སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་བཅོས་བྱས་པ། ༣༡ | 2013/10/30 16:08:00

གོང་དུ་རང་འཚང་སྟོན་པའི་སྐད་ཆ་བཤད་ཟིན་པས། འཇུག་འདི་མ་བཤད་ན་འཚམ་པོ་མི་འདུག་པའི། བཤད་པར་བྱ་སྟེ། དེ་ཡང་ནག་རུ་དགོན་དུ་གྲུབ་ཆེན་ནམ་མཁའ་རིན་པོ་ཆེ། ཐིང་གཉིས་ཕེབས་ནས་བོན་སྦྱིན་གནང་བས། ཐུགས་རྗེས་དཀའ་དྲིན་ལས། ནག་རུ་དགོན་པ་བཞེངས་བྱེད། ནག་རུ་མང་ཚོགས་ཀྱིས་རང་མོས་ཐོག་སྔ་ཕྱི། སྒོར་ཁྲི་སུམ་བརྒྱ་ལྷག་ཞལ་འདེབས་ཕུལ་བ་དང་། དེ་དང་ཆབ་གཅིག་ནག་རུ་དགོན་པར། ༢༠༡༠་ལོའི་ཟླ་༣་པར། སྒྲུབ་གྲྭ་ཞིག་ཚུག་ཐུབ་པ་བྱུང་བ་དང་། དེ་ནས་ནག་རུ་གྲྭ་པ་སྒྲུབ་ཐོན་པ་འགའ་ཡོད་པ་ལས། ཕྲན་གྱིས་ཡས་རབ་འདམ་ནས་། ༢༠༡༡་ལོའི་ཟླ་༤་པར། ནག་རུ་དགོན་པའི་སྒྲུབ་མཁན་དུ་གདན་དྲངས་པ་དང་། ཡས་རབ་སྒྲུབ་མཁན་དུ་འཁོད་ནས་ལོ་གཅིག་འཁོར་རྗེས། དགོན་པའི་ཁྲི་འཛིན་མཁན་པོ་བྱེད་ཆེད། ཁོང་གི་གཙོས་སྒྲུབ་གྲྭའི་དགེ་སློབ་བརྒྱད་ཀྱིས། དོན་དག་རྒྱུ་མཚན་གང་ཡང་མེད་པར། ཕྲན་ལ་རྡོ་རྒྱོབས་ཏེ་བསད་རྩིས་བྱས་ཀྱང་། ཕྲན་དྲན་པ་འཐོར་བ་ལས་མ་ཤི་བས་དེ་ནས་རྫོང་སྨན་ཁང་དུ་༢༠༡༣་་ལོའི་ཟླ་་༢་་ཚེས་་༡༤་ནས་ཚེས་་༢་བར་སྨན་རྒྱབ་པ་དང་། ཚེས་་༢༣་་ཉིན་ཆབ་མདོ་སྨན་ཁང་དུ་འགྲོ་རྒྱུའི་འཛིན། ཤང་སྤྱིབདེ་སོའོ་དང་། རྫོང་སྤྱི་བདེ་ཅུས། དེ་བཞིན་རྫོང་ཆོས་དོན་ཅུས་བཅས་ནས། རག་ཚར་དང་། ཀྲུའུ་རིན་ལྷག་པས་ཕྲན་ལ། མཁན་པོ་བསམ་དགེ་དང་། ཡས་རབ་གཉིས་ཀྱིས། རེ་བ་ལ་ཁྱོད་ཆབ་མདོར་སྨན་བཅོས་འགྲོ་སྐབས་བལྟ་སྲུང་དོ་དམ་བྱེད་མཁན། དགོན་པའི་གྲྭ་པ་གཉིས་དང་། བདེ་སྲུང་མི་སྣ་གཅིག་ ཤང་སྤྱི་བདེ་ཅུས་ཀྱིས། བདེ་སྲུང་མི་སྣ་གཅིག་བཅས། ཁྱོད་ཆབ་མདོ་ལ་འགྲོ་ཁར། སྔོན་ལ་གཏོང་རོགས་ཟེར་བས། ངས་ཆོས་དོན་ཅུས་ལ་ཞུས་པས། ཆོས་དོན་ཅུས་ནས་དགོན་པས། གྲྭ་པ་བཏང་མི་ཆོག་ཟེར་ལ། དགོན་པ་དང་ཤང་གང་རུང་གིས། བདེ་སྲུང་མི་སྣ་གཅིག་གཏོང་ཆོག་ཟེར་བས། ཁྱོད་ཀྱིས་སྨན་འཛིན་སོགས། ཚང་མ་དེ་ལ་སྤྲད་དགོས་ཟེར། ཕྲན་གྱིས་འོ་ཡ་ཟེར་བ་ཡིན། ཡང་དེ་རྗེས་ཤང་གི་བདེ་སྲུང་མི་སྣ་འབྱོར་ནས། ཁྱོད་ཆབ་མདོ་ལ་སང་ཉིན་འགྲོ་མ་འགྲོ་ག་ལེར་གྱིས།  ད་ནང་ཞེ་གཞུང་ཤང་ཧྲུའུ་ཅི་ཉི་མ་གྲགས་པས། ང་ཚོར་ཁ་སྤར་ཐོག་ནས་མ་གསུང་ན། ཁྱོད་ཆབ་མདོ་ལ་འགྲོ་བ་ང་ཚོའི་ཧ་མ་གོ་ གལ་སྲིད་ཁྱོད་ངེས་པར་དུ་འགྲོ་དགོས་ན། ཞག་ཤས་ཕྱི་འཐེན་བྱས་ཏེ་འགྲོ་དགོས། ཀྲུའུ་རིན་ལྷག་པས། ཤང་བདེ་སྲུང་སོའོ་ལ་རེ་བ་བཏོན་ནས།  ཁྱོད་ཆབ་མདོར་སྨན་བཅོས་འགྲོ་སྐབས། བལྟ་སྲུང་དོ་དམ་བྱེད་མཁན། ཤང་བདེ་སྲུང་ལས་བྱེད་གཅིག་ཆབ་མདོར། སྔོན་ལ་བཏང་རོགས་ལབ་བྱུང་བས། ང་ཚོའི་ཤང་ནས་བདེ་སྲུང་བུད་མེད་གཅིག་ སང་ཉིན་མར་ཆབ་མདོར་གཏོང་གི་ཡིན། ཁྱོད་ཆབ་མདོར་འབྱོར་རྗེས། དེའི་ལྟ་སྲུང་བྱེད་རྒྱུ་རེད། སྨན་འཛིན་སོགས་ཚང་མ་དེའི། ཉར་ཚག་བྱེད་རྒྱུ་རེད་ཟེར། དེ་སྐབས་དགོན་པར། མཁན་པོ་བསམ་དགེ་དང་། ཡས་རབ་གཉིས་ཀྱིས། ང་བརྡུང་བས་ཕྱི་ཉིན་དེ་་༢༠༡༣་་ལོའི་ཟླ་་༢་་ཚེས་༡༥་ཉིན། ལྷ་མཐོང་ཚུན་གྱི། ཚུན་ཙུའུ་འགོ་ཁྲིད་ཐམས་ཅད་དང་། ཤང་ཏང་དང་སྲིད་གཞུང་གི་འགོ་ཁྲིད་དང་། དེ་བཞིན་རྫོང་ཆོས་དོན་ཅུས་དང་། འཐབ་ཕྱོགས་གཅིག་འགྱུར་པུ་བཅས་ཀྱི། དབུ་ཁྲིད་རྣམས་གདན་དྲངས་ཏེ། ཐུགས་སྤྲོ་གཏོང་པ་དང་། དེ་སྐབས་ཁོང་ཚོས། རྡོ་རྒྱབ་མཁན་རྣམས་ལ་ལེན་པ་ཆུང་ཚུལ་དང་། ཕྲན་ལེན་པ་ཆེ་ཚུལ་གང་མང་ཞུས་པ་ཐོས། ཚེས་༢༦་་ཉིན་ཕྲན་ཆབ་མདོར་སོང་། དེ་ནས་ཁོ་ཚོས་ཕྲན་བསད་འཆར་བྱས་ཀྱང་ཕྲན་མ་ཤི་བའི། ཁོ་ཚོས་ད་བསད་མ་ཐུབ་ཀྱང་དགོན་པ་ནས་ཕུད་དགོས་བསམ་ནས། བསམ་དགེ་དང་། ཡས་རབ་བཅས་ཀྱིས། ཕྲན་སྨན་ཁང་ནས་དོན་ཚར་རྗེས་དགོན་པར་བསྡད་འོང་ན། ང་ཚོ་དགོན་པར་བསྡད་རྒྱུ་མིན་ཞེས། དགོན་སྡོད་ལས་དོན་རྒྱུད་རྫོང་ཆོས་དོན་ཅུས་སོགས་ལ་ཞུས་འདུག་པ་དང་། དེ་རྗེས་ལྷག་པས། ཕྲན་ལ་བལྟ་སྲུང་བྱེད་མཁན། དགོན་པ་ནས།  བདེ་སྲུང་ལས་བྱེད་ཨ་དབང་དང་། མཁན་པོ་བསམ་དགེའི་གཅུང་པོ་གྲྭ་ཉི་མ་དང་། གསར་བསྐོས་དགོན་པའི་གཉེར་པ། ཨ་ཉོག་ཚེ་དབང་གསུམ། སྔོན་ནས་ཆབ་མདོར་བཏང་འདུག་ལ། ཆབ་མདོ་སྨན་ཁང་གི་ང་གང་ནས་ཡིན་པ་དང་། མིས་རྡོ་རྒྱོབ་ནས་སྨས་པ་སོགས། སྐད་ཆ་དྲི་མི་དགོས་པར། ཤེས་འདུག་ དེར་ཆབ་མདོ་སྨན་ཁང་དུ་བསྡད་ནས། བརྟག་དཔྱད་བྱས་པ་དང་། དེ་ནས་སྨན་རྒྱབ་པ་ཡིན། དེ་སྐབས་ལས་བྱེད་གཉིས་དང་། གྲྭ་པ་གཉིས་བཅས་ཁོ་ཚོ་བཞི་ཡིས། ཀྲུའུ་རིན་ལྷག་པས་བཀའ་ལྟར། ཕྲན་བརྟག་དཔྱད་བྱས་པས། སྨན་འཛིན་ཐམས་ཅད། ཁོ་ཚོས་ཉར་སོང་། དེར་ཆབ་མདོ་སྨན་ཁང་དུ་བསྡད་ནས། ཉིན་གསུམ་པརཤང་ནས་བཏང་བས། ལས་བྱེད་བུད་མེད་དེ་དང་། དགོན་པ་ནས་བཏང་བས་ལས་བྱེད། ཨ་དབང་གཉིས་ཀྱིད་རྫོང་སྤྱི་བདེ་ཅུས་ཀྱིས། དགོངས་ཁྲོལ་ཉིན་གྲངས་ཚང་འདུག་པའི། སྨན་ཁང་ནས་དོན་ཏེཡར་དགོན་པར་འགྲོ་དགོས་པ་ལས། སྨན་བཅོས་བྱེད་མི་ཆོག་ཟེར། ངས་ཁར་སེང་ྲུའུ་རིན་ལྷག་པས། རྫོང་ཆོས་དོན་ཅུས་ལ། ཞག་མ་ཉི་ཤུ་དགོང་པ་ཞུས་ཡོད་ཟེར། ལབ་པས། ཨ་དབང་གིས ཀྲུའུ་རིན་ལྷག་པར། ཁ་སྤར་རྒྱབ་སོང་བས། ཀྲུའུ་རིན་ལྷག་པས། བླ་མའི་རྫུན་ལབ་པ་རེད། དགོང་ཁྲོལ་ཞག་གྲངས་ངས་བྲིས་མེད། བླ་མ་སྨན་བཅོས་དགོང་ཁྲོལ་སྤྱི་བདེ་ཅུས་ཀྱིས། ཉིན་ལྔ་ལས་ཡོད་མ་རེད། བླ་མ་ལ་ད་སྨན་བཅོས་བྱེད་མ་བཅུག་ ཆབ་མདོ་སྨན་ཁང་ནས་སང་ཉིན་ཡར་དགོན་པར་ཁྲིད་ཤོག་ཟེར་བྱུང་ཅེས། ཨ་དབང་གིས་ཟེར་བས་ངས་དགོང་ཞུ་དགོང་ཁྲོལ་འཛིན་ཡིག་ ཨ་དབང་ལ་བསྟན་པས། དེར་འཛིན་ནང་། ཞག་གྲངས་ཉི་ཤུ་བྲིས་འདུག་པས། ཡང་ཨ་དབང་གིས།  ཀྲུའུ་རིན་ལྷག་པར། ཁ་སྤར་རྒྱབ་སྟེ། འཛིན་ནང་ཞག་གྲངས་ཉི་ཤུ། བྲིས་འདུག་ལབ་སོང་བས། ཀྲུའུ་རིན་ལྷག་པས། བླ་མ་ཁོས་བྲིས་པ་ཡིན་རྒྱུ་རེད། ངས་ཞག་གྲངས་རྩ་བ་ནས་བྲིས་མེད་བླ་མ་ཁོ། སང་ཉིན་ནས་ཡར་ཁྲིད་ཤོགས་ཞེས། ཟེར་བྱུང་ཅེས་ཨ་དབང་གིས་ཕྲན་ལ་ཟེར་བ་དང་། ཕྲན་གྱིས་རྒྱ་ཡིག་རྩ་བ་ནས་འབྲི་མི་ཤེས་ལབ་ཀྱང་།  དེར་ཨ་དབང་གིས་སྨན་པར་ནད་པ་འདི། དེ་རིང་སྨན་ཁང་ནས་དོན་ལུགས་སྒྲུབ། སང་ཉིན་ཡར་ཁྲིད་དགོས་ལབ་སོང་བས། སྨན་པས་ད་རང་ཞག་ཤས་མ་བསྡད་ན། ཉེན་ཁ་འདུག་པས་ཉིན་ཤས་སྨན་ཁང་དུ། བསྡད་དགོས་ས་གདའ་ཟེར་བས། དེ་མཚམས་ྲན་ལ་བལྟ་སྲུང་བྱེད་མཁན་ལས་བྱེད་རྣམས། ཡར་སྟེང་ཆེན་དུ་ཕྱིན་སོང་བས། ཕྲན་ཉིན་བདུན་ལ་ཆབ་མདོ་སྨན་ཁང་དུ་བསྡད་རྗེས། སྨན་པའི་ཕྲན་ལ་རྣ་བ་ཡ་གཅིག་འོན་འདུག་ལ། མིག་ཡ་གཅིག་ལ་སྐྱོན་ཏོག་ཙམ་འདུག་པས། ད་སྨན་ཁང་འདི་ནས་དོན་ཏེ། གོང་རིམ་སྨན་ཁང་དུ། བརྟག་དཔྱད་དང་སྨན་བཅོས་ལ་འགྲོ་དགོས་ས་འདུག་ཟེར་བས། ཁྲི་འདུ་དང་ལྷ་སར། འགྲོ་བསམ་ཀྱང་གནས་སྐབས་ཆ་རྐྱེན་མ་འཛོམས་པས། ཟླ་༣་་པའི་ཚེས་་༨་་ཉིན། ཡར་སྟེང་ཆེན་དུ་འོང་སྟེ།  རྫོང་སྨན་ཁང་དུ་སྨན་བཅོས་བྱས། ཚེས་་༩་་ཉིན་ཞེ་གཞུང་བདེ་སྲུང་སོའོ་འགོ་ཁྲིད། ཚེ་དབང་ནོར་བུ་དང་། བསམ་གཏན་ཆོས་འཕེལ་གཉིས་དང་། སྔོན་མ་ཆབ་མདོར་ཡོང་བས། བུད་མེད་དེ་བཅས། སྨན་ཁང་དུ་ཡོང་ནས། ཕྲན་ལ་ཁྱོད་ལ་རེ་བ་ཅི་ཡོད་ན། ཡི་གེ་བྲིས་ནས་སང་ཉིན་མར་ཤང་ལ་བསྐུར་ཤོག་ཟེར་ནས་ཁོང་གསུམ་ཕྱིན་སོང་། དེར་ངས་རེ་འདུན་ཡི་གེ་འདི་བྲིས་པ་ཡིན། རིམ་ཁག་དབུ་ཁྲིད་ལ་རེ་འདུན་ཞུ་རྒྱུར། ཕྲན་ཤི་གསོན་གང་འདྲ་བྱུང་ནའང་། དགོན་པ་དང་སྒྲུབ་གྲྭ་ལ་གནོད་པ་རྩ་བ་ནས་མི་འགྲོ་བ་དང་། དེ་བཞིན་ཕྲན་ལ་རྡོ་རྒྱབ་ནས་བསད་རྩིས་བྱེད་མཁན། སྒྲུབ་གྲྭའི་མཁན་པོ་ཡས་རབ་དང་སྒྲུབ་གྲྭ་བ་ཐམས་ཅད། དགོན་པ་དང་སྒྲུབ་གྲྭ་ནས་མི་ཕུད་པར། སྔར་བཞིན་སོ་སོས་སློབ་སྦྱོང་བྱེད་བཞིན་དགོན་པར་སྡོད་ཆོག་པའི་རེ་བ་ཡོད་ལ། ཕྲན་ད་ལྟ་མགོ་ལུས་ཀྱིས་ན་ཚ་ཟུག་གཟེར་དྲག་མི་འདུག་པས། སྨན་བཅོས་བྱེད་ཆོག་པའི་རེ་བ་ཞུ་ཞུ་ཞུ། ཞེས་བྲིས་ནས་ཤང་ལ་ཕུལ་བ་ཡིན། ཚེས་་༡༥་་ཉིན་རྫོང་ཆོས་དོན་ཅུས་ལ་ཤོག་ཟེར་བ་བཞིན་སོང་བས། ཅུས་ཀྲང་ནོར་བུས་སྐད་ཆ་དྲིས་བྱུང་བས། སྔོན་མའི་གནས་ཚུལ་རྣམས་ཇི་མ་ཇི་བཞིན་ཞུས་པ་ཡིན་ལ། ངས་བཤད་པ་དེ་ཚོ་ཡི་གེ་བཀོད་སོང་། དེ་དུས་ཡས་རབ་ཀྱང་། ཆོས་དོན་ཅུས་ལ་སླེབས་བྱུང་བས། དེ་ལ་སྐད་ཆ་དྲིས་སོང་བས། ཡས་རབ་ཀྱིས། མཐའ་ཞུ་བླ་རབས་བླ་རྒྱུད་ཅེས་མ་གཞི་བླ་མ་རེད་ལ། བླ་མ་ཡེ་ཤེས་ཁོང་གི་ཡབ་དེ་ཡང་། ང་དང་དགོན་པ་གཉིས་ཀ་ལ། སྐུ་དྲིན་ཆེན་པོ་ཡིན། བླ་མ་འོད་རྒྱས་ཁོང་ཡང་། དེ་སྔོན་ངེད་ཚང་གི་རྩ་བའི་བླ་མ། གཙུག་གི་ནོར་བུ་ཡིན་ལ། སྡེ་ནག་རུ་ཚང་མའི་ཡང་རྩ་བའི་བླ་མར་བཀུར་བ་དང་། དགོན་པའི་དབུ་བླར་བསྐོས་པ་རེད་ལ། ཁོང་གིས་ཀྱང་། དགོན་པའི་བླ་མའི་འགན་ཁུར་ཏེ། དགོན་པ་ལ། བྱ་བ་ལས་དཀའ་ལོ་མང་བྱས་པ་རེད་ལ། གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད་པ་རེད། ན་ནིང་༢༠༡༢་ལོའི་ཟླ་༧་པ་ཚུན་ལ། ཁོང་གིས་དགོན་པའི་ལས་དཀའ་སྣ་གཅིག་ལ། འགན་ཁུར་མ་སོང་ལ།  ད་ལོ་ཁོང་གིས། དགོན་པར་ཡར་ཕན་རྒྱུ་མི་དགོས། མར་གཏོར་བཤིགས་བཟོས་སོང་བས། ད་བླ་མར་བརྩི་རྒྱུ་ཇི་མི་འདུག་ཟེར་བས། ངས་དགོན་པ་མར་གཏོར་བཤིགས། ག་རུ་བཟོས་སོང་ལབ་པས། ཁོས་ངས་དགོན་པར་གནོད་པའི་བྱ་བ། འདི་དང་འདི་བྱས་ཞེས། སྐད་ཆ་བདེན་པ་ཚིག་གཅིག་བཤད་རྒྱུ་མ་རྙེད་པས། རྫུན་གཏམ་བཤད་ནས། ང་ལ་མ་ཉེས་ཁ་གཡོག་བཀབ་ནས། འདི་ལྟར་བཤད་སོང་། ད་ལོ་་ནས་བླ་མ་འོད་རྒྱས་ཀྱིས། དགོན་པའི་ཀྲུའུ་རིན་དང་། དགོན་པའི་བླ་མའི་མིང་དེ་ཁུར་བ་ཙམ་ལས། དགོན་པའི་འགན་མི་ཁུར་བས་མ་ཚད། དགོན་པ་བཤིགས་སོང་བ་བཤད་ན།  བླ་མ་འོད་རྒྱས་ཀྱིས། འདུ་ཁང་གི་མཐོང་དབྱིངས་ཤེལ་སྒོ་བཅག་སོང་ཟེར་བ་དང་། ༼་་དེ་ནི་དབང་ཕྱུག་དར་རྒྱས་ཀྱི། འདུ་ཁང་མཐོང་དབྱིང་གི་ཤེལ་སྒོ་ཆག་ཤོར་བ་དང་། དབང་ཕྱུག་དར་རྒྱས་ཀྱིས། མཁན་པོ་བསམ་དགེ་ལ་ཞུས་པ་དང་། བསམ་དགེས་གོང་ཚད་རྒྱབ་པ་ལྟར།  གཉེར་པར་སྐྱིན་འཚབ་སྒོར་་༥༠་་འཇལ་ཚར་བ་དེ་ལ། ཁོ་ཚོས་བླ་འོད་རྒྱས་ཀྱིས། འདུ་ཁང་ཤེལ་སྒོ་བཅག་འདུག་ཞེས། མང་ཚོགས་ལ་རྫུན་གཏམ་དྲིལ་བསྒྲགས་བྱས་པ་དང་། ད་ལྟ་ཡས་རབ་ཀྱིས་འགོ་ཁྲིད་ལ་དེ་ལྟར་ཞུས་སོང་ལ།་༽ སྔོན་མ་ངས་ཤར་གྱི། གློ་འབུར་ནང་འདུག་ཁྲི་རྒྱབ་པ་དེ། གློ་འབུར་ནང་ཤིང་མཚོན་བཏང་སྐབས་བཤིགས་འདུག་པ་དེ་ལ་ཡང་། བླ་མ་འོད་རྒྱས་ཀྱིས་འདུག་ཁྲི་བཤིགས་སོང་ཞུས་སོང་ལ། དགོན་པར་སྒོ་གདན་བཀོད་སྐབས་བྲེག་པས། སྒོ་ལབ་གྱི་སྣེ་མོ་རྣམས་ཀྱི་ང་འདུག་སར་ཉལ་ཁྲི་རྒྱབ་པ་དེ་ལ། དགོན་པའི་སྒོ་ལབ་མང་པོ་བྲེག་ནས་འདུག་ཁྲི་རྒྱབ་འདུག་ ཟེར་ནས་རྫུན་གཏན་བཤད་དེ། གསོན་མིག་ཐལ་འགེབ་བྱེད་པ་ཙམ་ལས། དེ་མིན་བཤད་རྒྱུ་གང་མི་འདུག་ ཇུས་ཀྲང་ནོར་བུས། བླ་ཁྲི་བཤིག་པས་སྐོར་དྲིས་སོང་བས། ཡས་རབ་ཀྱིས་འདི་ལྟར་ཟེར་སོང་། མི་རྫོ་རྒྱུ་ཚང་མ་དུག་ལྔ་ཁ་ལ། ཆགས་བསྡད་དུས། བླ་ཁྲི་འདུ་ཁང་ནང་། ཁུར་འགྲོ་བ་མཐོང་སྐབས། ངས་བླ་ཁྲི་བཅག་པས་མ་ཚད། བླ་མ་སོགས་དེར་ཡོད་རྣམས་ལ།  རྡོ་རྒྱོབས་རྩིས་བྱས་པ་དེ། ང་ནོར་འདུག་ཟེར་སོང་། ཡང་ཇུས་ཀྲང་ནོར་བུས། བླ་མ་འོད་རྒྱས་ཀྱིས་ད་ལྟ་བཤད་རྒྱུར། མཁན་པོ་ཁྱོད་ཀྱིས་དང་པོ། བླ་མའི་མགོ་དང་ཁ་ངོར། ཁུ་ཕྱུར་རྒྱབ་པ་དང་། དེ་རྗེས་བླ་མའི་མགོ་ལ། མཁན་པོ་ཁྱོད་ཀྱིས། རྡོ་ཨང་དང་པོ་རྒྱབ་བྱུང་ཟེར་བ་བདེན་པ་ཨེ་རེད། དྲིས་སོང་བས་ཡས་རབ་ཁོས། ངས་དང་པོ་ལག་པ་གཡོན་གྱིས། བླ་མའི་ཐོང་རྩ་ནས་བཟུང་བ་དང་། ལག་པ་གཡས་ཀྱིས། བླ་མའི་མགོ་དང་ཁ་ངོར། ག་ལེར་ཐུག་ཙམ་ཐུག་ཙམ་བྱས་པ་ལས། ཁུ་ཕྱུར་ཤུགས་ཆེན་རྒྱབ་མེད་ཀྱང་། སྒྲུབ་གྲྭའི་གྲྭ་པ་འགས་ཁུ་ཕྱུར་རྒྱབ་སོང་བ་དང་། དེ་ནས་བསམ་དགེ་སོགས་ཀྱིས་བར་ཕྱེས་པས། གྲྭ་པ་ཚོ་སོ་སོ་ཕར་བྱེར་སོང་། དེ་སྐབས་བླ་མ་འོད་རྒྱས་ཀྱིས། ང་ལ་བསྟན་བཤིགས་ཟེར་བས། ང་ཞེ་སྡང་ལང་ནས། ཨ་ཁོ་རེ་ཕ་རོ་ཟ་རྒྱུ་བླ་མ་ཁྱོད་ལ། ཡ་ཡ་ཟེར་ནས། ལག་པ་གཉིས་ཀྱིས། རྡོ་གཉིས་བཟུང་ནས། ཡར་རྒྱུག་པ་ལས་རྡོ་རྒྱབ་མེད། རྡོ་དེ་གཉིས་ད་ལྟ་ངས་ཉར་བསྡད་ཡོད་ལ། དེ་མཚམས་སྒྲུབ་གྲྭ་བ་གྲྭ་པ་ཚོས་རྡོ་འཕང་སོང་ཟེར་བ་སོགས། བཤད་སོང་བ་རྣམས། དྲུང་ཡིག་གིས་ཡི་གེ་བྲིས་སོང་། དེ་ནས་ངེད་གཉིས་ཀྱི་སྐད་ཆ་ཞུས་ཚར་རྗེས། ཅུས་ཀྲང་ནོར་བུ་ནས། ད་ཐིང་གི་རྩོད་པ་རྒྱབ་འདྲེའི་གནས་ཚུལ་འདིས། འབྱུང་རྩ་གཏེ་བོ། སྒྲུབ་མཁན་ཡས་རབ་་ཟེར་བ་ཁྱོད་རེད་འདུག་པས། ཁྱོད་ཀྱི་སྡེ་མང་ཚོགས་དང་། གྲྭ་པ་ཚོ་ལ་དཀྲུག་གཏམ་བཤད་ནས། ཁོག་པ་མ་སྦྱོང་། དགོན་པ་ལ་བླ་མ་དང་མཁན་པོ། གྲྭ་པ་མང་ཚོགས་བཅས་ཚང་མ་དགོས་རེད། གལ་སྲིད་ཁྱོད་ཚོ་བླ་མ་མཁན་པོ་དང་གྲྭ་པ་མང་ཚོགས་བཅས་ལ། དགོན་པ་མ་མཁོ་ན། དགོན་པ་སྒོ་རྒྱབ་ཆོག་ཅེས་གསུང་སོང་ལ། ཕྲན་ལ་ཁྱོད་བླ་མའི་མིང་ཁུར་ཕྱིན། བྱམས་དང་སྙིང་རྗེ་བཟོད་པ་སྒོམ་རྒྱུ་སོགས་ལོས་ཤེས། བླ་མའི་གྲྭ་པ་བཙོན་ལ་བཙུན་ན་འཚམ་པོ་ཨེ་འདུག་བསམ་མནོ་ཐོང་། ཁྱོད་བླ་མའི་གྱོད་གཏུག་ནས། གྲྭ་པ་བཙོན་ལ་བཙུད་ན་བོན་དང་མཐུན་མིན། ཁྱོད་ཀྱི་ལོས་ཤེས། ད་ཁྱོད་སྨན་བཅོས་ལེགས་པོ་གྱིས་གསུང་བྱུང་། ་པོ་དང་གྲྭ་པ་མང་ཚོགས་བཅས་ལ། དགོན་པ་མ་མཁོ་ན། དགོན་པ་སྒོ་རྒྱབ་ཆོག་ཅེས་གསུང་སོང་ལ། ཕྲན་ལ་ཁྱོད་བླ་མའི་མིང་ཁུར་ཕྱིན། བྱམས་དང་སྙིང་རྗེ་བཟོད་པ་སྒོམ་རྒྱུ་སོགས་ལོས་ཤེས། བླ་མའི་གྲྭ་པ་བཙོན་ལ་བཙུན་ན་འཚམ་པོ་ཨེ་འདུག་བསམ་མནོ་ཐོང་། ཁྱོད་བླ་མའི་གྱོད་གཏུག་ནས། གྲྭ་པ་བཙོན་ལ་བཙུད་ན་བོན་དང་མཐུན་མིན། ཁྱོད་ཀྱི་ལོས་ཤེས། ད་ཁྱོད་སྨན་བཅོས་ལེགས་པོ་གྱིས་གསུང་བྱུང་། 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.