སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་བཅོས་བྱས་པ།  36 | 2013/10/30 16:50:00

དེ་སྔོན་ཟླ་ཤས་ནང་། ཕྲན་ཆོས་དོན་ཅུས་ལ་སོང་ནས། ཕྲན་དགོན་པ་ནས་དགོང་པ་གནང་རོགས། དཔལ་འབྱོར་རྩིས་གཏུག་རོགས་ཞེས། ཐིང་མང་ཞུས་པ་ཡིན། དེ་མཚམས་ཕྲན་དགོན་པར། བདུད་རྩི་ཆུ་རྒྱུན་སོགས་ཆུ་གཏོར་གཏོང་བཞིན་བསྡད་པ་ཡིན། སྤྱི་ཟླ་༧་པའི་ཚེས་༥་ཉིན་སྔར་སྲོལ་ལྟར་དགོན་པར། རུ་ཁག་དང་པོ་དང་ལྔ་པའི་རྣམ་རྒྱལ་འཚོགས། ཚེས་༡༡་ནས་དགོན་པར་དགེ་སྦྱོར་སྒྲུབ་བཞིན་བསྡད་པ་ཡིན། འདིའི་སྐོར་ཁོང་ཚོས་འཆར་གཞི་བཞག་སྟེ། ནག་རུ་སྡེ་མང་ཆེ་བ་ལ་བླ་མ་དཔལ་མཆོག་སོགས་གྲྭ་པ་འགའ། ཕྲན་ལ་བཤགས་རྒྱུ་དངུལ་སློང་མོ་སོང་འདུག་། དེ་འང་སྒོར་༣༣༠༠༠་མི་བརྒྱད་ལ་བགོས་ན། མི་རེར་སྒོར་༤༡༠༠་རེ་ཐོབ་པ་རེད། ཁས་ལེན་པ་ཚོའི་དངུལ་བཤགས་མི་དགོས་པ་བྱས་ཡོད་ཚོད་རེད། དེ་ནས་ཆོས་དོན་ལས་ཁུངས་ཀྱི་གནས་ཚུལ་ཐག་གཅོད་མཁན། དགོན་པར་སླེབས་འོང་ལབ་པ་ལས། ད་བར་གོ་རྒྱུ་ཚོར་རྒྱུ་མི་འདུག་པས། ལྷག་པ་ལ་གོང་གཏུག་བྱས་ཏེ། ཞོར་དུ་གནས་ཚུལ་ཐག་གཅོད་རོགས་སོགས་ཞུ་དགོས་པ་ལས། དེ་མིན་ཕྲན་དགོན་པ་འདིར་བསྡད་ནའང། ད་རུང་སྲོག་མགོ་ཐོན་མིན་མི་ཤེས་པས། དེ་ལས་དགོང་པ་ཞུ་དགོས་སྙམ་སྟེ། སྤྱི་ཟླ་༨་པའི་ཚེས་༨་ཉིན། ཆོས་དོན་ལས་ཁུངས་སོགས་ལ། རེ་འདུན་ཡི་གེ་འདི་གཉིས་ཕུལ་བ་ཡིན། དེ་རྗེས་སྤྱི་ཟླ་༩་པའི་ཚེས་ཉིན་ཡང་ཡས་རབ་ཀྱིས་བཀའ་སྒྲུབ་མཁན་དང་ཁོང་གི་ཉེ་ཡ། སྒྲུབ་གྲྭ་བ་འདན་ཁུག་གྲྭ་ནམ་མཁའ་ཡས་ཤས་ཀྱིས། ཕྲན་གྱི་སྔུན་བཀག་ནས་ཟེར་དོན། ཁྱེད་ཀྱིས་ལྷག་པ་ལ་བསམ་འཆར་བཤད་མི་ཆོག་ལ། གོང་གཏུག་ཡི་གེ་བཞག་མི་ཆོག་ ཁྱོས་གོང་ལ་ཡི་གེ་བཞག་ན་ཁྱོད་ང་ཚོ་སྒྲུབ་གྲྭའི་ལས་སླ་མོ་མི་བཞག་ ཁྱོད་སྡུག་ཚོད་ཟུངས་ན་འགའ་རེད། ཁྱོད་སྡུག་སྲོག་ལ་ཉར་ར་གྱིས་སོགས་ཟེར་ནས། ཕྲན་ལ་བརྡིག་བརྡིག་གཏོང་བྱུང་བས། ཕྲན་གྱིས་སྒྲུབ་མཁན་ཡས་རབ་དང་། སྒྲུབ་གྲྭ་བ་ནམ་ཤེས་ཁྱེད་གཉིས་ཀྱིས། ད་ནག་རུ་དགོན་པའི་སྒྲུབ་གྲྭ་འདི་རྩ་མེད་མ་གཏོང་། དེ་སྔ་ཡན་ཕྲན་གྱིས་ཁྱེད་ཚོས་དགྲ་རྒྱབ་པ་ཕམ་ཁ་ཁུར་བ་ཡིན་ལ། གྱོད་ཕམ་ཁ་ཁུར་བ་ཡིན། རྒྱུ་དངུལ་གྱོང་གུད་ཁུར་བ་ཡིན། དེ་དོན་ནི་དགོན་པ་དང་སྒྲུབ་གྲྭ་ལ་མི་གནོད་པའི་ཕྱིར་ཡིན། ད་དེ་སྔ་ཁྱོད་ཚོས་ཅི་འ་ཅི་ཐུབ་བྱས་བྱུང་། ད་ངས་བཟོད་སྲན་མི་བྱེད་ཐག་ཆོད་ཡིན། ངས་ཡི་གེ་བཞག་ནའང་འདྲ། མ་བཞག་ནའང་འདྲ། ཁྱོད་ཚོ་ལ་ཇུས་རྟོག་ཅི་ཡོད་ཁྱོད་ཚོ་ལ་གནོད་པའི་ཚིག་ནི་བཤད་མེད་ལབ་པ་ཡིན་ཀྱང་། དེ་རྗེས་གོང་གཏུག་ཡི་གེ་མར་བླང་པ་ཡིན། དེ་ནས་འདིས་བསྐོར་གནས་ཚུལ་དྲྭ་བ་ལ་སྤེལ་བས། མཁན་པོའི་༼༼་་ སྔོན་མ་ནས་གྲོས་བྱས་ཏེ། ཕྲན་བརྡུང་རྒྱུའི། འཆར་གཞི་འཇོག་མཁན་ནི་་་་༽༽ཞེས་པ་ནས་ ༼༼་་་ཡར་ཤོག་ལབ་ནས་བཀའ་ཐིང་མང་བཏང་བྱུང་་༽༽ཞེས་པའི་བར་སྤར་གདབ་སྟེ། དགོན་སྡོད་ལས་དོན་ལ་ཚིག་མཚོན་བཏབ་འདུག་ཟེར་ནས། མཁན་པོ་གཉིས་ཀྱི་ཉེ་ཡ་ཤང་གི་ཧྲུ་ཅུ་ལ་ཕུལ་ཡོད་པ་དང་།  ཧྲུའུ་ཅི་ཉི་མ་གྲགས་པའི་དེ་ལ་མཐོང་ཆེན་བྱས་ཏེ། སྟེང་ཆེན་རྫོང་གི་ཧྲུའུ་ཅི་དང་རྫོང་དཔོན་ལ་ཕུལ་ཡོད་འདུག་ དེ་ནས་རྫོང་ཆོས་དོན་ཅུས་ཀྱི་དབུ་ཁྲིད་དང་། ཤང་གི་ཧྲུའུ་ཅི་ཉི་མ་གྲགས་པ་གཉིས་དང་། ལྷ་མཐོང་ཚུན་ཀྱི་འགོ་ཁྲིད་སོགས། དགོན་པར་འབྱོར་ནས་འདིས་དོན་ལ། གདོང་གཏུག་ནས་ར་སྤྲོད་བྱས་པས། ལྷག་པ་དང་ཡས་རབ་གཉིས་ཀྱི་བསྐོར་ལས། མཁན་པོ་གཉིས་ཀྱི་ཡུ་ཏི་དང་། མང་ས། དཀར་ཁྲོམ་ཕུལ་བ་སོགས། ངས་བཤད་པ་ཐབས་ཅད། ཁོང་གཉིས་ཀྱིས་ཀྱང་དོན་བདེན་པ་ཡིན་པ་ཁས་བླང་སོང་ལ། ཕྲན་གྱིས་བཤད་པའི་དོན་རེ་རེ་བཞིན་ར་འཕྲོད་སོང་བས། རྫུན་དང་དཀྲུག་ཏམ་བཤད་སོང་ལབ་མ་བྱུང་ཀྱང་། རྒྱལ་ཁབ་ཀྱི་ལས་བྱེད་ཀྱི་ལས་བཟང་ངན་གང་བྱས་ཀྱང་། ཕྱིན་ཆད་དྲྭ་བར་སྤེལ་མ་ཡོང་གསུང་བྱུང་ལ། དེ་ནས་ཕྲན་གྱིས་སྐབས་འདི་དང་བསྟུན་ནས། དགོན་པ་ནས་དགོང་པ་གནང་རོགས་ཞེས་རེ་བ་ཞུས་པ་དང་། གྲོས་བྱེད་དེ། མཚམས་ཁང་རྒྱབ་བྱེད་མ་དངུལ་ཏོག་ཙམ་སྟེར་རོགས་སོགས་ཞུས་པ་ཡིན་ལ། དེ་སྔོན་ཕྲན་གྱི་འགན་ཁུར་བའི་རིང་དཔལ་འབྱོར་གཏོང་རྩིས་གཏུག་རོགས་ཀྱང་ཞུས་པ་ཡིན། དི་ཡན་མི་ལོ་ཞེ་གཉིས་རིང་གི་ ཕྲན་གྱི་སྐྱུག་བྲོ་བས་མི་ཚེའི་ལོ་ཐོ་ལས་བཤུས་པ་ཡིན། ཕྲན་སོགས་ནག་རུ་དགོན་པའི། བླ་གྲྭ་མཁན་སློབ་ཀྱིས་གསང་བ་ཕྱིར་བསྒྲགས་དང་། གབ་སྦས་སྐུང་པ་ཡོད་ཚད་བཏོན་གདའ་མ་བཤད་མ་གཏོགས། འདིར་རང་སྐྱོན་ཟུར་ཙམ་བལྟ་བའི་མེ་ལོང་བྱེད་རྒྱུར། རང་གཞན་གཉིས་ཀྱི་རྒྱུ་མ་ལྟ་བུས་མཛད་སྤྱོད་རྣམས་ཐུན་མོངས་ཀྱི་སྣང་ངོར། ཀུན་རྫོབ་བདེན་པའི་རང་བཞིན་ཀྱི་གནས་ལུགས་ངོ་མ་དྲང་བརྗོད་བྱས་པ་ལས། རང་གཞན་གཉིས་ཀྱི། སྐྱོན་ཡོན་གསང་བ་ངོ་མ་དང་། གབ་སྦས་སྐུང་བ་ཐམས་ཅད་བཏོན་མེད་ལ། འདིར་བཤད་པ་རྣམས། དེ་སྔ་་་ཕྱི་ནང་ཚང་མའི་ཤེས་པའི། སྤྱི་ཚོགས་ཐོགས་ཡོང་གྲགས་ཀྱི་བྱ་བ་རྣམས། ཕན་སེམས་སྒོས། རང་གཞན་གཉིས་ཀྱིས་ཕྱིན་ཆད་ལས་ངན་རྣམས། འཕྲོ་ཆོད་པའི་ཕྱིར་དུ། འཕྲོ་བཅད་ཐུབ་པ། བཅད་རྒྱུ་ཡོད་པ་ཐམས་ཅད་བཤད་ཡོད་ལ། ད་ཕྱིན་དགོན་འདིར་སྔར་ལྟར་སྡིག་སྡུག་གཏམ་ངན། བསོགས་སའི་གནས་གཞི་རུ་མི་འགྱུར་བར། བཤད་སྒྲུབ་སྒོམ་པའི་བསྟན་པ་དར་ནས་བོན་མདོ་སྔགས་སེམས་གསུམ་ལ། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་བྱེད་སའི་གནས་གཞི་རུ་གྱུར་ཏེ། བསླབ་གསུམ་བསྟན་པ་འཛིན་པའི་སྐྱེས་བུ་བྱེ་བ་ས་ཡའི་འབྱུང་གནས་སུ་གྲུབ་ནས། འཁོར་བ་དོང་སྤྲུག་ནུས་པས་སྨོན་ལབ་འདེབས་བཞིན། བྲིས་པ་འདི་དྲ་བར་སྤེལ་དགོས་དོན་ནི། ཕྲན་གྱི་གྲོགས་པོ་མང་པོས་འདི་སྐོར་གྱི་གནས་ཚུལ་དྲིས་བྱུང་བས། ལན་སྟབས་བདེའི་ཐོག་ནས་བཏབ་ཡོད་པ་ལས། གཞན་དོན་དག་དང་རྒྱུ་མཚན་གང་ཡང་མེད་དོ། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.