སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།15 | 2013/11/5 13:08:00

   སྐབས་དེར་ཕྲན་གྱི། དང་པོ་སྒོར་བརྒྱ་བཞག་པ་དང་། དེ་ནས་དེར་ཡོད་བླ་གྲྭ་ཚང་མར། དགོན་པར་འདོན་ཆ་བསྐོར། བསླུ་བྱེད་དངུལ་ཞལ་འདེབས་སློང་བས། མི་རེའི་སྒོར་་༡༠༠་་རེ་ཕུལ་སོང་བས། བླ་གྲྭ་༢༡་་གིས་སྒོར་༢༡༠༠་བྱུང་། དེ་ནས་སྔ་རྗེས་སུ་ཕྲན་གྱིས། བླ་གྲྭ་རྣམས་ལ། དགོན་པར་འདོན་ཆ་བསྐོར་བླུ་བྱེད་སློང་མོ་བྱས་པས། སྒོར་༡༠༠་རེ་ཕུལ་མཁན་མི་༡༧་་དང་། དེ་སྟེང་མ་འདལ་མཚམས་པ་ནས་སྒོར་༦༥༠་དང་། བསྟན་འཛིན་འགྱུར་མེད་ནས་སྒོར་༡༠༠༠་བཅས་རྩིས་པས། སྔ་ཕྱི་དངོས་འཕྲོད་སྒོར་༥༢༥༠་བྱུང་བས། དེ་སྔོན་འདོན་ཆ་སྐོར་གསོལ་ཁ་གསུམ་ལས་གང་ཡང་མི་འདུག་པས། དེ་ནས་ཡི་གེ་དང་གཏོང་སྤར་སོགས། བླུས་པས་ཐོ་ཟུར་༼་་ཞི་ཁྲོ་༨x༡༣༠=༡༠༤༠་་དང་། རྣམ་རྒྱལ༧x༧༥=༥༢༥་་དང་། ཀློང་རྒྱས་ལྷ་ཤོག་ཅན་༣x༧༥=༢༢༥་་དང་། ཀློང་རྒྱས་འདོན་ཤོག་ཅན་༥x༤༠=༢༠༠་་དང་། སྟག་ལ་༨x༡༠༠=༨༠༠་་དང་། གེ་ཁོད༨x༤༠=༣༢༠་་དང་། སྨོན་ལམ་མཐའ་ཡས་༨x༣༠=༢༤༠་་དང་། གསོལ་ཁ་x༡༢༥=༧༥༠་་དང་། བརྔན་མདོས་༨x༢༠=༡༦༠་་དང་། སྲིད་རྒྱལ་ཚོགས་བརྒྱ་༨x༢༠=༡༦༠་་དང་།བྱམས་མ་༣x༧༠=༢༡༠་་དང་། དབལ་གསས་༢x༡༠༠=༢༠༠་་དང་། སྐྱེ་སྒོ་གཅོད་པ་ལན་ཆགས་སྦྱང་འཇལ་༣x༤༠=༡༢༠་་དང་། རྣམ་འཇོམས༣x༣༠=༩༠་་དང་། གདུག་དཀར་༣x༦༠=༡༨༠་་དང་། ཀུན་རིག་སྒྲོན་མ་༣x༣༥=༡༠༥་་དང་། ཉེར་མཁོ་༡x༣༥=༣༥་་དེ་མིན་ཡི་གེ་ཞལ་འདེབས་ཕུལ་བ། སྟེང་དགོན་ཚུལ་བློའི་བཀའ་འགྱུར་༡་དང་། རྨ་རྩ་རིན་ཆེན་རྒྱལ་མཚན་ནང་མི་ལྷན་ནས་ཕུལ་བ། དགེ་བཤེས་དགེ་ལེགས་ཕྱག་རྒྱུད་དེ་འཕྲོད་པས། བཀའ་རྒྱུད་སྐོར་བཞི་དཔོད་༣་དང་། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དཔོད་༣་དང་། བྱམས་མའི་སྒྲུབ་སྐོར་དཔོད་༣་དང་། རྗེས་སུ་གེ་ཁོད་དཔོད་༥་དང་། ཕུར་པ་དཔོད་༥་དང་། མེ་རི་དཔོད་༥་དང་། ཀློང་རྒྱས་དཔོད་༥་དང་། སྟག་ལ་དཔོད་༥་དང་ཕྲན་ནས་ཕུལ་བ་སྐལ་བཟང་དཔོད་༡་དང་། ས་སྙིང་དཔོད་༡་་བཅས་དང་། དེ་ནས་མཆོད་ཆས་བསླུས་པ་ནི། སྦྱིག་སྤར་༡་ལ་༡༥༠དང་། ཚེ་སྒྲུབ་གཏོར་སྤར་༡་ལ་༥༠་དང་། རྣམ་འཇོམ་གཏོར་སྤར་༡་ལ་༥༠་དང་། བརྔན་སྤར་༡་ལ་༢༠༠་དང་། རྣམ་རྒྱལ་སྟོང་མཆོད་གཏོར་སྤར་ལ་༥༠༠དང་། སྟག་ལ་བྱད་བཟློག་གཏོར་སྤར་ལ་༣༠༠་བཅས་ཕྲན་གྱིས་བླུས་པས། ཁྱོན་སྒོར་༦༦༠༥་སོང་ངོ་། དེ་མིན་ཕྲན་གྱི་སྤར་བསྡུས་༡་བརྟན་བཞག་བྱས་ཡོད་ལ། གྲྭ་བསྟན་འཛིན་ཕུད་ཚོགས་ཀྱི་སྤར་བསྡུས་༡་བརྟན་བཞག་བྱས། དེ་སྔ་དགོན་པར་བྱམས་མའི་གཏོར་སྤར་༡་འདུག་གོ༽གསལ་ལྟར་དང་། དེ་ནས་བླ་མ་མཁན་པོ་གྲྭ་པ་རྣམས། གྲོང་གསེབ་དུ་སོ་སོའི་ཁྱིམ་ལ་ཕེབས་སོང་།  དེ་མཚམས་སྤྱི་ཟླ་་༡༢་་པའི་ཚེས་་༢་་ནས་ཚེས་༡༢་་བར་དུ། ཕྲན་དང་བསམ་དགེ། ཚུལ་ཉི། དཔལ་མཆོག་བཅས་ངེད་བཞི།  རུ་ཁག་ལྔ་པོ་རུ་ཁག་རེ་རེ་སོང་ནས། ཚོགས་འདུ་འཚོགས་རོགས་ལབ་སྟེ། གྲོང་ཚོ་རེ་རེ་ལ། རེ་འབོད་དང་སྐུལ་སློང་ཡི་གེ་འདི་ཐིང་རེ་རེ་བཏོན་པ་དང་། གོ་དོན་འགྲེལ་བཤད་བྱས། དེ་མིན་གྱི་བསམ་བློའི་སློབ་གསོའང་བཏང་བ་ཡིན།  དེ་ནས་ཞལ་འདེབས་སློང་མོ་བྱས་པས། རུ་ཁག་དང་པོ་ནས་སྒོར་༦༣༦༥་་། རུ་ཁག་གཉིས་པ་ནས་སྒོར་༧༨༨༠་་། རུ་ཁག་གསུམ་པ་ནས་སྒོར་ ༦༠༢༠་་། རུ་ཁག་བཞི་པ་ནས་སྒོར་༦༡༤༠་་ཐོ་བཀོད་ནས་༢༠༠༦་ལོར་འཕྲོད། རུ་ཁག་ལྔ་པ་ནས་སྒོར་༡༣༠༣༢་་། བཅས་བྱུང་འདུག་ དེ་སྐབས་རུ་ཁག་ལྔ་པའི་ལྷག་རག། འབོ་ལིད་ཀྱིས། བསམ་དགེ་ལ་འདི་སྐད་ལབ་སོང་། ངེད་ཚོའི་དགོན་པར་ལྡོམ་བུ་སོགས་ཕུལ་བ་ཡིན་ཏེ། ཁྱེད་རྣམ་པའི་དགོན་པའི་རྒྱུ་དངུལ་དེ། གཞན་ལ་ངོ་བསྟོད་བྱེད་ལ་གཏོང་ནས། གཉེར་པས་མཁན་པོ་དང་དབུ་མཛད་སར་ཡོད་རེད་རྫོ། ཁྱེད་རྣམ་པའི་གཉེར་པར་ཡོད་རེད་རྫོ། གང་ལྟར་སུས་ལག་ལ་ཡོད་ནའང་འདྲ། དགོན་པ་འགྱེལ་འགྲོ་དུས་ཞིག་གསོ་མ་ཐུབ་པར། དེ་སྔ་ལོ་མང་ལ་ལུས་སོང་བ་རེད། ད་དེ་འདྲ་རེད་མ་སོང་བྱེད་རོགས་ཞེས་བཤད་སོང་། དེ་ནས་བར་བར་འགའ་ལ། ཕྲན་ཡང་གྲོང་གསེབ་དུ་གཤེད་འདུར་དང་། བྱང་བཞུ་སོགས་ལ་སོང་བ་འབྲི་མི་ལོང་ངོ་།  སྤྱི་ཟླ་་༡༢་པའི་ཚེས་༢༦་་ཉིན། ཕྲན་གེ་ཁོད་ཀྱི་སྒྲུབ་པར་བསྡད། བོད་ཟླ་་༡༡་པའི་ཚེས་་༢༦་ཉིན། རུ་ཁག་བཞི་པས་སྦྱིན་བདག་བྱས་ཏེ། དགོན་པར་གེ་ཁོད་སྲུང་བཟློག་དང་དབལ་ཆུ་བཀོལ། དེ་སྐབས་འཚོགས་མཁན་བླ་གྲྭ་འབྱོར་བ་ནི།  འོད་རྒྱས། ཚུལ་འོད། བྱང་རྒྱལ། བློ་ལྡན། རྒྱལ་ཚུལ། བསྐལ་བཀྲ། བསྟན་རྒྱས་ལྔ་ནི་རྒྱུན་སྡོད་དང་། གསར་འབྱོར། ཚུལ་ཉི། དཔལ་མཆོག་ བསམ་དགེ་ ཉི་མ་འོད་ཟེར། མི་ནུབ་རྒྱལ་མཚན། གཙུག་ཕུད། སྐལ་ཐར། ཤེས་བློ། སྨོན་ཕུན། ལུང་རྟོགས། ཀུན་དགའ། ཉི་མ། མི་འགྱུར། པད་དགའ། སྐལ་བཟང་ སྨོན་བསྟན། དཔལ་ལྷ། བསྟན་ཚུལ། བཅས་དང་། ཞེ་དགུ་བཞུགས་བསྡད་པ། བློ་གྲོས་འབྱུང་གནས། སྒོང་བཙོན་འགྲུས། ཚུལ་དཔལ། སྟེང་ཆེན་དགོན་དུ་སྒྲུབ་གྲྭ་ཟུར་བཞུགས། བཟོད་པ་དང་།   ཆ་འཕྲོད་ཀྱང་ཁྱིམ་ལ་བཞུགས་ནས། དགོན་པར་འཚོགས་མི་མ་བྱོན་པ། གྲྭ་བསོད་ནམ་དབང་འདུས། གཡུ་ལྷ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་མཛད་ཡས་རབ་ཞག་༡་་ལ་དགོན་པར་བསྡད་པ་བཅས་སོ། ཚེས་་༢༩་ཉིན་དབལ་ཆུ་བཀོལ། གཟི་བླ་མ་བསྟན་འཛིན་རྒྱལ་མཚན་ལ། གེ་ཁོད་ཛྭ་ཁྲིད་བྱས། ཚེས་༣༠་་ཉིན་འཚོགས་གྲོལ། བླ་གྲྭ་མཁན་པོ་དབུ་མཛད་རྣམས་སོ་སོའི། ཕ་ཁྱིམ་མ་ཁང་ནང་ལ་ཕེབས་སོང་། འདི་ལོ་བོད་ཟླ་༡༢་་པའི་ནང་ལ་ལོ་གསར་བཏང་སོང་། བོད་ཟླ་་༡༢་་པའི་ཚེས་་༡་་ནས་་༦་་བར། ལོ་གསར་དགའ་གཏོང་བྱས། ཚེས་་༨་་ཉིན། ཤིང་བཟོ་ལ་འདུ་ཁང་མཆོད་ཁྲི་བཟོ་འགན་སྤྲད། བོད་ཟླ་་༡༢་་པའི་ཚེས་་༡༦་་ནས། ཚེས་་༢༤་བར་མཐའ་ཞུ་ཐང་ལ། ཀུན་རིགས་ལས་བཞི་རྒྱུན་ལྔ་སྟོན། ༑༑༑ རང་ལོ་སོ་ལྔ་པ། ༢༠༠༦མེ་ཁྱི་ལོའི་ཚེས་་༢་་ཉིན། སྔོན་མའི་གྲོས་བྱས་པ་ལྟར། ནག་རུའི་བླ་གྲྭ་ཚང་མ་འདུས་བྱུང་བས། འདུ་ཁང་ནང་ལས་ཁྲི་རྒྱབ། ཤིང་ཚོན་བཏང་སྐབས། ལས་དཀའ་བྱེད་ཕྱོགས་བསྐོར་གྱི་གྲོས་བྱས། ཚེས་༤་་ཉིན་ཤིང་ཚོན་འགོ་གཙུག་རྒྱུ་བྱས། ཚེས་༤་ཉིན་བླ་གྲྭ་ཡོངས་དང་། གཞན་ཉི་མ། བསྟན་འཛིན། བསོད་ནམ་གྲགས་པ། བསྟན་འཛིན་བཀྲིས། སོགས་སྐྱ་བོ་འགའ་འོང་རོགས་བྱས་པས། ཤིང་ཚོན་འགོ་གཙུག་ ཚེས་་༡༤་་ཉིན། འདུ་ཁང་ཕུག་ཏུ་ས་རྡོ་འོར་ཏེ། མཆོད་ཁྲི་བརྩིག་ ཚེས་་༡༥་་ཉིན་ཤིང་ཚོན་ཚར་ནས། དགའ་སྟོན་རྟེན་འབྲེལ་བྱས། ཚེས་་༡༦་་ཉིན། འདི་ཡན་གྱི་གཏོང་ཡོང་རྩིས་གཏུག་པས། ༢༠༠༥་ལོའི་ཡོང་འབེབས་སྒོར་༦༩༠༨༩་་དང་། ༢༠༠༤་་ལོའི་གཏོང་ལྷག་སྒོར་་༧༠༩༧་་བཅས། ཁྱོན་སྒོར་༧༦༡༨༦་་བྱུང་བ་ལས། འགྲོ་སོང་སྒོར་༤༥༡༧༧་་སོང་འདུག་ལྷག་སྒོར་་༣༡༠༠༩་་ཡོད་པ་རྩིས་་གཏུག་དེ་སྐབས་ཕྲན་གྱིས་དེ་སྔོན་དངུལ་ངས་ཉར་ནས། དགོན་པའི་དོན་ལ་གཏོང་ཡོང་ངས་བྱས་ཡོད། ད་ཐིང་བླ་གྲྭ་ཚང་མ་འདུས་འདུག་པས། དཔལ་འབྱོར་ཉར་མཁན་ཞིག་དང་། ཐོ་བཀོད་མཁན་ཞིག་ངེས་པར་དུ། འདུག་རོགས་ཞུས་པ་ཡིན། དེར་ཁོང་རྣམ་པས་གྲོས་བྱས་བྱས་པའི་སྙིང་པོ། དངུལ་ངས་ཉར་རྒྱུ་དང་། གཏོང་ཡོང་ཐོ་བསམ་དགེ་དང་ཚུལ་ཉི་ནས། རྒྱབ་རྒྱུ་བཅས་གྲོས་མཐུན་བྱུང་ཟེར། དེ་ལྟར་བྱེད་རྒྱུ་འཆར་གཞི་བཞག་པ་ཙམ་ལས། རྗེས་སུ་དཔལ་འབྱོར་གཏོང་ཡོང་། ཐོ་བཀོད་མི་ཁོམ་མ་སོང་། དེ་སྐབས་དགོན་པར་སྒྲུབ་ཚུགས་ཐུབ་པའི་རེ་བྱས་ཏེ། གྲོས་བྱས་བྱས་ཀྱང་སྒྲུབ་གྲྭ་སྦྱོང་མཁན་མི་འདུག་པར་ལུས་སོང་། དེ་མཚམས་གདུང་མ་ཉོས་ཏེ་འདུག་ཁྲི་རྒྱབ་པ་དང་། མདུན་ལྕོག་ཆ་༥་་དང་ཡིག་ཁྲི་སོགས། ཤིང་བཟོ་ལ་བཟོ་འགན་སྤྲད། དེ་ནས་དགོན་པར་འབོལ་གདན་ཆ་༡༥་ཉོས། ༢༠༠༦་ལོའི་ཟླ་་༤་་ཚེས་་༡་ནས་ཚེས་༦་་བར་རུ་ཁག་དང་པོ། གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི། དགོན་པའི་ལམ་བཟོ་བཅོས་བྱས། ཕྲན་དམིག་གསར་གྱི། སྒྲུབ་པ་མི་འདུག་དུས། རྒྱུན་ལྡན་དབྱར་རིང་ཞོག་པ། ཆུ་གཏོར་དང་བསང་། སྔ་དྲོ་དུས་རྒྱུན་འདོན་རྒྱུ་ཁ་འདོན་ཆད་མེད་འདོན། ཉིན་གུང་དཔེ་ཆ་མཇལ། ཕྱི་དྲོ་ནས་དགོང་མོ་བར་དུ། བླ་སྒྲུབ་ལྟར་བསྙེནཔ་་བགྲང་། སྐབས་འགར་ཐོད་བརྒལ་བལྟ། དགོང་དང་ཐོ་རང་། ཐུན་རེ་ཆད་མེད་འདུག་པ་དང་། གྲོང་གསེབ་ལ། འགྲོ་དགོས་བྱུང་ནའང་། ཤི་གསོན་གྱི་སྐུ་རིམ་ཐོན་ཚར་ནས། དགོན་པར་འགྲོ་བ་དང་། དགོན་པར་སྡོད་ཁུལ་བྱས། སྤྱི་ཟླ་་༥་་པའི་ཚེས་་༢༨་་ནས་༦་་པའི་ཚེས་༥་བར། བློ་ལྡན་དང་ལྷན་དུ། ཁྲ་ལྕམ་སྡོང་རོག་ཝ་གཞུང་ལྕམ་སྟོད། བཅས་སུ་འབུ་སློང་མོ་སོང་། འབུ་༨༩༠་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། བློ་ལྡན་དང་གཡུ་ལྷ་སྤུ་ཐོག་ཁར། འབུ་སློང་སོང་བས་འབུ་༨༣༣་་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད། དཔལ་མཆོག་དང་པད་དགའ། འབོ་གཞུང་ལ་འབུ་སློང་མོ་སོང་འབུ་༤༤༥་་ བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད།  སྤྱི་ཟླ་་༦་་པའི་ཚེས་་༨་་ཉིན། ཚེ་དབང་བོད་ཡུལ་མའི། སྒྲུབ་པར་བསྡད། ཚེས་་༢༦་ནས། གྲྭ་ཡས་རབ་དང་ཚོན་པ། ཉི་མ། འོད་ཟེར། དབང་འདུས། བཅས་ཀྱིས་ལྷ་ཁྲི་དང་བླ་ཁྲི་ མདུན་ལྕོག་སོགས་ཤིང་མཚོན་བཏང་། ཉིན་རེ་གླ་ཆ་སྒོར་་༥༠་་རེ་ལས་མ་བླང་། སྤྱི་ཟླ་་༧་པའི་ཚེས་་༨་་ཉིན་མཚམས་གྲོལ་ཏེ། གཤོང་གདོང་སྤྱི་རིམ་ཁར་སོང་། ཚེས་༡༩ཉིན། རྣམ་རྒྱལ་སྟོང་མཆོད་དང་།བརྔན། སྨོན་ལམ་མཐའ་ཡས་སོགས་བཏོན་ནས། དགོན་པ་ན་ནེང་ལྟར་འཚོགས། དེའི་རིང་དཔལ་འབྱོར་གཏོང་རྩིས་གཏུག་པས། འདི་ལོའི་ཡོང་འབེབས་སྒོར་་༢༣༤༩༧་་དང་། སྔ་ལོའི་ལྷག་སྒོར་་༣༡༠༠༩་་ཁྱོན་སྡོམ་སྒོར་༥༤༥༠༦་་ལས་ད་ལོའི་འགྲོ་སོང་སྒོར་་༣༠༢༢༧་་སོང་བ་དང་། ལྷག་སྒོར་༢༤༢༧༩་་ཡོད་པ། རྩིས་གཏུག་འཇུག་ཏུ། དཀར་ལྡོམ་འགྲོ་རྒྱུ་གྲོས་བྱས་ཏེ། བླ་གྲྭ་འགའ་མར་ཆུར་སློང་མོ་སོང་། སྤྱི་ཟླ་་༨་་པའི་ནང་ཤིན་ཏུ་ན་བས། རྫོང་སྨན་ཁང་དུ། བརྟག་དཔྱད་བྱས་པས། མཆིན་ནད་རེད་ཟེར། དེ་ལ་བོད་སྨན་ལས། སྨན་གཞན་གྱི་ཕན་མ་རེད་ཟེར་བས། ཚེས་་༡༠་ཉིན་ལྷ་སར་བརྟག་དཔྱད་དང་། སྨན་བཅོས་བྱེད་ལ་སོང་། ལྷ་ས་སྨན་རྩིས་ཁང་། མཆིན་ནད་སྨན་བཅོས་ཁང་ནས། མཆིན་སྨན་སྒོར་ཁྲི་གཅིག་ལྷག་གི་ཉོས་ཏེ། ཚེས་༢༨་ཉིན། དགོན་པར་འབྱོར། སྤྱི་ཟླ་་༡༠་པའི་ཚེས་༡༡་ནས་ཚེས་་གཙུག་ཕུད་དང་ལྷན་དུ། སྟེང་ཆེན། སེ་རུ། གསས་རུ། བྲག་ལུང་བཅས་སུ། འབྲུ་སློང་མོ་སོང་འབྲུ་བྱུང་བ་རྣམས། དགོན་པར་རླངས་འཁོར་གྱི་ཁུར་ཏེ། འབྲུ་རྒྱ་མ་བཀྱག་སྟེ། གྲྭ་རྒན་གསུམ་རྩིས་སྤྲད་པས། འབྲུ་རྒྱ་མ་༣༠༥༥༨་འདུག་ བླ་གྲྭ་གཞན་རྣམས། ཕྱོགས་གཞན་ལ་འབྲུ་སློང་མོ་སོང་།  སྤྱི་ཟླ་་༡༠་པའི་ཚེས་༢༠་་ཉིན། འབྲུག་གསས་རྩ་སྒྲུབ་ཀྱི་སྒྲུབ་པར་བསྡད། དེ་རིང་དགུན་ཁ་དགོན་པར། སྐྱ་སེར་འགའ་ཞིག་ སྔོན་འགྲོ་དང་དངོས་གཞི་སྦྱོང་མཁན་བྱུང་བ་རྣམས་ལ། ཐུན་བར་རྣམས་སུ། སྔོན་འགྲོ་བཀའ་ལུང་བརྒྱ་ཚོ་དང་དངོས་གཞི་སྐུ་གསུམ་རང་ཤར། ཉམས་ཁྲིད་སྙིང་གི་རྒྱ་ཅན་བཅས་ཁྲིད། བོད་ཟླ་བཅུ་པར། སྟག་ལ་ན་ནིང་ལྟར་འཚོགས། བོད་ཟླ་༡༡་པར་རུ་ཁག་བཞི་པས། སྦྱིན་བདག་བྱས་ཏེ། བྱམས་མ་འཚོགས། བོད་ཟླ་༡༢་པར། ཞི་ཁྲོ་མར་མེ་དང་དམར་བཟློག་སྔར་སྲོལ་ལྟར་འཚོགས་ ༢༠༠༧ལོའི་སྤྱི་ཟླ་་༢་པའི་ཚེས་༨་་ཉིན། འབྲུག་གསས་སྒྲུབ་ཞག༡༢༢་སོང་སྟེ། མཚམས་གྲོལ།༑༑༑ རང་ལོ་སོ་དྲུག་པ། ༢༠༠༧་མེ་ཕག་ལོའི། ལོ་གསར་པ་ཤར་བའི། དགའ་སྤྲོ་དེ་དགོན་པར། ཞག་༣་ལ་བཏང་། ཚེས་༤་་ནས་༦་བར། མེ་ཏོག་མཆོད་པ་སྟོན།  དེའི་བསྐོར་སྨོན་རྒྱལ་བླ་མ་ནས། རྒྱུ་ལི་ནག་ཡིན་གསུང་པས། སྐུ་འདྲ་བྱམས་མ་དང་། རྣམ་རྒྱལ། ཚེ་མཆོག་མཐའ་ཡས། གསུམ་རྒྱ་ནག་ནས། གདན་འདྲེན་ཞུས་འདུག་པ་དེ་བླུ་མིན། བླ་གྲྭ་ཚོར་གྲོས་བྱས་པས། བླུ་དགོས་ཟེར་བས་ལྷ་རེ་ལ། སྒོར་༡༢༠༠༠་་རེ་བྱས་ཏེ་བླུས། ཡང་ཕྲན་སྨན་ཆད་སོང་བས། ཟླ་༣་་པའི་ཚེས་༥་ཉིན་ལྷ་སར་སོང་ཏེ་བརྟག་དཔྱད་བྱས། ལྷ་ས་སྨན་རྩིས་ཁང་། མཆིན་ནད་སྨན་བཅོས་ཁང་ནས་སྨན་ཉོས། ཞོར་དུ་དགོན་པར། དུང་ཆ་༡་ཀོ་ཡོ་ཆ་༡་རྒྱ་གླིང་ཆ་༡་་རྔ་༡་་། མ འདལ་་༡་་། ཟངས་ཀྱི་སྡེར་མ། ཆེ་བ་་༧་་འབྲིང་བ་༧་་ཆུང་བ་་༧་་། ཏིང་ཕོར་ཆེ་འབྲིང་། བདུན་ཚར་་༢་་ཟངས་ཀྱི་མཚན་ཐུབ། ༢༨་་རྐོང་ཆུང་བརྒྱ། ཀ་རྒྱན་བཟོ་རྒྱུ་གོས་ཆེན། ཛ་ལོ། གཟི་འདྲ། བྱི་འདྲ། ཨ་དཀར་བུམ་སྒྲུབ་སྨན།སོགས་ཉོས་ཏེ། ཟླ་་༤་པའི་ཚེས་་༢་ཉིན། དགོན་པར་འབྱོར། དགོན་པར་སྔོན་མའི་གློག་ཀར་རུལ་ནས། སྔ་ལོ་ནས་གློག་ཆད་སོང་བས། གློག་གི་དོན་དང་འདུ་ཁང་ལ་ཐིག་ས་བླུག་རྒྱུ་དོན་དུ། ཚུན་ཙུའུ་འགོ་ཁྲིད་སར་སོང་ནས། འདུ་ཁང་ལ་ཐིག་ས་བླུག་རྒྱུ་རེ་བ་རྒྱབ་པས། ཁོ་ཚོ་གྲོས་བྱས་ཏེ་ལོ་རེར་རུ་ཁག་རེའི་ཐིག་ས་བླུག་འཆར་བྱས་ནས། རུ་ཁག་རྒྱན་འཕང་པས། འདི་ལོ་༢༠༠༧་རུ་ཁག་བཞི་པའི་ཐིག་ས་བླུག་རྒྱུ།   ༢༠༠༨་རུ་ཁག་ལྔ་པའི་ཐིག་ས་བླུག་རྒྱུ། ༢༠༠༩་རུ་ཁག་གཉིས་པའི་ཐིག་ས་བླུག་རྒྱུ།   ༢༠༡༠རུ་ཁག་གསུམ་པའི་ཐིག་ས་བླུག་རྒྱུ།   ༢༠༡༡་རུ་ཁག་དང་པོའི་ཐིག་ས་བླུག་རྒྱུ་བཅས་རྒྱན་བབས་སོང་བས། དེར་ཚེས་་༡༥་་ཉིན་རུ་ཁག་བཞི་པའི་འདུ་ཁང་ལ། ཐིག་ས་བླུག་ ཚེས་་༡༨་ཉིན། ཕྲན་མངའ་ ལ་སྨན་པ་སར་སོང་ནས། སྨན་བཅོས་བྱེད་རོགས་ཞུས་པས། མཆིན་ནད་ལ། ཁྲག་གཏར་དགོས་གསུང་སྟེ། ཁྲག་གཏར་སོང་བས། དེས་ཕན་བསྐྱེད་ཆེན་པོ་བྱུང་སོང་། ཚེས་༢༠་ཉིན་དགོན་པར་འབྱོར། ཚེས་་༢༡་ཉིན་བླ་གྲྭ་ཐམས་ཅད། རུག་སྟེ་གློག་ཀར་་ཐིག་རྒྱབ། གློག་དོང་བྲུས། ཚེས་༢༢་ཉིན་གློག་ཀར་ཉོས། ཚེས་༢༣་་ཉིན་གློག་ཀར་གཙུག་ ཚེས་༢༤་ཉིན། རུ་ཁག་དང་པོ་དང་མཉམ་དུ། གློག་བསོག་སྒོམ་ཉོས། སྒོར་༢༦༣༤༤་ཐོབ། ཚེས་་༢༦་་ནས་ཚེས་༣༠་་བར་དུ་གློག་སྐུད་ཁྲིད། ཟླ་་༦་པའི་ཚེས་༡་ཉིན། གྲྭ་ཚུལ་དཔལ་དང་ལྷན་དུ། འབོ་གཞུང་ལ། འབོ་སློང་མོ་སོང་བས། འབུ་༥༦༠་་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད། བསམ་དགེ་དང་མི་འགྱུར་སྤུ་ཐོག་ཁར། འབོ་སློང་མོ་སོང་བས། འབུ་༦༦༧་་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད།  དཔལ་མཆོག་དང་བློ་གྲོས་ཁྲ་ལྕམ་ཝ་གསུམ་ལ། འབོ་སློང་མོ་སོང་བས། འབུ་༤༡༤་བྱུང་བ། གྲྭ་རྒན་གསུམ་ལ་རྩིས་སྤྲད། འདི་ལོའི་འབུ་མཁན་པོ་བསམ་དགེའི། གཅུང་པོ་ཉི་མའི་ཧ་བླང་པས། ༢༠༠༩་ལོ་བར་མ་འཕྲོད་པར་ལུས་སོང་། དེ་ནས་དགོན་པར། གྲྭ་པ་རྣམས་རུག་ནས། རྣམ་རྒྱལ་བུམ་པའི་གཟུང་བཞུགས་དང་། ལྷ་ཡི་གཟུངས་འཇུགས་དྲིལ། སྤྱི་ཟླ་༦་པའི་ཚེས་༢༦་ནས། དབལ་གསས་སྒྲུབ་པར་བསྡད། དེ་ནས་མིང་དོན་མཚུང་པའི། སྒོམ་གྲྭ་མཚམས་པ་དང་། སྒྲུབ་ཁང་ལྷ་མཆོད་བཞག་སྟེ། དགོན་པར་རྔ་གཤང་གི་སྒྲ་མ་འཆགས། སྨན་རག་གི་མཚོ་མ་སྐོམཔར།  ལོ་གསུམ་འཁོར་བའི་སྐབས་དང། དགོན་པར་འདུ་འཚོགས། བསྐྱར་གསོ་བྱས་ཏེ། ལོ་གཉིས་འཁོར་བའི་རིང་། ཕྲན་འོད་ཟེར་མཐར་རྒྱས་ཀྱི། ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། རེ་བ་ཡི་གེ་འདི་བཏོན་ནས་ཚང་མའི་བསམ་འཆར་དང་། རེ་བ་གང་ཡོད་བཏོན་རོགས་ཞུས་པ་དང་། དེར་ཚང་མའི་གྲོས་བསྡུར་ཡང་ཡང་བྱས་པ་དང་། བསམ་འཆར་བཏོན་ནས། ཐོག་མར་ངས་བཏོན་པའི་རེ་བ་ལ། ཁ་སྣོན་བྱེད་དགོས་ངེས་ལ། ཁ་སྣོན་རྒྱབ་པ་དང་། འཁྲི་འཐེན་བྱེད་དགོས་སར་འཁྲི་འཐེན་བྱས་ཏེ། བཟོ་བཅོས་ཡང་ཡང་བྱས་པ་རྒྱུད་སྒྲིགས་སྲོལ་འདི་བཞག་པ་ཡིན།  ༈༈༈ ཁྱུང་པོ་ནག་རུ་དགོན་གྱི་བསྒྲིགས་སྲོལ་ལག་བསྟར་དམ་བཅའ།                        སྐྱབས་གནས་དཀོན་མཆོག་གསུམ་དང་། ཁྱུང་ནག་བསྟན་པའི་བདག་པོ་མཐའ་ཞུ་བླ་རབས་བླ་རྒྱུད་དང་། མཁན་རབས་རིམ་བྱོན། བསྟན་སྲུང་མ་བདུད་བཙན་རྒྱལ་དང་། དཀར་ཕྱོགས་སྐྱོང་བས་གཞི་བདག ་ལྷ་ཀླུ་མཐུ་རྩལ་ཅན་རྣམས་ཀྱིས། བསྟན་དགྲ་སྲོག་རྩ་ཆོད་ལ། བསྟན་པའི་བ་དན་མཁའ་ལ་ཕྱོར་ཞིག་ཀྱེ། ཁྱུང་པོ་ནག་རུ་དགོན། བསམ་གཏན་གླིང་གི་བསྟན་པ་འཛིན་སྐྱོང་སྤེལ་བས། བསྟན་འཛིན་སྐྱེས་བུ་དམ་པ་རྣམས། བསྟན་དང་འགྲོ་བའི་ཕྲིན་ལས་མཐའ་རུ་མ་ཕྱིན་བར། སྐུ་ཚེ་ཞབས་པད་བརྟེན་པ་དང་། སྤང་བསྒྱུར་གྲོལ་བའི་ལམ་ཞུགས། དགེ་འདུན་གཡྲུང་སེམས་དཔའ་རྣམས། ཐུགས་མཐུན་ཁྲིམས་གཙང་ཞིང་བཤད་སྒྲུབ་སྒོམ་པས་བསྟན་པ། དར་ཞིང་རྒྱས་པར་གྱུར་ཅིག ་བསྟན་པའི་སྦྱིན་བདག་རྣམས། ཚེ་རིང་ནད་མེད་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་། བསམ་དོན་སྨོན་ལམ་ཡིད་བཞིན་དུ། འགྲུབ་པར་གྱུར་ཅིག ་མི་ལོ་སུམ་སྟོང་གོང་ནས་ཕྱག་བཏབ་པས། ནག་རུ་དགོན་དང་། ཞུ་གཡས་གདུང་ལས་གྲོལ་བས། མཐའ་ཞུ་བླ་རབས་ནི། རང་རེ་ཕ་མྱེས་ཨ་མྱེས་ཡང་མྱེས་རྣམས་ཀྱི། ཤི་ཕོའི་རྣམ་ཤེས་བཅོལ་ས། གསོན་གྱི་བླ་ཚེ་བཅོལ་ས། ཚེ་འདི་ཕྱི་གཉིས་ཀྱི། རེ་ལྟོས་བཅའ་ས་བྱས་ནས། ད་བར་སོང་བ་ཞིག་རེད། ད་ཕྱིན་དགོན་པའི་སྒོམ་སྒྲུབ་ཀྱི་བསྟན་པ། གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱེདཔ་ལ། ང་ཚོ་དགོན་པར་རྒྱུན་བཞུགས་བླ་གྲྭ་རྣམས་དང་། ཁྱིམ་དུ་རྒྱུན་བཞུགས་བླ་གྲྭ་མཁན་སློབ་རྣམས་ཀྱིས། བསྒྲིགས་བརྩི་ཁྲིམས་སྲུང་བྱེད་རྒྱུ། ཁས་བླང་དམ་བཅའ་ཞུ་རྒྱུ་ལ། དང་པོ་དགོན་རྒྱུན་བཞུགས། སྒོམ་གྲྭ་མཚམས་པ་རྣམས་དང་། སྒྲུབ་ཁང་ལྷ་མཆོད་དང་། སློབ་གཉེར་བ་རྣམ་པས། སོ་སོའི་སྒོམ་སྒྲུབ་ཉམས་ལེན་དང་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་དང་།  གནས་སྐབས་རིང་། མ་བྱན་ཉིན་བདུན་རེ། རེས་བསྐོར་བྱེད་དགོས། ཁོམ་མིན་བྱུང་ན། སོ་སོའི་ཐབས་ཤེས་བཏང་དགོས། དགོན་པར་ཞེ་དགུ་དང་འདོན་ཡོན་ཕུལ་བ་རྣམས། དུས་ཐོག་ཏུ་སྒྲུབ་དགོས་པ་ལས། འཕྱི་འགྱང་བྱེད་མི་ཆོག ་འདུ་ཁང་གི་ཐོག་ཁ་བ། ཚང་མའི་འཕྱག་དགོས། མཚམས་པ་དང་སྒྲུབ་ཁང་རྣམས། དགོན་པར་ཆང་འཐུང་མི་ཆོག་ལ། གྲོང་ནག་ནང་དུ་ཆང་འཐུང་མི་འགྲོ་མི་ཆོག དམིག་གསལ་གྱི་གནས་ཚུལ་ཡོད་ན་མ་གཏོགས། དགོན་པ་ལས་ཁ་བྲལ་ཏེ་ཕྱི་ལ་འགྲོ་མི་ཆོག ་གྲོང་པ་ནང་དོན་མེད་ཞག་སྡོད་བྱེད་མི་ཆོག ་མཚམས་པ་དང་སྒྲུབ་ཁང་རྣམས། གྲོང་པ་ནང་ལ། སྟོན་རིམ་དབྱར་རིམ། ཞེ་དགུ ་ངལ་རྩོལ་སོགས་བྱེད་མི་འགྲོ་མི་ཆོག ་དངོས་ཡོད་གནས་ཚུལ་གྱི་རྐྱེན་པས། དགོན་པའི་ཕྱི་ལ། འགྲོ་དགོས་བྱུང་ན། དགོན་པའི་འགན་ཁུར་ལ་དགོང་པ་ཞུ་དགོས། སྒྲུབ་ཁང་གི་སྔར་སྲོལ་ལྟར། འདོན་རྒྱུའི་གཞུང་རྣམས། ཉིན་གཅིག་ལྟར་ཆད་མེད་འདོན་དགོས་པ་ལས། འདོད་མོས་དང་ཁོམ་པ་ཡོད་ན་འདོན། འདོད་མོས་དང་ཁོམ་པ་མེད་དུས་འདོན་རྒྱུ་གཅོད་མི་ཆོག ་ཟླ་གསོལ་མ་བདུད་བཙན་རྒྱལ་དང་། བརྔན་རྒྱས་པ་འབུལ་རྒྱུ། ཟླ་རེ་མ་ཆད་པར་བྱེད་དགོས། ཟླ་རེའི་ཚེས་༨་་དང་་་༡༥་་་་༢༢་་་༣༠་་བཅས་ཉ་ཆེན་བཞི་ལ། ཤ་ཆང་སྒོག་གཙང་སྤངས་ཏེ། ཚོགས་བརྒྱ་འབུལ་རྒྱུ། མ་ཆད་པར་བྱེད་དགོས། བླ་མ་མཁན་སློབ་རྣམ་པའི་སོ་སོའི་འགན་ཁུར་རྒྱུ་ལ། བོད་ཟླ་བཅུ་གཉིས་པའི་ཚེས་༡༣་་ནས་་༡༨་་བར་སྟོན་པའི་འཁྲུངས་མཆོད་ཆེན་མོར། ཞི་ཁྲོ་འཚོགས་སྐབས། སྦྱིན་བདག་རུ་ཁག་གཉིས་པ། ཚོགས་གཙོ་བླ་མ་དཔལ་མཆོག ་དབྱར་སྒྲུབ་བོད་ཟླ་ལྔ་པའི་ཚེས་་༢༤་ནས་་་༣༠་་བར་རྣམ་རྒྱལ་འཚོགས་སྐབས། སྦྱིན་བདག་རུ་ཁག་དང་པོ་དང་ལྔ་པ། ཚོགས་གཙོ་མཁན་པོ་ཚུལ་ཁྲིམས་ཉི་མ། བླ་མ་པད་མ་ཀུན་ལེགས་འདས་མཆོད། བོད་ཟླ་བཅུ་པའི་ཚེས་་༢༦་་ནས་་་༣༠་་བར། སྟག་ལ་བྱེད་བཟློག ་སྲིད་རྒྱལ་ཚོགས་བརྒྱ། བོན་སྐྱོང་གསོལ་ཁ་བཅས་འཚོགས་སྐབས། སྦྱིན་བདག་རུ་ཁག་གསུམ་པ་དང་། ཚོགས་གཙོ་དབུ་བླ་འོད་ཟེར་མཐར་རྒྱས།   དགུ་ཆེན་བོད་ཟླ་བཅུ་གཅིག་པའི་ཚེས་་༢༧་་ནས་་༣༠་བར། བྱམས་མ་དགྲ་བཟློག་འཚོགས་སྐབས། སྦྱིན་བདག་རུ་ཁག་བཞི་པ་དང་། ཚོགས་གཙོ་མཁན་པོ་བསམ་གཏན་དགེ་ལེགས། མཉམ་མེད་འཁྲུང་མཆོད། བོད་ཟླ་དང་པོའི་ཚེས་༤་་ནས་༦་་བར། མེ་ཏོག་མཆོད་པ་འདོན་སྐབས། སྦྱིན་བདག་དགོན་གཞུང་དང་། ཚོགས་གཙོ་དབུ་བླ་འོད་ཟེར་མཐར་རྒྱས། བཅས་སོ་སོའི་ལོ་ལྟར་འཚོགས་འདུ་བ། མ་ཆད་པ་བྱེད་དགོས་ལ། བླ་གྲྭ་དང་ཡོན་བདག་ལ། འཚོགས་དུས་ཆ་རྒྱབ་དགོས། འཚོགས་མི་མ་སླེབས་པར། ཁྱིམ་ལ་འདུག་མཁན། བླ་གྲྭ་མཁན་སློབས་ལ། འབའ་ཆད་ཚོགས་གཙོ་སོ་སོའི་རྒྱབ་དགོས། འབའ་ཆད་དངུལ་མ་ལོན་ན། ཚོགས་གཙོ་སོ་སོའི་ཆད་དངུལ་བཤགས་དགོས། ལྡོམ་བུ་ལོ་རེ་བླ་མ་མཁན་པོ་རེའི་འགན་ཁུར་རྒྱུ་རྒྱན་འཕང་པ་ལྟར། ༡་་ལྡོམ་བུ་འགྲོ་མི་འགན་ཁུར་ཚུལ་ཉི། ༢་་ལྡོམ་བུ་འགྲོ་མི་འགན་ཁུར་བསམ་དགེ་༣་་ལྡོམ་བུ་འགྲོ་མི་འགན་ཁུར་དཔལ་མཆོག་༤་་ལྡོམ་བུ་འགྲོ་མི་འགན་ཁུར་འོད་རྒྱས་བཅས། རྒྱན་བབས་པ་ལྟར་སོ་སོའི་བླ་གྲྭ་བཀོད་བསྒྲིགས་བྱེད་དེ། ལྡོམ་བུ་འགྲོ་རྒྱུ་འགན་ཁུར་དགོས་ལ། གོང་བླ་མ་མཁན་སློབ་ནས། བར་དབུ་དགེ་མཆོད་གསུམ། འོག་དགེ་འདུན་མང་ཚོགས་བཅས། ཚང་མ་ལྡོམ་བུ། རེས་འཁོར་དུས་མ་སོང་ན། འབའ་ཆད་སྒོར་༨༠༠་་རེ་དགོན་པ་གཞུང་ལ་འབུལ་དགོས། དམིགས་གསལ་གྱི་ལྡོམ་བུ་འགྲོ་མི་ཐུབ་པས། དངོས་ཡོད་གནས་ཚུལ་ཡོད་ན། དགེ་འདུན་མང་ཚོགས་གྲོས་བྱེད་དེ། ཚང་མ་བློ་བབས་ན། དགོང་པ་གནང་ཆོག ་དགོན་པ་ནང་ཁུལ་དུ། འཁྲུག་རྩོད་ཐིང་གཅིག་ཤོར་བར། བར་དཔང་གི་ཁ་གསལ་ལྟར། ལེན་པ་ཆེ་ཆུང་བརྟག་ནས། འབའ་ཆད་སྒོར་༥༠༠་ནས་༡༠༠༠་བར། བཤགས་དགོས། དགོན་པས་དུས་མཆོད་འཚོགས་སྐབས་དང་། དགོན་པས་ངལ་རྩོལ་བྱེད་སྐབས། དགོན་དོན་གྲོས་བསྡུར། ཚོགས་འདུ་སྐབས་བཅས་ལ།  ཞོག་པ་ཆུ་ཚོད་༡༠་པའི་ཐོག་དགོན་པར་འབྱོར་དགོས། ཆུ་ཚོད་༡༡་་ཡོལ་ན། འབའ་ཆད་སྒོར་༢༥་་བཤགས་དགོས། ཕྱི་དྲོ་ཆུ་ཚོད་༣་་པ་ཡོལ་ན། འབའ་ཆད་སྒོར་་༥༠་བཤགས་དགོས། ཕྱི་ཉིན་ནས་ཉིན་རེ་ཆད་ནས། འབའ་ཆད་སྒོར་་༡༠་་རེ་བཤགས་དགོས། དཔེར་ན་གྲྭ་པ་གཅིག་དགོན་པ་འཚོགས་སྐབས། ཉིན་གསུམ་ཆད་ན། འབའ་ཆད་སྒོར་༧༠་བཤགས་དགོས།  འབའ་ཆད་དངུལ་དེ། གྲྭ་མང་འཚོགས་མཁན་ཡོད་པ། དེ་དག་ལ་བགོ་དགོས། འབའ་ཆད་དུས་ཐོག་ཏུ་མི་བཤགས་མཁན་དང་། དགོན་པའི་བསྒྲིགས་ཁྲིམས། མི་སྲུང་མཁན་མཐོ་དམན་སུ་ཡིན་ཀྱང་། དགོན་པའི་སྒྲིགས་ཁོངས་ལས། ཕྱིར་ཕུད་རྒྱུ་ཡིན། བླ་གྲྭ་མཁན་སློབ་སུ་འདྲ་ཞིག ་དགོན་སྡེ་གཞན་གྱི། བཤད་སྒྲུབ་སྒོམ་གསུམ་གང་རུང་ལ། ཞུགས་ནས་བསླབ་པ་སློབས་གཉེར་དང་། སྦྱོང་པ་ཉམས་ལེན་བྱེད་པར། འགྲོ་འདོད་ཡོད་མཁན་སུ་ཡོད་ཀྱང་། དགོང་པ་ཡོད་པས། དགོན་པའི་འདུ་འཚོགས་དང་། ལས་དཀའ་ལ་ཞུགས་མི་དགོས་ལ། འབའ་དང་ཆད་པ་བཤགས་མི་དགོས། དེ་སྔ་ནང་ལྟར་གྲྭ་ཐོ་བཟུང་ནས། དགོན་པ་གཞན་ལ་བློ་བདེ་བག་ཕེབས་ངང་། ཡོན་ཏན་སྦྱོང་ཆོག་ལ་དགོན་པ་གཞུང་གི་རོགས་རིམ་བྱེད་དགོས། དགོན་པར་འཚོགས་འདུ་བས། གཏོང་བགོ་དང་། ལྕི་ཤིང་། བརྟན་རྩ། ལྡོམ་བུ་སོགས། སློང་མོ་ཞལ་འདེབས་ཀྱིས། སྐུལ་སློང་དང་སྣེ་ཁྲིད་མཁན་ནི། ལྷ་བོན་གཉིས་ལ་བློ་གཏད་མཁན་གྱིས། འགོ་ཁྲིད་སྔོན་མའི་བཤོ་སྲོལ་ལྟར། ད་ལྟའི་འགོ་ཁྲིད་བློ་སེམས་བོན་ལ། གཏད་མཁན་རྣམས་པས། བཀོད་བསྒྲིགས་དང་། འགན་ཡོངས་སུ་ཁུར་དགོས།  ནག་རུ་ལྷ་སྡེ་ཡོངས་ཀྱི། སྔོན་གཤེགས་བླ་མ་མཁན་པོའི། དཀའ་དྲིན་ལ་བསམ་ཤེས་དང་། ད་བཞུགས་བླ་གྲྭ་མཁན་སློབ་རྣམ་པའི། ངོ་ལ་བལྟས་ནས། རང་ཡུལ་གྱི་དགོན་པ་འདི་ལ། རྟ་རེས་འཁོར་དུས་དང་། དགོན་པར་ངལ་རྩོལ་བྱེད་དུས་དང་ འཚོགས་འདུ་བའི་གཏོང་བགོ་སྐབས། དཀའ་ངལ་ཁྱད་བསད་བྱེད་དེ། དགེ་བ་ཡིན་བསམ་པས། ལྷག་བསམ་རྣམ་དག་གི་བྱེད་དགོས་ལ།   ལྕི་ཤིང་བརྟན་རྩ། ལྡོམ་བུ་སོགས། རྒྱུ་དཔལ་འབྱོར་འབུལ་དུས། སེར་སྣ་དང་འཕང་སེམས་མེད་པར། ཚོགས་བསགས་སྒྲིབ་སྦྱོང་ཡིན་བསམ་པས། འབུལ་དགོས། དེ་ལྟར་བྱས་ན་བསོད་ནམ་དཔག་མེད་ཡོད་པ། གཤེན་རྒྱལ་མཆོག་གི་ཞལ་གྱི་བཞེས་པས་སོ། དེ་མིན་གྲོང་ཆོག་དང་ཆང་རག་ལ་མགོ་འཁོར་ནས། དགོན་པའི་བསྟན་པ། རང་གི་བཙའ་སྐྱོང་བྱེད་མི་ཁོམ། གཞན་ལ་བསྟན་པ་དགོན་པ་སྐྱོང་མི་བཅོལ། གལ་སྲིད་བསྟན་པ་དགོན་པ། བཙའ་སྐྱོང་བྱེད་མཁན་འདུག་ན། ཕྲག་དོག་བྱས་ཏེ།  ལྐོག་གཡོ་ངན་ཇུས་བཤམ་ནས། དེའི་བྱ་བ་ལས་དཀའ་ཀུན་ལ། གནོད་འཚེ་ཅི་ཐུབ་བྱེད་མཁན་གྱི། བླ་གྲྭ་མཁན་སློབ།   བསྟན་པ་དགོན་པའི་དོན་ཆེན་ལ། སྣང་མེད་བྱེད་ནས་བཀོད་བསྒྲིགས་དང་། སྣེ་ཁྲིད་ཀྱི་འགན་མི་ཁུར་བས་འགོ་ཁྲིད། ངོ་ལྐོག་མི་ཐུབ་པས་མང་ཚོགས། དགོན་པའི་འགན་ཁུར་མི་སྣ་ལ། ཁ་རྩོད་ལག་འཛིང་བྱེད་མཁན་གྱི་མི་ངན། གང་ལྟར་བསྟན་པ་དགོན་པ་ལ། གནོད་སེམས་འཆང་མཁན་གྱིས། སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། སངས་རྒྱས་བསྟན་པའི་སྤྱི་དགྲ་ཡིན་པས། བསྟན་སྲུང་དང་དཀོར་བདག་གི ་བཀའ་ཆད་མྱུར་དུ་ཐོངས་ཤིག ་བསྟན་པ་འཛིན་པས་སྐྱེས་བུ་དང་། བསྟན་ལ་ཞུགས་པས་དགེ་འདུན། བསྟན་པའི་ཞབས་འདེག་འགོ་ཁྲིད། བསྟན་པའི་སྦྱིན་བདག་ལྷ་སྡེ་ཡོངས་ཀྱི། སྒེར་དགྲ་ཡིན་པས། དམོད་མོ་དང་ཟོར་ཁ་ཕུར་ཁ་ཐོངས་ཤིག ཅེས་པ་ བསྒྲིགས་སྲོལ་འདི་ལ། བློ་བབས་མོས་མཐུན་གྱི། མིང་རྟགས་བཀོད་རྗེས། ལག་བསྟར་བྱེད་ངེས་པས་དཔང་པོ། མཆོག་གསུམ་ལྷ་དང་སྲུང་མ། བཞུགས་པ་ཞུ། བསྒྲིགས་སྲོལ་འདིར། བློ་བབས་མོས་མཐུན་ཀྱི། མིང་རྟགས་འགོད་མཁན་བླ་གྲྭའི་མཚན་ཐོ་ལས། དང་པོ་དགོན་པར་བཞུགས་མཁན་བླ་གྲྭ་དང་། སྒོམ་གྲྭ་མཚམས་པ། སྒྲུབ་ཁང་བཅས་ལས། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། དགོན་པའི་དབུ་བླ། མཐའ་ཞུ་འོད་ཟེར་མཐར་རྒྱས། གྲྭ་ཚུལ་འོད། བྱང་རྒྱལ། བློ་ལྡན། རྒྱལ་ཚུལ། སྐལ་ཐར། སྐལ་བཟང་། བསྟན་པ་རབ་རྒྱས། ཤེས་རབ་གོང་འཕེལ་བཅས་དང་། རྒྱུན་ལྡན་ཁྱིམ་དུ་བཞུགས་མཁན། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཁན་པོ་བསམ་གཏན་དགེ་ལེགས། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཁན་པོ་ཚུལ་ཁྲིམས་ཉི་མ། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བླ་མ་དཔལ་མཆོག་ དབུ་མཛད་གཡུ་ལྷ། དབུ་མཛད་སྨོན་བསྟན། དབུ་མཛད་གཙུག་ཕུད། གྲྭ་ཤེས་བློ། སྒོང་བཙོན་འགྲུས། ཉི་མ། པད་དགའ། མི་ནུབ་ བསོད་ནམ་དབང་འདུས། བསྟན་ཚུལ། ལུང་རྟོགས། ཀུན་དགའ། བློ་གྲོས་འབྱུང་གནས། དཔལ་ལྷ། སྨོན་ཕུན། ཚུལ་དཔལ། མི་འགྱུར། མིང་རྟགས་འགོད་པར་མ་ཡོང་བ་དབུ་མཛད་ཡས་རབ་དང་བཟོད་པ་ཚུལ་ཁྲིམས་གཉིས་བཅས་སོ། ༢༠༠༧ཟླ་༧་པའི་ཚེས་༩་་ཉིན། སྔར་སྲོལ་ལྟར་དགོན་པར་རྣམ་རྒྱལ་འཚོགས། དེ་སྐབས་སྡེ་མང་ཚོགས་ཚོས། འདི་ལྟར་དགོན་པ་འཚོགས་རྒྱུ་རེད་བསྡད་ན། དགོན་པ་མར་འགྲོ་ལམ་བདེ་ས་ལ། སྤོ་དགོས་ས་གདའ་ཟེར་མཁན་མང་པོ་གདའ། དེའི་རིང་གཏོང་ཡོང་རྩིས་གཏུག་པས། འདི་ལོའི་ཡོང་འབེབས་སྒོར་༥༡༩༧༥་་དང་། སྔ་ལོའི་ལྷག་སྒོར་༢༤༢༧༩་དང་ཁྱོན་སྡོམ་སྒོར་༧༦༢༥༤་དང་། འགྲོ་སོང་སྒོར་༦༦༧༡༧་་དང་། ལྷག་སྒོར་༩༥༣༧་བཅས་ཡོད་པ། རྩིས་གཏུག་ཚེས་་༡༩་ཉིན། དགོན་པར་ལས་དོན་རུ་ཁག་ཡོང་ཙམ་བྱས། ཚེས་་༢༠་ཉིན། བླ་གྲྭ་ཚང་མ་དགོན་པར་རུག་ ལས་དོན་ཡོང་ནས་བསྡད། ཚེས་་༢༧་ཉིན། དབལ་གསས། སྒྲུབ་ཞག་༣༠་སོང་ནས་མཚམས་གྲོལ། ཚེས་་༣༡་་ཉིན། མ་རྒན་མིག་ཕྱེ་བར། རི་བོ་ཆེ་ལ་ཁྲིད། ཟླ་་༨་པའི་ཚེས་༢་་ཉིན། མིག་ཕྱེས། ཚེས་་༥་་ཉིན་དགོན་པར་འབྱོར། དེ་སྐབས་བསམ་དགེ་ནས་༡༩༩༩་ལོའི་འབུ་དངུལ་དང་། ༢༠༠༠་ལོའི་འབུ་དངུལ་གཏོང་ལྷག་ སྒོར་༢༠༠༠་་དགོན་པར་ཕུལ། དེ་འཕྲོ་ཆག་ཡང་བྱས། ཚུལ་ཉི་ནས་༢༠༠༠་ལོའི་འབུ་དངུལ། སྒོར་་༢༠༠༠་དགོན་པར་ཕུལ། ཏོག་ཙམ་ཆག་ཡང་བྱས། ཡེ་ཤེས་རབ་གསལ་གྱི་༢༠༠༠་ལོའི་བུན་སྒོར་༤༠༠༠་ཁ་ལྷག་ལས། ཚུར་ལོན་པ། སྒོང་བཙོན་འགྲུས་ནས་༡༠༠༠་དང་། ཕུར་བུ་ནས་༥༠༠་དགོན་པར་འཕྲོད།  སྐལ་བཟང་གི་གཉེར་༡༩༩༨་ལོའི། གཉེར་ལྷག་སྒོར་ ༢༨༠༠་དགོན་པར་ཕུལ། དེ་སྐབས་གྲོས་བྱས་དོན།དགོན་པའི་ལམ་འདི། ལེགས་པོ་ཞིག་བཟོ་དགོས་ས་འདུག་ དེའང་ས་ཕྱག་འཕྲུལ་ཆས་གླ་དགོས། གླ་བྱེད་སྡེ་ནས། ཞལ་འདེབས་སློང་དགོས་ཟེར་བས། ཚེས་་༧་་ཉིན། ངེད་བླ་མ་མཁན་པོ་རྣམས་ཚོ་བགོས་ཏེ་སོང་བས། ཕྲན་གྱི་རུ་ཁག་གསུམ་པ་ནས་སྒོར་ ༤༠༥༠་། བསམ་དགེའི། རུ་ཁག་བཞི་པ་ནས་སྒོར་༤༦༥༠་། དཔལ་མཆོག་གི་ རུ་ཁག་གཉིས་པ་ནས་སྒོར་༥༣༠༠་་།  ཕྲན་དང་ཚུལ་ཉི་གཉིས་ཀྱི། རུ་ཁག་ལྔ་པ་དང་། དང་པོ་ནས་སྒོར་༦༣༢༥་་། བཅས་ཞལ་འདེབ་བྱུང་བས། ཚེས་༩་་ཉིན། ས་ཕྱག་འཕྲུལ་ཆས་ཀྱི་ལམ་བཟོས། དེ་ནས་དགོན་པ་བཅོས་བསྒྲིགས་སྐབས། ལྷ་ལ་གཟུང་གཞུགས་ཕུལ། བུམ་པ་ཆེ་འབྲིང་། བཅོ་ལྔ་ཙམ་བླུས་ནས། ས་ལ་སྦས་པ་སོགས་བྱས། བླ་གྲྭ་འགའ་རེ་དཀར་ལྡོམ་བྱོན། དེ་ལྟར་གྲོང་པའི་བཀོར་ལ་གཡེང་བཞིན། དུས་ཚོད་གར་སོང་མ་མཐོང་བར་སྤྱི་ཟླ་༡༡་་པའི་ཚེས་༢༦་་སོང་འདུག་། ཚེས་༢༦་ཉིན་ཕྲན་རང་དགོན་པར། དབལ་ཕུར་སྒྲུབ་པར་བསྡད། ཟླ་འདིར་བླ་གྲྭ་འགའ་རེ་འབྲུ་ལྡོམ་བྱོན།  བོད་ཟླ་༡༠་པར། སྔར་སྲོལ་ལྟར་སྟག་ལ་འཚོགས། ཟླ་་༡༡་པར་སྔར་སྲོལ་ལྟར། བྱམས་མ་འཚོགས། བོད་ཟླ་༡༢་པའི་ཚེས་༡༣་ཉིན། སྔར་སྲོལ་ལྟར། ཞི་ཁྲོ་འཚོགས། ༢༠༠༨་ལོའི་ཟླ་༢་པའི་ཚེས་༣་་ཉིན། དབལ་ཕུར་སྒྲུབ་ཞག་ ༧༣་་སོང་ནས་མཚམས་གྲོལ།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.