲོ་ལམ་བཟང་ངན་སོགས་ཀྱི་གནས་བབ་ཀྱང་གསལ་ཐུབ་པ་ཞིག་ཡོད་ན་ཡག་པོ་འདུག དཔེར་ན་ཡུལ་སྐོར་བ་ཞིག་ཡིན་ནའང་དེབ་དེ་ཁུར་ནས་ཁེར་ཚུགས་ཀྱིས་གང་མཇལ་འདོད་པ་དང་། འགྲོ་འདོད་པ་ལ་སྟབས་བདེའི་ངང་བསྐྱོད་ཐུབ་པ་ཡིན། བསྟན་སྦྱིན་པས།
 
 
Re:ཁྱུང་ཡུལ་གྱི་དགོན་སྡེ་དང་རི་ཁྲོད
[ 2011/12/3 20:02:18 | By: woser ]
 
woserཁྱུང་གསེར་ཞུན་ལགས། ངོ་སྤྲོད་ཡག་མོ་ཟིག་གནང་བར་དགའ་སོང་། ཁྱེད་ཀྱིས་མ་འོངས་པར་བོན་གྱི་དགོན་སྡེ་རི་ཁྲོད་ཁྲོད་འདི་དག་གི་ལོ་རྒྱུས་རྒྱས་པ་རེ་དང་མཉམ་དུ་འདྲ་པར་འདེམས་བཀོད་ཡོད་པའི་དེབ་ཞིག་འབྲི་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.