སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། 18 | 2013/11/5 13:23:00
བརྒྱད་པ་ དགོན་སྡེའི་སྲོལ་རྒྱུན་འདུ་འཚོགས་སྐབས་སྒྲིགས་སྲོལ་སྐོར༎ དགོན་འདིར་སྔར་སྲོལ་འདུ་འཚོགས་ཆེ་བ་ལྔ་ཡོད་པ་སྟེ། ཧོར་ཟླ་དང་པོའི་ཚེས་༣ ནས་༦ བར་མཉམ་མེད་འཁྲུང་མཆོད་ལ་བླ་མ་འོད་ཟེར་མཐར་རྒྱས་ཀྱི་འགན་ཁུར་རྒྱུ། ཧོར་ཟླ་ལྔ་པའི་ཚེས་༢༤ ནས་༣༠ བར་རྣམ་རྒྱལ་སྟོང་མཆོད་ གྲོང་ཚོ་དང་པོ་དང་ལྔ་པའི་གཏོང་སྒོ་ལ། མཁན་པོ་ཚུལ་ཁྲིམས་ཉི་མའི་འགན་ཁུར་རྒྱུ། ཧོར་ཟླ་བཅུ་པའི་ཚེས་ ༢༦ ནས་ ༣༠ བར་སྟག་ལའི་བྱེད་བཟློག་ གྲོང་ཚོ་གསུམ་པའི་གཏོང་སྒོ་ལ། དབུ་བླ་འོད་ཟེར་མཐར་རྒྱས་ཀྱིས་འགན་ཁུར་རྒྱུ། ཧོར་ཟླ་བཅུ་གཅིག་པའི་ཚེས་༢༧ནས་༣༠ བར། བྱམས་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྲུང་བཟློག་ གྲོང་ཚོ་བཞི་པའི་གཏོང་སྒོ་ལ། མཁན་པོ་བསམ་གཏན་དགེ་ལེགས་ཀྱི་འགན་ཁུར་རྒྱུ། ཧོར་ཟླ་བཅུ་གཉིས་པའི་ཚེས་༡༦ ནས་༢༠བར། ཞི་ཁྲོ་ཁྲི་མཆོད་དང་ཁྲོ་བོ་དམར་ཆེན་བཟློག་པ་ གྲོང་ཚོ་གཉིས་པའི་གཏོང་སྒོ་ལ། མཐའ་ཞུ་བླ་མ་ཚེ་དབང་དཔལ་མཆོག་གིས། འགན་ཁུར་རྒྱུ་བཅས་གོང་ གསལ་འདུ་འཚོགས་སྐབས། བླ་གྲྭ་ཚང་མའི་རང་འགུལ་ངང་གྲྭ་ཆས་གྱོན་ནས། འཚོགས་དགོས་དམིགས་གསལ་དགོང་པ་གནང་བ་ཕུད། དེ་མིན་ཉིན་རེ་ཆད་ན་སྒོར་ ༥༠ རེ་བཤགས་པ་དགོས། བླ་གྲྭ་ཚང་མའི་ཆང་རག་མཐུང་མི་ཆོག་ རྩོད་འཛིང་བྱེད་མི་ཆོག་ཤོ་བག་ཏག་སེའི་རྒྱན་ལྐུགས་བཞག་མི་ཆོག་ སོ་སོའི་ཆོས་ཁྲིམས་ནན་པོ་སྲུང་ནས་འཇིགས་རྟེན་པའི། སྲིད་ལ་ཇུས་རྟོག་བྱེད་མི་ཆོག་ མི་རིགས་བར་དང་ཆོས་ལུགས་བར་གྲྭ་བཙུན་བར་བཅས། ཚང་མར་འགལ་ཟླ་བཟོ་མི་ཆོག་ལ། མཐུན་སྒྲིལ་དམ་ཟབ་བྱེད་དགོས་བཅས། དགུ་པ་ དགོན་སྡེའི་ཆོས་ལུག ས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་ལམ་ལུགས་སྐོར༎ ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་དང་། འབྲེལ་ཡོད་སྡེ་ཚན་ཀྱི་ལྟ་སྐོར་དང་ཞིབ་གཤེར་ལ། དང་ལེན་དང་ལས་དོན་མཛུབ་ཁྲིད་ལ་བརྩི་སྲུང་བྱ་རྒྱུ་བཅས༎ སྤྱི་དམངས་ཀྱི་ཞལ་འདེབས་ཕུལ་བ་དང་ལེན་བྱེད་ཅིང་བཙན་ཤེད་དང་ཆ་གསེས་མི་བྱེད་པ། དམིགས་གསལ་གྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་དགོས་སྐབས། ཤང་དང་རྫོང་འབྲེལ་ཡོད་སྡེ་ཚན་ལ་སྙན་ཞུ་འབུལ་ཏེ། ཆོག་མཆན་ཐོབ་རྗེས་གཞི་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ་ལས།རང་འཚམ་གྱི་བྱེད་སྒོ་མི་སྤེལ་ རྒྱུ་བཅས། བཅུ་ པ། གྲྭ་བཙུན་དགོང་ཞུ་ལམ་ལུགས་སྐོར། དགོན་སྡེའི་གྲྭ་བཙུན་དགོན་པ་ནས། རང་ཤང་མངའ་ཁོངས་ནང་ཉིན་༣་ནས་ཉིན་༢༠ནང་ཚུད་ཆོས་ལུགས་བྱེད་སྒོ་སྤེལ་དགོས་ན། དགོན་སྡེའི་དོ་དམ་རྩ་་འཛུགས་ལ། དགོང་པ་ཞུས་ཏེ་ཆོག་མཆན་འཐོབ་དགོས། དགོན་སྡེའི་གྲྭ་བཙུན་རང་ཤང་རྒལ་ནས། ཕྱི་རུ་གཉེན་འཕྲད་དང་བྱ་བ་སྒྲུབ་པ། སྨན་བཅོས་དང་དཔེ་ཆ་སྦྱོང་བ། གནས་བསྐོར། སྒྲུབ་པ་ཉམས་ལེན་སོགས། འགྲོ་སྐབས་དགོང་པ་ཉིན་༣་ནས་ཉིན་༢༠ནང་ཚུད། དགོན་སྡེའི་དོ་དམ་རྩ་་འཛུགས་ལ། དགོང་པ་ཞུས་ཏེ་ཆོག་མཆན་འཐོབ་དགོས། དགོང་པ་ཉིན་༢༠ ཡན་ཞུ་དགོས་ན། དགོན་སྡེའི་དོ་དམ་རྩ་འཛུགས་ཀྱི་མོས་མཐུན་བྱུང་རྗེས། ཤང་དང་རྫོང་ཆོས་དོན་སྡེ་ཚན་ནས་ཆོག་མཆན་ཐོབ་དགོས། དགོང་ཞུ་དུས་ཚོད་ཐིམ་ནས་ཁུངས་ལྡན་གྱི་རྒྱུ་མཚན་མེད་པར། ཉིན་༡༥ ནང་ཕྱིར་ལོག་མ་བྱས་ན། དགོན་པའི་སྒྲིགས་ཁོངས་ལས་ཕྱིར་ཕུད་རྒྱུ་དང་། དགོང་ཞུ་མ་བྱས་པའམ་ཆོག་མཆན་མ་ཐོབ་པར། རང་གར་དགོན་པ་ལས་ཉིན་༡༥ནང་ཁ་བྲལ་ན། དགོན་པའི་སྒྲིགས་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་དང་། ཉིན་༡༦ཡན་རྒལ་ན་དགོན་པའི་སྒྲིགས་ཁོངས་ལས། ཕྱིར་ཕུད་རྒྱུ་བཅས་གོང་གི་དགོན་སྡེའི་དོ་དམ་རྩ་འཛུགས། དམངས་གཙོ་བདག་གཉེར་གཙོར་བྱས་པའི། འགན་ནུས་ལས་བགོས་བྱས་པ་བཞིན། སོ་སོའི་འགན་ལེགས་པོ་ཁུར་དགོས། གལ་སྲིད་རང་འཁྲིའི་ལས་འགན་ལ། དོ་སྣང་མ་བྱས་པར་ལྷོད་གཡེངས་ཤོར་ནས། གནས་ཚུལ་ལྷག་ན་ འགན་ཁུར་མི་སྣ་གང་ཡིན་བརྩད་གཅོད་དང་། མཐའ་འབྲས་འགན་ཁུར་རྒྱུ་བཅས༎ སྒྲིགས་སྲོལ་འདི་ལ་བློ་བབས་མོས་མཐུན་བྱུང་ནས་མིང་རྟགས་འགོད་མཁན། འོད་ཟེར་མཐར་རྒྱས་ བསམ་གཏན་དགེ་ལེགས་ ཚུལ་ཁྲིམས་ཉི་མ་ ཚེ་དབང་དཔལ་མཆོག་ མི་ནུབ་རྒྱལ་མཚན་ ཚུལ་ཁྲིམས་འོད་ཟེར་ བྱང་ཆུབ་རྒྱལ་མཚན་ ཚུལ་ཁྲིམས་བློ་ལྡན་ གཡུང་དྲུང་གྲགས་པ་ བློ་གྲོས་འབྱུང་གནས་ ལུང་རྟོགསརྒྱལ་མཚན་ ཚུལ་ཁྲིམས་དཔལ་ལྡན་ ཤེས་རབ་བློ་གྲོས་ བཙོན་འགྲུས་ཡེ་ཤེས་ རྣམ་དག་གཙུག་ཕུད་ བཟོད་པ་ཚུལ་ཁྲིམས་ བསྟན་འཛིན་ཚུལ་ཁྲིམས་ཆུང་ བསྟན་འཛིན་ཚུལ་ཁྲིམས་ཆེ་ སྦྱིན་པ་ཉི་མ་ ཤེས་རབ་གཙུག་ཕུད་ ཚུལ་ཁྲིམས་མཆོག་ལྡན་ བསྟན་པ་ཚུལ་ཁྲིམས་ སྨོན་ལམབསྟན་འཛིན་་ ཚུལ་ཁྲིམས་དབང་གྲགས་ རྒྱལ་བ་ཚུལ་ཁྲིམས་ མི་འགྱུར་བློ་གྲོས་ གཙུག་ཕུད་མཆོག་རྒྱལ་ ཡས་རབ་ ཚུལ་ཁྲིམས་དཔལ་བཟང་ ཤེས་རབ་གོང་འཕེལ༎ ལས་དོན་ཚོ་ཆུང་དང་དགོན་སྡེའི་དོ་དམ་ཚོ་ཆུང་གིས། ༢༠༠༩་ལོའི་༥་པའི་༨་ས་གླང་ལོར་
བཟོས་པའོ།
- ཟིན་ཐོ་གོང་མ།སྨྱོན་པའི་ལོ་ཐོ། 17
- ཟིན་ཐོ་འོག་མ།སྨྱོན་པའི་ལོ་ཐོ། 19