སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
11 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:20:00

༢༠༡༢ ལོའི་ཟླ་༣་པའི་ཚེས་གཅིག་ཉིན། དགོན་པ་བཅོས་སྒྲིགས་བྱས་ཏེ། དགོན་པ་དོ་དམ་ཁང་གི། ཀྲུའུ་རིན་ལྷག་པ་དང་། རྒྱུན་ལ་ཀྲུའུ་རིན་གཞོན་པ་ལིད་ཁྲང་ཧྲི། ཀྲུའུ་རིན་གཞོན་པ་ཕྲན།  ཨུ་ཡོན་བསམ་གཏན་དགེ་ལེགས། བདེ་སྲུང་ཁྲིང་ཁྲོར་བཅས་བསྐོ་བཞག་བྱས། ༢༠༡༢ལོའི་ཟླ་༨་པའི་ཚེས་༨་ཉིན་སྒྲུབ་ཁང་དང་། གྲྭ་པ་མང་ཆེ་བ་དགོན་པའི་གྲྭ་ཤག་གསར་པར་སྤོས། ༢༠༡༢ ལོའི་ཟླ་༡༠་པའི་ཚེས་༡༠ ཉིན་སྒྲུབ་གྲྭ་རྣམས་དགོན་པའི་གྲྭ་ཤག་གསར་པར་སྤོས། སྤྱི་ལོ་༢༠༡༠་ལོ་ནས་འགོ་གཙུག་སྟེ། དགོན་པ་འདི་བཞེངས་བྱེད། དཔལ་འབྱོར་མ་རྩ་ནི་ནག་རུ་ལྷ་སྡེའི། བརྟན་རྩ་ཞལ་འདེབས་ཕུལ་བ། ཁྲི་ཉིས་བརྒྱ་ཁ་ལྷག་དེ། གཞིར་བཞག་དེ་སྟེང་ཕྲན་གྱིས་ ཡོངས་འབེབས་གང་ཡོད་དང་། དེ་མིན་ཕྲན་དང་། གཞན་བླ་གྲྭ་མཁན་སློབ་ཚང་མས་འབུ་ལྡོམ་དངུལ་ཕབ། སྒོར་ཁྲི་སུམ་བཅུ་ལྷག་དང་། ལྡོམ་བུ་དངུལ་སྨར་ཁྱོན་སྒོར་ཁྲི་བཅོ་ལྔ་ལྷག ཕྱོགས་གཞན་གྱི་བརྟན་རྩ་ཞལ་འདེབས་ཕུལ་བ། སྒོར་ཁྲི་ལྔ་ལྷག་བཅས་བྱུང་བ་དང་ཚུན་དང་ཙུའུ་ཡི་འགོ་ཁྲིད་ཀྱི། སྡེ་མང་ཚོགས་ལ་སློབ་གསོ་དང་སྣེ་ཁྲིད་མཛད་དེ། སྒོར་ཁྲི་བཅུ་ལྷག་གི་རྒྱབ་སྐྱོར་དང་། དེ་བཞིན་ཀྱི་དངོས་ཤུགས་རྒྱུད་གསུམ་ནས། རྒྱབ་སྐྱོར་རོགས་རིམ་ཤུགས་ཆེན་བྱས་པ་རེད།  སླར་ཡང་ཆུ་འབྲུག་ ༢༠༡༣ ཧོར་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གདན་དྲངས་ཏེ། ཨ་དཀར་བུམ་སྒྲུབ་ཉིན་བདུན་ལ་འཚོགས་ཤིང་། དེའི་རིང་ཐུན་བར་དུ་གྲུབ་ཆེན་མཆོག་ནས། དགེ་སྒྲུབ་སྡིག་སྤངས་དགོས་ལུགས་ཀྱི། བོན་གནང་བས་མ་ཚད། འདི་ལོར་སླར་ཡང་ལྷ་བཞེངས་བྱེད་དང་གསེར་འཕྲུ་བཞེང་བྱེད་ལ། གྲུབ་ཆེན་མཆོག་ནས་དང་པོ། སྒོར་ཁྲི་གཉིས་གནང་བ་དང་བོན་པོའི་དགོན་སྡེ་ཡོངས་ཀྱི་བསྟན་པ་སྤྱི་དོན་ལ། ལྷག་བསམ་ཤིན་ཏུ་དཀར་བས།  མི་དམངས་མང་ཚོགས་ཀྱི་དབུ་ཁྲིད། ལྷ་མཐོང་ཚུན་གྱི་ཚུན་ཀྲང། བཀྲ་ཤིས་སྐྱིད་གསར་ཚང་གི་ཨ་ར་ནས། དེ་སྔོན་བརྟན་རྩ་དང་ཀ་རིང་ཞལ་འདེབས་ལ། སྒོར་ཁྲི་གསུམ་ལྷག་དགོན་པར་ཕུལ་བ་མ་ཚད། འདི་ལོར་སླར་ཡང་འདུ་ཁང་ནང་ལྷ་བཞེང་བྱེད་དང་། གསེར་ཁྲི་རྒྱ་ཕེགས་བཟོ་བྱེད། སྒོར་ཁྲི་དྲུག་ཐོ་འགོད་མཛད་སོང་ལ་དུས་རྒྱུན། ཁོང་གི་དགོན་པར་འདུ་འཚོགས་ཀྱི་ཆེད་དང་། ལྕི་ཤིང་ཞལ་འདེབས་སོགས། སྣེ་ཁྲིད་དང་སློབ་གསོ་དཔེ་སྟོན་བཅས། མཛད་མཁན་གྱི། མང་ཚོགས་ཀྱི་དབུ་ཁྲིད་འཇོན་ཐང་ཅན་ལགས། དེ་བཞིན་བོན་བསྟན་སྤྱི་ལ་ཕན་སེམས་འཆང་བ་དང་། ལྷ་མཐོང་ཚུན་ཀྱི་ཚུན་ཀྲང་གཞོན་པབཤད་སར་ཚང་། བུ་ཡང་ནས་དེ་སྔོན་བསྟན་རྩ་སྒོར་ཁྲི་གཅིག་ཕུལ་ཟིན་པ་དང་། ཁྲི་བཞི་བཅུ་ལྷག་རུ་བའི་ཁང་པ་ཞིག་ཕུལ་བ། དགོན་པར་དེ་སྔོན་འཚོགས་འདུ་བལྕི་ཤིང་ཞལ་འདེབས་སོགས་ཀྱི་སྣེ་ཁྲིད་པ་ལགས། དེ་བཞིན་ཚུན་གྱིས་དབུ་ཁྲིད་རྒན་པ་རྣམ་རྒྱལ་གྱིས། ལོ་མང་ལ་དགོན་པར་རྒྱབ་སྐྱོར་དང་། རོགས་རིམ་བརྟན་རྩ་ཕུལ་ནས། དབུ་ཁྲིད་མཛད་པའི་བཤོ་སྲོལ་ལྟར། ཚུན་གྱི་དབུ་ཁྲིད་གཞོན་པ་བཀྲིས་སོགས། ཚུན་ཙུའུ་དབུ་ཁྲིད་ཚང་མའི་དགོན་པར། བརྟན་རྩ་ཞལ་འདེབས་ཕུལ་བ་དང་། དགོན་པའི་འདུ་འཚོགས་སོགས་ལས་དོན་ཡོངས་ལ། སྣེ་ཁྲིད་བྱས་པ་འབྲི་མི་ལོང་ལ། དེ་བཞིན་དུ་རུ་ཁག་གསུམ་པའི་འགོ་ཁྲིད་བཀྲིས་ཀྱིས། དུས་རྒྱུན་ཕྱོགས་ཀྱི་དགོན་སྡེ་ཁག་སོགས། དགོན་པའི་ལས་དཀའ་དང་། འདུ་འཚོགས་བརྟན་རྩ་ལྕི་ཤིང་སོགས། གང་དགོས་ལ་ཧུར་བརྩོན་ཆེན་པོས། མང་ཚོགས་ལ་སློབ་གསོ་དང་། སྣེ་ཁྲིད། སྔོན་ཐོན་དཔེ་སྟོན་བཅས་མཛད་པ་དང་། འདི་ལོར་སླར་ཡང་བརྟན་རྩ་ཞལ་འདེབས་སྒོར་ཐོ་བཀོད་སོང་ལ། ཁོང་ནི་བོན་པོ་སྤྱི་ཡི་བསྟན་ལ་ལྷག་བསམ་ཤིན་ཏུ་དཀར་བས། དགེ་བའི་སྣ་འདྲེན་ཆེན་མོ་ལགས། དེ་བཞིན་དགོན་པའི་བསྟན་ལ་ལྷག་བསམ་ཤིན་ཏུ་དཀར་བས། འབོ་ནོར་བུ་དང་། དགེ་རྒན་སྐར་མ་འབྲུག་རྒྱལ་ཕ་བུ་གཉིས་ཀྱིས། དུས་དང་རྣམ་པ་ཀུན་ཏུ། དགོན་པ་ཀུན་ལ་ལྷག་བསམ་དཀར་པོས། བརྟན་རྩ་ཞལ་འདེབས་ཕུལ་བ་དང་། རྒྱབ་སྐྱོར་རོགས་རིམ་བྱས་པ་གྲངས་ལས་འདས་སོ། དེ་བཞིན་ཨ་རྔ་ཚང་གི་ཚེ་དབང་གཡུང་དྲུང་ནས། དེ་སྔོན་བརྟན་རྩ་ཁྲི་གཉིས་ཕུལ་བ་དང་།  སྒོར་ཁྲི་གཉིས་ལྷག་རི་བའི། འཁོར་ཆེན་གཅིག་གི། སྦྱིན་བདག་མཛད་པས་མ་ཚད། འདི་ལོ་སླར་ཡང་ཡང་བརྟན་རྩ་སྒོར་ཁྲི་ལྔ་ཐོ་འགོད་མཛད་སོང་། དེ་བཞིན་འབྱོར་ལྡན་མཐོ་པོ་ཚང་ནས། དེ་སྔོན་བརྟན་རྩ་སྒོར་ཁྲི་གཅིག་ཕུལ་བས་མ་ཚད། འདི་ལོར་སླར་ཡང་བརྟན་རྩ་སྒོར་ཁྲི་ལྔ་ཐོ་འགོད་བྱས་སོང་། དེ་ལྟར་དགོན་པའི་སྦྱིན་བདག་ནག་རུ་ལྷ་མཐོང་གི་ མང་ཚོགས་ལྷག་བསམ་ཅན་ཁ་ཤས་ནས། བརྟན་རྩ་ཁྲི་གསུམ་དང་། ཁྲི་གཉིས། ཁྲི་གཅིག་སོགས་ཕུལ་བ། ཁྱོན་བསྡོམས་སྒོར་ཁྲི་གཅིག་བརྒྱ་བཞི་བཅུ་ཞེ་ལྔ། ལྷག་ཐོ་འགོད་མཛད་སོང་བ། དག་གི་མཚན་ཐོ་ཟུར་དུ་བཀོད་པ་གསལ།  དེ་བཞིན་རྗེས་སུ་དགོན་པར། ཞལ་འདེབས་ཕུལ་མཁན་རྣམས་ཀྱི། མཚན་ཐོ་འང་རིམ་བཞིན་འགོད་འཆར་རོ། དེ་རྗེས་འདི་ལྟའི་དགོན་པའི་དཔལ་འབྱོར་ཕྱུག་པ་དེའི་རྐྱེན་བྱས། ཕྲན་གྱི་མིང་དང་གོ་ས་ལ་ཕྲག་དོག་ནས། དེ་དག་འདོད་རྔམས་ཀྱི་ཚོར་བ་དྲག་པོས་བསམ་པའི་ཀུན་ནས་སློང་ཏེ། ཐབས་ཤེས་རྣམ་པ་སྣ་ཚོགས་ཀྱིས། ཕུ་དཀྲུག་མདའ་དཀྲུག་བྱས་པས་མ་ཚད། དཔོན་པོ་ལྷག་པ་སོགས་སྡོང་གྲོགས་ལ་བརྔན། མཁན་པོ་ཡེ་ཤེས་རབ་གསལ་དངོས་ཀྱིས་ཕྲན་ལ་རྡོ་རྒྱོབ་སྟེ། དམག་སྣེ་ཁྲིད་ནས་ཕྲན་བསད་བསམ་ཡང་། དེ་སྔ་ལོ་མང་གཤིབ་པས་མཁན་པོ་ཚུལ་ཁྲིམས་ཉི་མས་གཙོས། གྲྭ་ཐོ་ཡོད་པས་གྲྭ་པ་རྣམས་ཀྱིས། ཕྲན་བསད་མ་བཅུག་ཀྱང་། ད་རུང་སྨན་པར་བརྔན་ནས། ཕྲན་ལ་སྨན་བཅོས་མི་བྱེད་པས་རེ་བ་ཞུས་ཀྱང་། སྨན་པས་མ་ཉན་པས། ཆོས་དོན་ཅུས་ཀྱིས་དཔོན་པོར་བརྔན་ནས། ཕྲན་ལ་སྨན་བཅོས་བྱེད་མི་ཆོག་པས་བཀའ་གནང་བྱུང་། ཕྲན་གྱིས་རེ་བ་ཞུས་ཏེ། སྨན་བཅོས་བྱེད་ས་རྙེད་ཙམ་བྱུང་ནས་དགོན་པར་སྡོད་སྐབས། སྒྲུབ་གྲྭ་དང་གྲྭ་ཤག་ནང་དགོན་པ་དོ་དམ་པ་གདན་དྲངས་ཏེ། ཉིན་ལྟར་སྟོན་མོ་དྲོངས་ནས་གཟི་རྗེས། ཧ་ལམ་ཉིན་ལྟར་ཀྲུའུ་རིན་ལྷག་པས། སློབ་གསོའི་མིང་ཐོག་ནས། ཕྲན་ལ་ཁ་བརྡུང་བཏང་བ་དང་། ཆང་རག་ཁ་ངོར་རྒྱབ་པ། ཁ་སྤར་འཕྲོགས་པ། ཟ་མ་བཟའ་མི་བཅོལ་བ་དང་།སྡེ་ནང་ལ་འདོན་པ་འདོན་མི་སོང་ན། བདེ་སྲུང་བ་མངག་ནས་བཙན་གྱིས་བཀུགས་པ།  ཁ་ལན་སློག་ན་སྒོ་ལྕགས་རྒྱོབ་ནས། ཁང་པར་བཙུད་པ་དང་། བདེ་སྲུང་མི་སྣའི་སྒོ་སྲུང་བཅོལ་ནས། འགྲོ་སྡོད་མི་བཅོལ་སོགས། མི་ཆོས་ལས་འདས་པས་མནར་གཅོད་མ་བཟོད་བྱས་ཏེ། དགོན་པར་ཉིན་གཅིག་ལའང་། བློ་བདེ་བག་ཕེབས་བྱས་ཏེ་སྡོད་མི་བཅོལ་བས། སྲིད་གཞུང་དང་ཚུན་དགོན་པ་། བླ་གྲྭ་བཅས་ལ་དགོངས་ཞུ་ཡི་གེ་ཐེངས་གསུམ་ཕུལ་ཡང་། དགོངས་པ་མ་སྟེར་བས། ཀྲུའུ་རིན་ལྷག་པར་གོང་གཏུགས་བྱས་པ་ཡིན། གོང་གཏུགས་བྱས་ཀྱང་། ཁྲིམས་ཁང་དང་ཆོས་དོན་སུ་ཡིས་བདག་སྤྲོད་མ་བྱས་པས། དྲྭ་ཐོག་ཏུ་ཡི་གེ་སྤེལ་བ་ཡིན་པས། མཐར་དགོངས་ཁྲོལ་བྱུང་སོང་བ་བཅས་སོ།  རྣམ་འདྲེན་བླ་རྒྱུད་བཀའ་དྲིན་དྲན་གསོ་དང་། མ་གྱུར་འགྲོ་བ་ཐར་པའི་ལམ་གྲོགས་སུ། དམིགས་ཏེ་འབད་པས་སྒྲུབ་པའི་རྣམ་དཀར་ཆ། ཡིད་བཞིན་ནོར་ལྟར་འདོད་དོན་འགྲུབ་གྱུར་ཅིག༎ཅེས་པ་འདི་ནི་དགོན་བསམ་གཏན་གླིང་གི་ དགོན་པ་དམངས་གཙོ། བདག་གཉེར་ཚོགས་ཆུང་གིས་མཐའ་ཞུ་བླ་རབས་སོགས། ལོ་རྒྱུས་ཡིག་ཆ་ལ་ཞིབ་པར་དཔྱད་ནས། ཕྱོགས་ཀྱི་མཁས་གྲུབ་མང་པོ་ལ་བཀའ་འདྲི་ཞུས་པ་ཏེ། རྒན་རབས་མྱོང་བ་ཅན་འབོ་ནོར་བུ་དང་། སྔོན་ནག་རུ་དཔོན་གྱི་སྲས་མོ། འཆི་མེད་ཚེ་དཔག་དང་། ནག་རུ་སྲས་པོ་ཨ་སྦོ་སོགས་ལ། ཞུ་འདྲི་བྱས་ཤིང་རང་དགོན་གྱི་བླ་གྲྭ་ལྔ་བཅུ་ལྷག་ཙམ་ལ། བསམ་ཆར་བསྡུ་ལེན་བྱས་པས་ཚང་མས་མོས་མཐུན་ཐོབ་པ་དང་། དགོན་པའི་ལོ་རྒྱུས་དངོས་དང་མཐུན་པར། ཁྱུང་ནག་དགོན་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གིས། ༢༠༡༠ ལོར་བརྩམ་པ་དང་། གཞིར་བཟུང་ནས་སྤྱི་ལོ་༢༠༡༣་ལོར་མཐའ་ཞུ་འོད་ཟེར་མཐའ་རྒྱས་པས་་བྲིས་པ་དགེའོ༎

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.