སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ།  16 | 2013/11/5 13:12:00

༈ རང་ལོ་སོ་བདུན་པ། ༢༠༠༨་ས་བྱི་ལོའི། གནམ་ལོ་གསར་ཚེས་ཀྱི། དགའ་སྟོན་དགོན་པར། ཉིན་ཁ་ཤས་བཏང་། དེ་ནས་དགེ་སྦྱོར་སྒྲུབ་བཞིན་དགོན་པར་བསྡད། སྤྱི་ཟླ་༤་་པའི་ཚེས་༨་་ཉིན། སྨན་བཅོས་ལ། ཆབ་མདོ་ནས་ལྷ་སར་སོང་། ཚེས་༢༡་་ཉིན་དགོན་པར་འབྱོར། སྤྱི་ཟླ་་༥་་པའི་ཚེས་༡༣་ཉིན། དགོན་པའི་འབུ་ལྡོམ་འགྲོ་རྒྱུ། གྲོས་བྱེད་སྐབས།  དཔལ་མཆོག་གི་ཁྲ་ལྕམ་ཝ་གསུམ་དང་། སྤུ་ཐོག་ཁར་ང་སྒེར་གྱི། འབུ་སློང་མོ་འགྲོ་དགོས་ཟེར་བས། ཕྲན་གྱི་བླ་མ་དཔལ་མཆོག་ཁྱེད། ལོ་ལྟར་སྒེར་གྱི་འབུ་སློང་མོ་འགྲོ། འབུ་དངུལ་དེས། བཟའ་ཉོབ་སྡོད་ས། ཁང་པ་རང་ལས་བསྡད་ན། རང་གི་མིང་བླ་མ་འཛིན། དཀོས་ཟས་དང་སློང་མོ་བྱས་པ། དགེ་ཕྱོགས་སུ་ཏོག་ཙམ་མ་གཏོང་ན། རང་གཞན་གཉིས་ཕུང་འགྲོ་རྒྱུ་ལས་ཡོད་མ་རེད་ལབ་པས། ཁོང་གི་དེ་སྔ་ལོ་ཁ་ཤས་ལ། ང་སྒེར་གྱི་འབུ་སློང་མོ་སོང་བ་ཡིན། ད་ཕྱིན་ཆད། ད་ལོ་མ་གཏོགས་ང་སྒེར་གྱི་འབུ་སློང་མོ་འགྲོ་རྒྱུ་མིན། ད་ལོ་འབོ་གཞུང་ལ། དགོན་པས་འབུ་སློང་མོ་འགྲོ་ཆོག་ཟེར། དེ་སྐབས་ངས་་བཤད་པས། ཚིག་དེས། ཁོང་ཤིན་ཏུ་གནོད་ཡོད་པ། ངས་རྗེས་སུ་ཤེས་སོང་།   མཁན་པོ་བསམ་དགེའི་ཡང་ཁོང་སྒེར་གྱི། འབུ་སློང་མོ་འབོ་གཞུང་དང་། ཁྲ་ལྕམ་ཝ་གསུམ་ལ། འགྲོ་དགོས་ཟེར་བས། ངས་འདི་སྙམ་དུ། འདི་ལྟར་དགོན་པའི་བླ་མ་མཁན་པོའི་མིང་ཁུར། དོན་དུ་སྒེར་གྱི་ཆེད་དུ་རང་། བྱ་བ་ལས་དཀའ་སྒྲུབ། གཞན་དགོན་པའི་སྤྱི་དོན་བྱེད་མཁན་ལ། གནོད་ཅི་ཐུབ་དང་། བཤད་རྒྱུ་ཅི་རྙེད་བྱས་བསྡད་ན། དགོན་པ་དར་རྒྱས་འགྲོ་ཐབས་ག་ལ་ཡོད་བསམ་བྱུང་། དེ་ནས་ཚེས་་༢༨་་ཉིན། གྲྭ་ཤེས་རབ་དང་ལྷན་དུ། ཁྲ་ལྕམ་ཝ་གསུམ་ལ། འབུ་སློང་མོ་སོང་བས། འབུ་༧༧༨་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། ཚུལ་ཉི་དང་སྨོན་ལམ་བསྟན་འཛིན། སྤུ་ཐོག་ཁར་འབུ་སློང་མོ་སོང་བས། འབུ་༤༡༩་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། དཔལ་མཆོག་དང་དང་གཡུ་ལྷ། འབོ་གཞུང་ལ་འབུ་སློང་མོ་སོང་བས། འབུ་་༣༩༥་་བྱུང་བ་གྲྭ་རྒན་གསུམ་ལ་རྩིས་སྤྲད། འདི་ལོའི་འབུ་མ་བཙོང་བར་ལུས་སོང་བ་རེད། སྤྱི་ཟླ་་༦་་པའི་་༩་ཉིན་ནས། སྤྱི་ཟླ་་༧་པའི་ཚེས་༡༠་བར།  དུས་རྒྱུན་འདོན་རྒྱུ་མ་ཆད་པ་བྱས་ཐོག་ ཞོག་པ་གཏོར་མ། རྒྱས་བསྡུས་གང་ལྕོག་བརྒྱ་རྩ་བརྒྱད་རེ་གཏོང་། སྔ་དྲོ་སྲིད་རྒྱལ་ཚོགས། རྒྱས་བསྡུས་གང་ལྕོག་བརྒྱ་རྩ་བརྒྱད་རེ་ཕུལ། ཕྱི་དྲོ་མ་འདལ། ཚར་གཅིག་སྟོང་ཡན་གང་ཐོན་ཕུལ།  ཚེས་་༡༢་ཉིན། སྔར་སྲོལ་ལྟར་དགོན་པར། རྣམ་རྒྱལ་འཚོགས། ཚེས་་༡༦་ཉིན། གཏོང་ཡོང་རྩིས་གཏུག་པས། འདི་ལོའི་ཡོང་འབེབས་སྒོར་༥༡༩༧༥་་། སྔ་ལོའི་ལྷག་དད་སྒོར་་༢༤༢༧༩་་། ཁྱོན་སྡོམ་སྒོར་་༧༦༢༥༤་་། འདི་ལོའི་འགྲོ་སོང་སྒོར་་༦༦༧༡༧་་། ལྷག་བསྡད་སྒོར་་༩༥༣༧་་། ཡོད་པ་བཅས་བླ་གྲྭ་ཡོང་དང་། སྦྱིན་བདག་ཚང་འཛོམ་ཐོག་རྩིས་གཏུག་ དེ་ནས་ཕྲན་གྱི་ད་དགོན་པར། གཉེར་པ་མེད་ན། ངོ་མ་ཐབས་ཆགས་འདུག་ གཅིག་ནས་། དགོན་པའི་དཔལ་འབྱོར། གཏོང་ཡོང་ཐོ་བཀོད་མཁན་དང་། གཉིས་ནས། དཔལ་འབྱོར་གཉེར་མཁན་མེད་ན། མེད་ཐབས་མི་འདུག་པས། ཚང་མའི་གྲོས་བྱེད་རོགས་ལབ་པས། དེར་ཚང་མས་གཉེར་པ་བསྐོ་རྒྱུ་གྲོས་བྱས་པས། བླ་གྲྭ་རྣམས་གཉེར་པ་སྡོད་རོགས་སུ་ལ་ཟེར་ནའང་མི་ཁོམ་ཟེར་ནས། སྡོད་རོགས་མ་བྱས་དེར་ངས་ད་ཁྱེད་རྣམ་པ། དགོན་པར་སྡོད་རྒྱུ་ལ་དོག་ན། སྔར་རྒྱུན་ལྟར་ལས། འདིར་ཡིན་ཙིག་མིན་གཉིས་སྡོད་ཟེར་མི་འོང་། དགོན་པའི་དཔལ་འབྱོར། ཉར་ཚག་བཟོ་མཁན་དང་། དངུལ་གཉེར་མཁན། གཏོང་ཡོང་ཐོ་བཀོད་མཁན་བཅས། མ་བཞག་ན། ཐབས་མི་འདུག་ལབ་པས། མཐར་གྲྭ་པ་ཚང་མ། གཉེར་པ་སུ་སྡོད། རྒྱན་འཕེན་རྒྱུ་དང་། ལོ་རེ་གྲྭ་པ་གཉིས་རེ་སྡོད་རྒྱུ། གཅིག་གི་དཔལ་འབྱོར་ཉར་རྒྱུ་དང། དངུལ་གཏོང་ཡོང་ཐོ་བཀོད་རྒྱུ། གཅིག་གི་ལོ་རེའི་དགོན་པར་དངུལ་ཡོང་འབེབས། ཙག་ཙིག་ཐམས་ཅད་ཉར་རྒྱུ་དང་། དགོན་པའི་དངུལ་གཏོང་རྒྱུ་དང་། དེ་མིན་འབུ་དངུལ་སོགས། དངུལ་མང་ཆེ་བ། དངུལ་ཁང་དུ་བཅོལ་ཏེ། དངུལ་འཛིན་དགོན་པར། བླ་མས་ཉར་ནས། དངུལ་ནམ་མཁོ་དུས་སུ། བླ་མའི་ཕྱག་ནས། གཉེར་པས་བླང་རྒྱུ་བཅས་གྲོས་བྱས། དེར་གྲྭ་པ་ཚང་མ་རྒྱན་འཕང་པས། ༈ རྒྱན་དང་པོ། གཡུ་ལྷ་དང་། དཔལ་ལྷ། ༈ གཉིས་པ། སྨོན་བསྟན་དང་། ཚུལ་དཔལ། ༈ གསུམ་པ། རྒྱལ་ཚུལ་དང་ཉི་མ། ༈ བཞི་པ། སྐལ་བཟང་དང་ཤེས་བློ། ༈ ལྔ་པ། བསོད་དབང་དང་ཀུན་དགའ། ༈ དྲུག་པ། བློ་གྲོས་དང་ལུང་རྟོགས་བཅས་བབས་པས། ཚེས་༡༧་་་ཉིན། གཉེར་དཔལ་ལྷ་དང་། གཡུ་ལྷར། དངུལ་རྩིས་སྤྲད་པ་དང་། དགོན་པའི་མཆོད་ཆས་སོགས། ཅ་ཀ་རྩིས་བླང་། སྤྱི་ཟླ་་༨་་པའི་་ཚེས་་༢་ཉིན། གཙང་པ་གླས་ནས། ཞལ་ས་གྲུས་ཏེ། འདུ་ཁང་ཕྱིར་ཞལ་ལ་རྒྱབ། འདི་ལོ་དགོན་པའི། གྲྭ་ཚུལ་འོད་དང་། བློ་ལྡན། ལུང་རྟོགས་བཅས་ཀྱི། གྲྭ་ཤག་རེ་རེ་རྒྱབ། འདི་ལོའི་དགོན་པའི། འདུ་འཚོགས་རྣམས། སྔར་སྲོལ་ལྟར་དང་། སྒྲུབ་གྲྭ་ཚུག་ཐུབ་པས། གྲོས་བསྡུར་ཡང་ཡང་བཟོས་ཀྱང་། དོན་འབྲས་མ་སྨིན། འདི་ལོའི་དབྱར་ཀར། ནག་རུ་བཙུན་མ་འགས། ནམ་མཁའ་རིན་པོ་ཆེ། ནག་རུའི་སྡེ་ནང་ལ། གདན་དྲངས་ཞུས་ཡོད་འདུག་པས། དེ་སྐབས་ནམ་མཁའ་རིན་པོ་ཆེའི། ཕྲན་སོགས་དགོན་པའི་བླ་མ་མཁན་པོ་རྣམས། གར་ཡོད་རེད། ཁོང་ནག་རུ་དགོན་ལ་ཕེབས་དགོས་གསུང་ཡོད་འདུག་ཀྱང་། ཕྲན་གྱི་ཁོང་ནག་རུ་ལ་ཕེབས་ཡོད་པའང་། རྗེས་སུ་མ་གཏོགས་གོ་ཐོས་མ་བྱུང་བས།   སྤྱི་ཟླ་་༡༢་པར།  ནམ་མཁའ་རིན་པོ་ཆེ། གསེར་རྩ་རུ་བཞུགས་ཡོད་པ་གོ་ཐོས་བྱུང་བས། ཕྲན་གྱི་བསམ་པར་ནམ་མཁའ་རིན་པོ་ཆེ། གདན་དྲངས་ཐུབ་སྟེ། ཨ་དཀར་བུམ་སྒྲུབ་འཚོགས་རྒྱུ་བྱུང་ན། ནམ་མཁའ་རིན་པོ་ཆེ་ལ། དགོན་པ་སྤོ་དགོས་པས། བཀའ་སློབ་གནང་རོགས་ཞུས་ཏེ། དགོན་པ་སྤོ་རྒྱུ་གྲོས་བྱ་ཆོག་ལེ་གདའ། གལ་སྲིད་གྲོས་མཐུན་ན། བླ་གྲྭ་དང་འགོ་ཁྲིད། སྡེ་མང་ཚོགས་ཚང་མས། ཕྱར་བ་གྲུ་འདེག་བྱེད་ནས། དགོན་པ་སྤོ་ཐུབ་རྒྱུ་རེད། དེའང་ཁོང་གདན་འདྲེན་ཞུ་མཁན། ང་སོང་ན། ང་ལ་དུས་རྟག་ཏུ་ཕྲག་དོག་བྱེད་ནས། བསྟན་པ་རྒྱས་མི་བཅུག་མཁན། མི་ངན་སེར་གོས་གྱོན་མི་འདི་དག་གི དགོན་པ་སྤོ་རྒྱུ་དེ་ངས་འདོད་ཚུལ་རེད་བསམ་ནས། བཀག་འགོག་དང་གནོས་བསྐྱལ་ངེས་རེད་སྙམ་ནས། ཚེས་༡༣་་ཉིན། ཁ་སྤར་བཏང་ནས། བླ་གྲྭ་ཚང་མ་རུག་ནས། ནམ་མཁའ་རྒྱལ་མཚན། རང་དགོན་དུ་བྱོན་དགོས་གསུང་པ། ཁྱེད་རྣམ་པས་གོ་ཐོས་བྱུང་ཡོད་ཤག་ལ། ཁོང་དགོན་པ་འདིར་ཕེབས་དགོས་དགོངས་དུས། ང་ཚོའི་གྲ་བསྒྲིགས་བྱས་ཏེ། གདན་འདྲེན་ཞུ་དགོས་ཚུལ་གྲོས་བྱས་པས། ཁོང་བླ་གྲྭ་རྣམ་པས། ནམ་མཁའ་རིན་པོ་གདན་དགོས་ཞེས་ཚང་མ།  གདན་རྒྱུ་གྲོས་མཐུན་པ་དང་། གྲ་བསྒྲིགས་ཆེན་པོ་ཅི་དགོས་མག་ཟེར། ཁོང་གདན་འདྲེན་ཞུ་མཁན། སུ་འགྲོ་ལབ་པས། གཉེར་པ་གཡུ་ལྷས། ངས་ཁ་ལ་རྣམ་རྒྱལ་རྒྱུད་དེ། ཁོང་གི་གདན་འདྲེན་འོང་ཟེར། དེར་ཚང་མའི་གཉེར་པ་གཡུ་ལྷ་ཡིས། བླ་མ་ནམ་མཁའ་རིན་པོ་ཆེ། གདན་འདྲེན་འོང་དུས་རུག་རྒྱུ་བྱས་ཏེ་སོང་།  དེ་ནས་ཞག་མ་༢༠་མཚམས། ཕྲན་གྱི་གཡུ་ལྷར། ད་ནམ་མཁའ་རིན་པོ་ཆེ་ནམ་ཕེབས། ཐུབ་ས་འདུག་དྲིས་པས། ཁོང་དང་དཔལ་ལྷ་གཉིས་ཀྱི། རྫ་ཁ་ལ་རྣམ་རྒྱལ་ལ། ནམ་མཁའ་རིན་པོ་ཆེར་ཞུ་རོགས་ལབ་པ་ཡིན། ག་དུས་བྱོན་ཐུབ་མིན་གཏན་ཁེལ་མ་ཐལ་ཀྱང་། གང་ལྟར་ན་གདན་འདྲེན་ཞུ་འོང་ཟེར།  ༢༠༠༩་ལོའི་ཟླ་༡་པོའི་ཚེས་༡་ཉིན། ཚེ་སྒྲུབ་མཚམས་ལ་བསྡད། ཟླ་༢་པའི་ཚེས་༢༣་ཉིན། སྒྲུབ་ཞག་༥༣་སོང་བས། མཚམས་གྲོལ། འདི་ལོ་དགུན་ཁ། དགོན་པར་གྲྭ་པ་ཨ་ནེ་དང་། སྐྱ་སེར་༣༠་ལྷག་ སྔོན་འགྲོ་དང་། དངོས་གཞི་སྦྱོང་མཁན་བྱུང་བ་རྣམས་ལ། ཐུན་བར་རྣམས་སུ། སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་། དངོས་གཞི་སྐུ་གསུམ་རང་ཤར་སོགས། ཁྲིད་ལུང་འགའ་འདོན་ཁུལ་བྱས།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.