ཧི་བོན་ཟིན་བྲིས།
ཤར་གངས་ཕྲུག་གི་གསས་ཁང་།
སྤྱི་བསྒྲགས།

    དངོས་མིང་ཨ་ཤར །

    སྨྱུག་མིང་ཤར་གངས་ཕྲུག

    ཕ་ཡུལརེབ་ཀོང་།

    སྐད་འཕྲིན1115899004

ལི་ཐོ།
    <<  < 2021 - >  >>
    12
    3456789
    10111213141516
    17181920212223
    24252627282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ས་གཞི་ཆེན་པོ། | 2017/9/15 21:45:00
ས་གཞི་ཆེན་པོ།

སྔོ་བསང་བུ་མོའི་ཞལ་རས་དུང་མདོག་ཅན།།
མཛེས་བའི་འཛུམ་མདངས་པད་མའི་མེ་ཏོག་མ།།
རེག་མེད་རླུང་ནག་བསིལ་མའི་ཕོ་ཉ་སྟེ།།
འདབ་མ་རེ་རེ་ཕྱོགས་བཞིར་བཙན་གྱིས་དོར།།

སྙན་ཞིང་བརྗིད་པའི་མཆོག་སྦྱིན་ཚངས་པའི་དབྱངས།
ཡིད་དགའ་བུ་མོ་སྒོམ་པའི་ཏིང་ངེ་འཛིན།།
འཛིན་མ་མགུལ་བར་བྱེད་པའི་ལྡིར་སྐད་དེ།།
མི་ཡུལ་ཁམས་ཀྱི་དབེན་པའི་ལྷིང་འཇགས་བཀྲོལ།།

ཟིམ་ཟིམ་ཕྱོགས་བཞི་འདོར་བའི་འབྲུ་ཕན་སྟེ།།
རྨོངས་བའི་སྐྱེ་འགྲོ་སེལ་བའི་སྨན་གཅིག་བུ།།
རང་བྱུང་ལྷད་མེད་དྭངས་བའི་ཀླུ་ཡི་ཆབ།།
དམར་རྟགས་དཔོན་པོའི་བཙན་གྱིས་ཁྱིམ་དུ་ཁྲིད།།

ལྗང་གོས་བུ་མོ་ལུས་ཀྱི་འོད་མདངས་སྟེ།།
མཛེས་བའི་སྙིང་དུ་སྡུག་པའི་ནོར་བུ་མཆོག།
གཤེད་མ་སྡིག་ཅན་ལྕགས་ཀྱི་ལག་དམར་ཅན།།
བུ་མོའི་ལུས་ལ་མི་འདོད་རྨ་ཁ་བཟོས།།

2017-7-25ཉིན་དགོང་མོ་ཤར་གྱི་ལྡིང་ཁང་ནས།།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.