ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༧སྙིང་གཏམ་དམར་པོ། 
[ 2011/11/27 18:13:00 | By: ཁྱུང་གསེར་ཞུན། ]
 

        ༧སྙིང་གཏམ་དམར་པོ།།

 

ཀྭ༵་ཡེ་སྙན་དབང་དར་ཙམ་ང་ལ་གསོན་དང་ཆོལ་གསུམ་སྤུན་ཟླ་རྣམས།།

ཁ༵་བ་ཅན་ཚོ་དེང་རབས་འཛམ་གླིང་མི་བུའི་གྲལ་དུ་ཚུད་འདོད་ན།།

ག༵་ས་གང་ནས་སྔོན་ཐོན་རིག་གནས་ནང་འདྲེན་བྱེད་པའི་བློ་སྤོབས་སྟེང་།།

ང༵་ཚོའི་བླ་སྲོག་ཕ་སྐད་མ་ཡིག་ཅིས་ཀྱང་མ་བརྗེད་གཞོན་སྐྱེས་ཚོ།།

 

ཅ༵་ཅོའི་གསར་དར་ཚན་རིག་ལག་རྩལ་བདུད་ཀྱི་འཕྲུལ་དུ་མི་སེམས་ཤིང་།།

ཆ༵་བཞག་ཚད་ཐུབ་སྲོལ་རྒྱུན་རིག་གཞུང་རྗེས་ལུས་གཉའ་གནོན་མི་འཛིན་པར།།

ཇ༵་དང་འོ་མའི་ངང་ཚུལ་བཞིན་དུ་གཅིག་ཕན་གཅིག་གྲོགས་སྤྱོད་ཤེས་ན།།

ཉ༵་རྒྱས་ཟླ་ལྟར་མི་རིགས་ཀུན་ལས་ཁྱད་འཕགས་བོད་ཅེས་དོན་ལའང་གནས།།

 

ཏ༵་ལེར་འགྲོ་འདྲེན་གཤེན་རབ་མཆོག་དང་བཅོམ་ལྡན་ཐུབ་པའི་དབང་པོ་ཡིས།།

ཐ༵་དད་བོན་དང་ཆོས་ཞེས་བསྟན་ཀྱང་འཚེ་མེད་ཞི་བདེའི་དོན་དུ་གཅིག།

ད༵་ལྟ་འུ་ཚོས་ང་བཟང་ཁྱོད་ནི་ངན་ཞེས་ཆགས་སྡང་སྨྲ་བ་རྣམས།།

ན༵་རག་དམྱལ་བ་མི་འདོད་ཟེར་བཞིན་དེ་རུ་སྐྱེ་བའི་གཡབ་མོ་ལགས།།

 

པ༵་སངས་ལྟར་དཀར་རིགས་མཐུན་སྤྱི་ལ་ཤ་ཞེན་ལྷག་བསམ་མི་འདོར་བར།།

ཕ༵་རོལ་གཡུལ་ལས་མཐར་ཐུག་ཞི་བདེའི་བདེན་དོན་རྟགས་མ་ལེན་པའི་ཆེད།།

བ༵་མིན་གླང་མིན་ཚོར་མེད་རྨོངས་གཉིད་རིམ་ནས་རིམ་པར་སད་བྱས་ན།།

མ༵་བུ་མཉམ་འཛོམས་ཕུགས་རེ་འགྲུབ་པའི་སྐལ་བཟང་དུས་ཤིག་ཤར་ནའང་ཐང་།།

 

ཙ༵་ཀོ་ར་ལྟར་མཐོ་འདོད་ཁོ་ནས་ཆོ་འབྲང་ཡང་སྤྲུལ་མཚན་སྙན་ལས།།

ཚ༵་གྲང་དཀའ་བ་སྤྱད་དེ་ལུང་རྟོགས་ཤེས་རིག་ནོར་བུ་མི་ལྡན་ན།།

ཛ༵་དྲག་དགོས་མཁོའི་དུས་སུ་སྤྱི་སྒེར་སུ་ལའང་མི་ཕན་བེམ་གཟུགས་ལྟར།།

ཝ༵་སྐྱེས་རྒྱལ་པོར་བཀུར་བའི་རྟུལ་ཞུགས་མི་འདོད་བཞིན་དུ་འཛིན་དགོས་འགྱུར།།

 

ཞྭ༵་གོས་ཟས་སོགས་ཉེར་སྤྱད་བཟང་པོ་ཅི་དང་ཅི་ཞིག་བདོག་ཀྱང་རུང་།།

ཟ༵་མ་མོ་བཅས་བསམ་བློའི་འཁོར་ཡུག་ལོངས་སྤྱོད་ཚད་ལྡན་མེད་གྱུར་ན།།

འ༵་འུར་ཕྱི་ཚུལ་ཙམ་ལས་དོན་དུ་གཤོག་ཡ་ཆག་པའི་བྱ་རྒོད་བཞིན།།

ཡ༵་མཚན་ཕུགས་འདུན་ཐུག་རེག་བྲལ་བའི་ནམ་མཁའི་མཚན་ཉིད་ཇི་ལྟར་གཞལ།།

 

ར༵་བ་གངས་ཀྱིས་བསྐོར་བའི་ཡུལ་དབུས་འདི་རུ་ལན་གཅིག་སྐྱེས་པའི་ཚེ།།

ལ༵་རྒྱ་རིགས་ཞེན་ཀླད་མེད་བྱ་སྒྲོ་རླུང་དང་འཕྲད་པའི་ཚུལ་འཛིན་ཞིང་།།

ཤ༵་རུས་གཅིག་པའི་ཆོལ་གསུམ་ནང་ཁུལ་དམེ་འཁྲུག་གྱོད་ཀྱིས་དུས་འདའ་བ།།

ས༵་སྟེང་མི་ལུས་ཐོབ་ཀྱང་རིན་ཐང་ས་འོག་བྱོལ་སོང་ཀླུ་བས་དམན།།

 

ཧ༵་ལམ་ཇི་སྨྲས་དོན་དང་ལྡན་པའི་ཀ་རྩོམ་སྙིང་གཏམ་དམར་པོ་འདི།།

ཨ༵་རོགས་ལེགས་བཤད་སྐོམ་པས་གདུང་ལ་གཡུ་འབྲང་བདུད་རྩི་ངོ་མ་ཡིན།།

 

༢༠༡༡་༣་༡༨ཉིན།

 

 
 
Re:༧སྙིང་གཏམ་དམར་པོ།
[ 2011/11/30 22:18:36 | By: wishfulfilling ]
 
wishfulfillingཁྱེད་ཀྱི་ཟིན་གདན་བཟུང་བ་དང་བྲིས་སྤེལ་བར་བཀྲ་ཤིས་ལེགས་ཞུ།གོ་ཐོས་སུ་ཁྱེད་ཀྱིས་གཡུང་དྲུང་བོན་ལ་ལོག་བཤད་བྱེད་མཁན་དེར་དགག་ཡིག་གཅིག་བྲིས་ཡོད་རབ་འདུག་པ་དེ་དྲ་ཐོག་འདིར་བཀོད་པའི་རེ་བ་ཞུ།
 
 
Re:༧སྙིང་གཏམ་དམར་པོ།
[ 2011/11/29 4:18:49 | By: woser ]
 
woserཁྱུང་གསེར་ཞུན་གྱིས་ཧི་བོན་ཟིན་བྲིས་སུ་གདན་ས་བཟུང་པར་མུ་ཙུག་སྨར།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
རྒན་ལགས་ནས་གུས་པ་དྲ་བར་ཞུགས་པར་ཤིས་སྨོན་གསུང་གནང་བར་ཐུགས་རྗེ།
 
 
Re:༧སྙིང་གཏམ་དམར་པོ།
[ 2011/11/28 21:46:05 | By: སྐུ་མགྲོན་K51Ri7(སྐུ་མགྲོན) ]
 
སྐུ་མགྲོན་K51Ri7(སྐུ་མགྲོན)རྒན་ལགས་སུ་འདིར་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
གུས་གཙོ་ཚུལ་ནས
 
 
Re:༧སྙིང་གཏམ་དམར་པོ།
[ 2011/11/27 18:33:24 | By: tibetmonk ]
 
tibetmonkཁྱུང་གསེར་ཞུན་ལགས་ཧི་བོན་ཟིན་བྲིས་སུ་གདན་ས་བཟུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་རྩོམ་ཡིག་ཆུ་བོའི་རྒྱུན་ལྟར་སྤེལ་བའི་རེ་བ་སོགས་ཀྱང་ཆེའོ། ། ཞེས་རིན་སྤུངས་ནས་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.