སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྱུང་རབས་ལོ་རྒྱུས་ཁྱུང་དཀར་ནག་སེར་གསུམ་གྱི་ཐོག་མའི་གདུང་རྒྱུད་གྲོལ་ཚུལ་སྐོར།  | 2012/6/29 13:46:00

ཁྱུང་རབས་ལོ་རྒྱུས་

གོང་མཐུད་

དང་པོ་ཁྱུང་དཀར་ནག་སེར་གསུམ་གྱི་ཐོག་མའི་གདུང་རྒྱུད་གྲོལ་ཚུལ་སྐོར། དེ་ཡང་ཁྱུང་པོ་གཡུ་ཁྲིའི ་རྒྱུད་ལས་བསྟུས་སོ་ཞེས་པའི་༼་་་་་ཁྱུང་པོའི་གདུང་རབས་མ་ཡིག་གཡུ་མགོ་མ་་༽ལས་༼ཞང་ཞུང་སྐད་དུ་ཞང་ཞག་ཅེས་བྱ་བ་བོད་སྐད་དུ་ཁྱུང་པོ་ཅེས་བྱ་བ་རུ་གྲགས་པ་སྔོན་ཚེ་ལོ་ཁྲི་པའི་དུས་སུ་བྱུང་བ་ལགས་༽་་་ཞེས་དང་་༼་་་་་ཁྱུང་རབས་འདི་ལ་རྗེས་སུ་༼་་་་་མ་་་་༽་་་ཞེས་འབྲི་རྒྱུ་༽་་་ཁྱུང་པོའི་བླ་ཆུང་བློ་གྲོས་རྒྱལ་མཚན་གྱིས་མཛད་པས་༼ཁྱུང་པོ་རྒོད་ཚང་པའི་གདུང་རབས་ལོ་རྒྱུས་༽ལས་༼ཞང་ཞུང་སྐད་དུ་ཞང་ཞག་ཅེས་བྱ་བ་བོད་སྐད་དུ་ཁྱུང་པོ་ཞེས་བྱ་བ་སྔོན་ཚེ་ལོ་ཁྲི་པའི་དུས་སུ་ཡོད་པ་སྟེ་ལོ་རྒྱུས་གཞན་དུ་གསལ་འདིར་ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་ལ་ཚེ་ལོ་བརྒྱ་པའི་སྟོན་པ་གཤེན་རབ་མི་བོ་དང་དུས་མཚུང་སྟེ་ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོ་དེའི་འགྲོ་བ་སེམས་ཅན་གྱིས་དོན་ལ་དགོངས་ནས་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་འདབ་ཆགས་ཀྱི་རྒྱལ་པོ་ཁྱུང་གསུམ་སྤྲུལ་ཏེ་ཞང་ཞུང་ཁ་ཡུག་གི་ཡུལ་མེ་ཏོག་མཛེས་པའི་གླིང་ལ་འདབ་ཆགས་ཀྱི་རྒྱལ་པོ་རྭ་ཅོ་ཅན་སྤྱན་མིག་དམར་བ་སྤྱི་གཙུག་ན་ཡིད་བཞིན་གྱི་ནོར་བུ་འབར་བའི་བརྒྱན་པ་གསུམ་བབས་པ་འདི་ཅི་ཡི་ལྟས་དང་ཆོ་འཕྲུལ་ཡིན་ཞེས་ཤེས་ཆེ་རྒན་པ་རྣམས་ལ་དྲིས་པས་ཤེས་ཆེ་རྒན་པ་རྣམས་ཀྱི་ན་རེ་ཁྱུང་མོ་ལ་གནམ་རུ་མེད་ཅིང་ཁྱུང་ཕོ་ལ་གནམ་རུ་སྔོ་ཟངས་ངེ་ཡོད་པའི་ནོར་བུ་འབར་བའི་བརྒྱན་དང་བཅས་པ་འདི་ཁྱུང་ཕོ་ཁྱད་པར་ཅན་ཞིག་རེད་ཟེར་རོ་ཞག་གསུམ་དྲོས་བཞི་ནས་སྔར་ཁྱུང་གསུམ་བབས་པའི་མལ་དུ་སྦར་མོའི་དྲོད་ལས་ཟིལ་པ་ཆགས་ཟིལ་པ་དེ་ལས་སྒོང་ང་གསུམ་དུ་གྱུར་རོ་སྒོང་ང་དེ་གསུམ་བརྡོལ་བའི་ནང་ནས་ཁྱད་པར་འཕག་པའི་ཁྱེའུ་མཚན་དང་ལྡན་པ་་གསུམ་བྱུང་བ་ནི་ཆེ་བ་ལྷ་ཁྱུང་རྒྱལ་དེ་འོག་ཁྱུང་རྒོད་ཐོག་ལ་འབར་ཆུང་བ་མུ་ཁྱུང་རྒྱལ་དང་གསུམ་མོ་ཁྱེའུ་དེ་གསུམ་རྫུ་འཕྲུལ་གྱིས་སྒོ་ང་ལས་འཁྲུང་པས་ཁྱུང་པོ་རྒོད་ཚང་པ་ཞེས་བྱའོ༽ཞེས་དང་༼ཁྱུང་རབས་འདི་ལ་རྗེས་སུ་༼ག་༽ཞེས་འབྲི་རྒྱུ་༽ཁྱུང་རབས་གསེར་སྒོམ་མ་ལས་༼ཁྱེའུ་དེ་གསུམ་རྫུ་འཕྲུལ་གྱི་སྒོ་ང་ལས་འཁྲུང་པ་དང་ལྷན་དུ་བླ་རྡོ་རིན་ཆེན་གྱི་ཕ་བོང་རེ་རེ་ཡང་སྲིད།  མ་སྐྱིལ་བའི་མཚོ་གསུམ་ཡང་སྲིད།  ལྷ་རི་ལྷ་རྩེ་ལྷ་མཁར་ཞེས་མ་བརྩིག་པའི་མཁར་གསུམ་ཡང་མངའ་འོ།

 

དེ་ནས་འགྲོ་བ་སེམས་ཅན་གྱི་དོན་ཕྱོགས་རིས་མེད་པར་མཛད་པ་མ་ཟད་ཁྱུང་པོ་སྐྱིད་ཀྱི་མཁར་གསུམ་བཞེང་པ་ནི། ཁྱུང་སེར་ལྷ་ཁྱུང་རྒྱལ་གྱིས་ཟོ་བོ་ཁྱུང་ལག་གི་གསས་ཁང་བརྒྱ་རྩ་བརྒྱད་བཞེང་པའི་ནང་དུ་ལོ་པན་ཤེལ་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེང་ དེའི་མདུན་དུ་མུ་མེན་གྱི་ཀོང་བུ་ལ་ག་པུར་གྱི་སྡོང་བུ་གཙུག་སེང་གེ་དཀར་མོའི་འོ་མ་བླུག་ལེབ་རྒན་འབར་བའི་སྒྲོན་མེ་སྤར་བ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས༎དེ་འོག་ཁྱུང་དཀར་ཐོག་ལ་འབར་གྱི་འོད་ཟེར་འཕྲོ་བའི་གསས་ཁང་བརྒྱ་རྩ་བརྒྱད་བཞེང་པའི་ནང་དུ་བདེར་བར་གཤེགས་པའི་སྐུ་བརྒྱ་རྩ་བརྒྱད་བཞེང་པས་མདུན་དུ་ གསེར་གྱི་མན་འདལ་ལ་གཡུ་ཡི་ཚོམ་བུར་སྤྲས་པ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས༎ དེ་འོག་ཁྱུང་ནག་མི་ཁྱུང་རྒྱལ་གྱི་དངུལ་མཁར་ལྷ་རྩེ་ཅན་བརྒྱ་རྩ་བརྒྱད་བཞེང་པས་ནང་དུ་གཞི་མ་མཐིང་ཤོག་ལ་གསེར་གྱིས་བྲིས་པའི་འབུམ་ཆེན་བརྒྱ་རྩ་བརྒྱད་བཞེང་དེའི་མདུན་དུ་མུ་མེན་གྱི་ཏིང་ཕོར་ཤེལ་གྱི་མན་འཇིལ་ཁར་བཏེགས་པའི་ནང་དུ་རིན་པོ་ཆེའི་བཀང་བ་བདུན་ཚར་བརྒྱ་རྩ་བརྒྱད་བཤམས༎  དེ་ལྟར་ཞང་ཞུང་དང་བོད་རྒྱལ་སེང་ཁྲི་བཙན་པོ་ཡན་དུ་བླ་ཡི་མཆོད་གནས་མཛད་དེ་བཞུགས་ཁྱུང་རབས་འདི་ལ་རྗེས་སུ་ས་ཞེས་འབྲི་རྒྱུ་ཞེས་ཆེ་བ་ཁྱུང་སེར་དུ་གསུང་པ་དང་དེ་དང་མཐུན་པར་མ་ཡིག་གཡུ་མགོ་མ་དང་ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་གཉིས་ལས་ཆེ་བ་ལྷ་ཁྱུང་རྒྱལ་ཞེས་དང་སྒྲགས་བྱང་ལས་

 

ཁྱུང་སེར་ལྷ་ཁྱུངཁྱུང་ནག་མི་ཁྱུང་རྒྱལ་ཞེས་ལྷ་ཁྱུང་རྒྱལ་ཁྱུང་སེར་དུ་གསུང་པའི་ཆེ་བ་ཁྱུང་སེར་དུ་ངེས་ལ་གཞན་བསྟན་འབྱུང་དང་ལོ་རྒྱུས་ཁ་ཤས་ནས་ཆེ་བ་ཁྱུང་དཀར་ཐོག་ལ་འབར་ཞེས་འབྱུང་ཡང་མ་ངེས་སོ༎ བསྟན་འབྱུང་དང་ལོ་རྒྱུས་ཁ་ཤས་ནས་ཐ་སྟག་ཁྱུང་འཕག་ཁྲ་མོ་ཞེས་ཁྱུང་དཀར་ནག་སེར་ཁྲ་བཞི་འབྱུང་ཡང་མ་ཡིག་གཡུ་མགོ་མ་དང་ཁྱུང་པོ་རྒོད་ཚང་པའི་ལོ་རྒྱུས་སོགས་ལས་ཁྱུང་དཀར་ནག་སེར་གསུམ་ལས་མ་བྱུང་ཞིང་སྟོང་རྒྱུང་རིང་མོའི་སྲས་འབྲིང་བ་ཁྱུང་འཕག་ཁྲ་མོའི་ལོ་རྒྱུས་རྗེས་སུ་གསལ་ལ་ཁྱུང་གསུམ་འཁྲུང་ཡུལ་ཞང་ཞུང་ཁ་ཡུག་ཅེས་པ་ལོ་རྒྱུས་ཁ་ཤས་ནས་ཞང་ཞུང་ཡུལ་སྤྱི་ལ་བཤད་ཀྱང་འདི་ནི་ཁྱུང་ཡུལ་འདིར་ངེས་ཏེ་སངས་རྒྱས་གླིང་པའི་༼༡༧༠༥༽རྩེ་དྲུག་གནས་ཀྱི་དཀར་ཆགས་ལས་༼ཐང་ལྷའི་རི་རྒྱུད་སུམ་པ་གླང་གི་ཡུལ་ ཞང་ཞུང་ཁ་ཡུག་གྱིམ་ཤོད་ཤེལ་བྲག་རྫོང་ཞེས་དང་ ཡང་གསང་སྔགས་གླིང་པའི་༡༨༦༤ཁྱུང་ནག་དགོན་པ་སྤོ་སའི་ལུང་བསྟན་ལས་ཞང་ཞུང་ཁ་ཡུག་ཁྱུང་ནག་གདན་ས་ཆེ། གསང་བྲག་རིན་ཆེན་ཁྱུང་རྫོང་བྱིན་ཆེན་གནས། ཝེར་རོ་ར་རྩ་རྫོང་འགོ་ཁྱུང་པོའི་མཁར། བཤད་སྒྲུབ་བསྟན་པའི་འདུས་སྡེ་དར་རྒྱས་འབྱུང་།ཞེས་པ་སོགས་ཝ་རྫོང་གི་ད་ལྟ་སྡོང་མཁར་བྲག་ཅེས་འབོད་སར་གནའ་དུས་ཁྱུང་ནག་གི་གདན་ས་ཐོག་མ་ཡིན་ཚུལ་དང་ཝ་རྫོང་གི་གོང་དེར་དགོན་པ་བཞེང་དགོས་པའི་ལུང་བསྟན་གནང་འདུག་ཡང་གསང་གླིང་རྩེ་དྲུག་གནས་ཀྱི་དཀར་ཆགས་ལས་ཟལ་མོ་སྒང་གི་ཁ་ཡུག་གྱིམ་ཤོད་ཡུལ་ཞེས་དང་གསང་གླིང་རྣམ་ཐར་ལས་བདག་གི་རུས་ནི་ཁྱུང་ཡིན་ཏེ་བོན་ཞིག་གཡུང་དྲུང་གླིང་༼༡༢༥༠༽པའི་རྣམ་ཐར་ལས་སྟེང་ཕྱོགས་ཀྱི་སྟོན་པ་ཀུན་བཟང་རིག་སྣང་འོད་ཀྱི་རྒྱལ་པོའི་ཐུགས་ཀ་ནས་འགྲོ་བ་འདྲེན་པའི་ཁྱུང་ཆེན་གཅིག་སྤྲུལ་ནས་གྱིམ་ཤོད་རི་བོ་རྩེ་དྲུག་ཏུ་བབས་པ་ཡུལ་མིའི་མཐོང་བའི་རི་རྩེ་ལ་ཁྱུང་ཕོ་ཞིག་བབ་འདུག་ཅེས་གླེང་ཁྱུང་དེ་འཕུར་བས་སྤར་མོའི་འོག་ཤུལ་དུ་སྒོང་ང་དཀར་ནག་སེར་ཁྲ་བཞི་ཡོད་པ་དུས་སུ་བརྡོལ་བའི་ནང་དུ་ཁྱེའུ་བཞི་བྱུང་ཞེས་དང་གསུམ་པོ་གྱིམ་ཤོད་ཕྱོགས་སུ་ཆགས་པ་ལས་ཁྱུང་པོ་དཀར་རུ་ནག་རུ་གསེར་རྩའི་མི་སྡེ་རྣམས་བྱུང་ཞེས་དང་ཐ་སྟག་ཁྱུང་འཕགས་ཁྲ་མོ་གཡུ་འབྲུག་ཆིབས་ནས་རྒྱལ་རོང་དུ་ཕེབས་པ་ལས་རྒྱལ་ཁྱུང་རྩ་བའི་རྒྱུད་པ་རྣམས་བྱུང་དེ་དག་གི་རྒྱུད་པ་ལས་གྱེར་ནག་ཟུང་རྩེ་སོགས་གདུང་རབས་རིན་ཆེན་ཕྲེང་བ་ལྟ་བུ་བར་མ་ཆད་པ་དང་དམ་པ་ཁྱུང་སྒོམ་སོགས་སར་གནས་ཀྱི་རིག་འཛིན་དུ་མ་དང་བྱའི་རིགས་ལ་གྲུབ་ཐོབ་བརྒྱད་ཅུ་འབྱོན་པར་ལུང་བསྟན་པ་ལྟར་མི་ལ་རས་པ་ཁྱུང་པོ་རྣལ་འབྱོར་བློ་ལྡན་སྙིང་པོ་མི་ཤིག་རྡོ་རྗེ་སངས་རྒྱས་གླིང་པ་རྟོགས་ལྡན་བཀྲ་ཤིས་རྒྱལ་མཚན་སོགས་མཁས་ཤིང་གྲུབ་ཐོབ་ཤ་སྟག་བྱོན་ཞེས་གསུང་པ་ལྟར་ངེད་ཀྱི་རུས་བརྒྱུད་ནི་ཁྱུང་རིགས་དེ་ལས་ཆད་པ་རྒྱལ་ཁྱུང་རྩ་བའི་རྒྱུད་པ་སྟེ་གདུང་རབས་ལོ་རྒྱས་ཟུར་ཙམ་ཞིག་བཤད་ན་སྨོན་རྒྱལ་དང་གདུང་རྒྱུད་གཅིག་སྟེ་ཐོག་མར་རུས་ཆེན་ངོས་འཛིན་ནི་སྒ་ཡི་རྒྱུད་པ་དེ་ཡང་སྒ་སྐྱ་ལོ་སྔོ་ལོ་གྲོ་ལོ་སོགས་མཚན་མང་ཡང་སྨོན་རྒྱལ་ནི་དམུ་ཚ་སྒ་ཡིན་སྟེ་རང་གྲོལ་རྣམ་ཐར་ལས་དམུ་ཡི་ཚ་བོ་སྒ་ཡི་གདུང་རྒྱུད་ཡིན་ཞེས་གསུང་པའི་ཕྱིར་རོ་དེ་ལ་ཡབ་བླ་མ་ལྷ་ཡི་དབང་པོ་དང་ཡུམ་དབྲ་བཟའ་མགོན་སྐྱིད་མ་གཉིས་ཀྱིས་རྨ་ཁོག་གི་པད་མ་ལྷ་ལུང་གཡུ་མདོ་ན་གནས་གཞི་བཟུང་ཞིང་སྟོང་དབྱལ་དུ་འཚོགས་པའི་ཚེ་ན་བོན་གྱི་སྐུ་མཁའ་འགྱིང་ལྷ་ཡི་ཐུགས་ལས་འོད་དཀར་པོ་ཞིག་རྨ་པོ

 

མ་རིའི་རྩེ་མོར་བབས་པའི་ལྷ་སྲས་རྨ་རྒྱལ་པོམ་ར་ཐུགས་ཀུན་བཟུང་གི་དགོངས་པ་དང་ལྡན་ནོ་འོད་དམར་པོ་ཞིག་རྨ་སྨད་ལྷ་ལུང་གཡུ་མདོར་བླ་མ་ཡབ་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཕྱིར་ལོ་སྲས་ཤིག་འཁྲུངས་པའི་སྤྱི་བོའི་གཙུག་ཏུ་འོད་འདོམ་གང་ཡོད་པ་ཞིག་བྱུང་བ་ལ་མཚན་ཀྱང་གཙུག་ཕུད་འོད་ཟེར་དུ་    གསོལ་ལོ་བླ་མ་དེས་རྨ་མཁར་གདོང་དུ་དགོན་སྡེ་ཆེན་པོ་ཞིག་བཏབ་སྟེ་བླ་མ་དང་ཡུལ་ལྷ་ཐུགས་རྒྱུད་གཅིག་པའི་ཡུལ་ལྷ་རྨ་གཉན་པོམ་ར་ཡུལ་རྗེ་གཙུག་ཕུད་འོད་ཟེར་ཅེས་མཚན་དུ་གྲགས་པ་དེས་གདུང་རབས་མང་པོར་རྨ་རྒྱལ་བླ་མ་ཞེས་གྲགས་ཏེ་བསྟན་པ་དར་རྒྱས་སྨིན་གྲོལ་དཔག་མེད་བྱུང་བར་གྲགས་སོ།  དེ་ནས་ཡུལ་དེ་རུ་རེ་ཤིག་འགྲོ་དོན་རྫོགས་པའམ་ཅི་ལྟར་ན་ཡང་དྲེ་ཤོད་རྨ་བུ་རོང་དུ་གནས་གཞི་ཆགས་བྲག་རི་དཀར་རྒྱལ་ལ་དགོན་སྡེ་ཆེན་པོ་བཏབ་པས་རྨ་རྒྱལ་དུ་གྲགས་སོ། དུས་དེར་ཡབ་ཡུམ་གཅིག་ལ་གྲུབ་པ་ཐོབ་པ་བདུན་འཁྲུངས་ཏེ་གདུང་རྒྱུད་བདུན་དུ་གྲོལ་བ་ལ་སྒ་རིགས་རྩེ་ཕྲོམ་བདུན་པོ་ཞེས་བཤད་དོ། རྩེ་ཕྲོམ་བདུན་ལ་འགུ་རྩེ་བསད་པ་སྡིག་མེད་ཅེས་བསད་ཚད་འདྲེན་པས་་སངས་རྒྱས་ཞེས་བཤད་པ་དེས་གདུང་རྒྱུད་དེང་སང་ཤེལ་ཁོག་ན་ཡོད་དོ། 

 

ཨ་སྟག་ཁ་བ་རྗེས་མེད་ཅེས་པ་དེས་དགུན་ཟླ་བ་བཅུ་གཅིག་པ་ལ་མ་ཡུམ་འཆི་བ་དང་ཁ་བ་ཆེན་པོ་ཉིན་དགུ་མཚན་དགུ་བཅོ་བརྒྱད་དུ་བབས་པས་མ་རོ་བསྲེགས་པས་ཤིང་ཤིན་ཏུ་མ་སྙེད་ཐབས་ཆགས་པའི་བུ་ཨ་སྟག་ཟེར་བ་དེས་ག་ནས་ཁྱེར་མ་ཤེས་པའི་ཤིང་ཙན་དན་ཁུར་གཅིག་བྱུང་བས་ཕན་ཚུན་འགྲོ་བའི་རྗེས་མེད་པའི་ཨ་སྟག་ཁ་བ་རྗེས་མེད་ཅེས་ཐོགས་སོ།   གསུས་པ་བཀྲལ་བས་རྨ་མེད་ཅེས་པ་བླ་མ་ཁོ་རང་གི་གསུས་པ་ཁོ་རང་གི་བཀྲལ་ཏེ་བྱང་ཁོག་ཏུ་བདེར་གཤེགས་ཞི་ཁྲོའི་ཞལ་བསྟན་ཏེ་སླར་གསུས་པར་རྨ་མེད་པ་དེས་གདུང་རྒྱུད་གསུམ་ཆད་དེ་མིང་ལ་དབལ་བརྡ་ཁྱུང་གསུམ་ཟེར་དབལ་ཁྱུང་ཉག་རོང་ན་ཆགས་ཏེ་ད་ལྟ་དབལ་ཁྱུང་བླ་མ་ཡིན། བརྡ་ཁྱུང་འཛིང་ཡུལ་དུ་ཆགས།  སྤྱང་ཁྱུང་ཨ་མདོ་ལ་ཆགས་པའི་དེ་ལ་སྤྱང་འཕག་ཅེས་གྲགས་སོ།ཞེས་དང་ཡུལ་མིའི་ངག་རྒྱུད་ལས་ཀྱང་ཡུལ་འདེར་བྱ་ཁྱུང་བབས་ཚུལ་གྱི་གནའ་གཏམ་ཡོད་དེ་སུམ་པ་གླང་གི་གྱིམ་ཤོད་ཞེས་སུམ་པ་ནི་དེང་གི་མཚོ་སྔོན་དང་ཟི་ཁྲོན་  ཡུན་ནན་  ཀན་སུ་བཅས་ཀྱི་བོད་རིགས་འདུས་སྡོད་ཁུལ་དང་ཁམས་སྨད་ཚོ་པ་སོ་དགུའི་ཁོངས་དང་ནག་ཚང་ལྷ་རི་བཅས་ཀྱི་ས་ཆ་ལ་འབོད་པ་དང་ཁ་ཤས་ཀྱི་སུམ་པ་ནི་ཁྱུང་ཡུལ་འདིར་རང་ལ་ངོས་འཛིན་འདུག་ཀྱང་ལྡེའུ་ཆོས་འབྱུང་ལས་དབུ་རུ་ཤ་ཆེན་བཙད་པོ་ཉིད་ཀྱི་ཡུལ་དུ་བཅད་ཕོ་བྲང་རྣེ་བྱི་རྒྱལ་འབངས་ཡུལ་དུ་བཅད་ཕྱིང་སྟག་རྩེ་འགོས་དང་སྣུབས་ཀྱི་ཡུལ་དུ་བཅད་སོགས་ནས་མདོ་ཁམས་ཆེ་ཆུང་སུམ་པ་རུ་ཡན་ལག་གི་ཡུལ་དུ་བཅཞེས་པ་སོགས་ལས་མདོ་ཁམས་ཆེ་ཆུང་སུམ་པའི་མངའ་ཁུལ་དུ་ཡོད་པ་བཤད་པས་སོ་༽རི་བོ་ཆེན་པོ་པན་ནེ་རི་བཀྲའི་ས་དབྱིབས་ཆགས་ཚུལ་། གླང་ཆེན་ཐལ་ཀ་ཞིག་ཁ་ནུབ་ཏུ་གྱུ་ནས་ཆུ་མཐུང་པ་འདྲ་བའི་ཆ་ནས་གླང་ཟེར་བ་དང་གྱིམ་ཤོད་ནི་རི་གླང་པོ་འདྲ་བའི་རི་རྒྱུད་ཀྱི་ཀླུང་ངམ་ཤོད་ལ་ཟེར་ཞིང་ཡུལ་འདིར་སྲིད་པའི་བྱ་རྒྱལ་ཁྱུང་ཆེན་འཕུར་ཡོང་སྟེ་པན་ནེ་རི་བཀྲའི་རྩེ་ལ་བབས་པའི་བྱ་རྒྱལ་མ་ཐེག་ནས་ཉེལ་བའི་རྣམ་པ་ཡོད་ཟེར་དེ་ནས་བྱ་རྒྱལ་འཕུར་ཏེ་སྤུ་རྒྱལ་གནས་ཀྱི་ཤར་སྤུ་ཟེ་ཟལ་མོའི་སྒང་སྤུ་ཐང་གི་བྲག་དེའུ་ཆུང་ཆུང་གི་རྩེ་ལ་བབས་པའི་བྲག་དེའི་ཁྱུང་ཆེན་ཐེགས་པའི་བྱ་ཁྱུང་དགོད་འཛུམ་ཤོར་བའི་བྱ་ཁྱུང་གི་མཆུ་གཡས་གཡོན་གཉིས་ནས་ཆུ་ཐིག་རེ་བབས་

 

པ་ལས་སྤུ་ཐང་མཚོ་ཆེ་ཆུང་དུ་གྲགས་པའི་མཚོ་གཉིས་ལ་མཚེའུ་སུམ་བརྒྱ་དྲུག་བཅུའི་བསྐོར་བ་དེ་བྱུང་བར་གྲགས་དེ་ནས་བྱ་ཁྱུང་སླར་འཕུར་ཏེ་ཁྱུང་གཉིས་ལ་ཟེར་སར་ཞག་གཅིག་ཉལ་བའི་ཁྱུང་ཉལ་ལ་ཞེས་མིང་ཆགས་པ་དང་ས་དེར་ཁྱུང་གི་སྒོ་ང་བཞག་ནས་ཁྱུང་དཀར་ནག་སེར་གསུམ་འཁྲུངས་ཞེས་ཡུལ་མིའི་ངག་རྒྱུད་གྲགས་པ་སོགས་ལ་བསམ་ན་ཁྱུང་པོའི་ཐོགས་མའི་གདུང་རབས་བྱུང་ས་ཞང་ཞུང་ཁ་ཡུག་ཅེས་པ་ནི་ཞང་ཞུང་སྒོ་པ་རི་བོ་རྩེ་དྲུག་ཏུ་ངེས་ལ་རྭ་ཅོ་དང་ནོར་བུ་ཡོད་པའི་ཆ་ནས་ཁྱུང་ཕོ་རེད་ཅེས་པ་ནས་ཁྱུང་པོ་ཁོག་ཅེས་འབོད་སྲོལ་ཆགས་པར་མངོན་ནོ༎  འོན་ཀྱང་དེང་དུས་མཁས་དབང་ཁག་གཅིག་གིའི་དུས་རབས་བཅུ་གཅིག་པའི་ནང་རབ་བྱུང་གསུམ་པའི་སྐོར་འཁྲུང་པའི་ཁྱུང་དབུས་རིན་པོ་ཆེ་ཤེས་རབ་རྒྱལ་མཚན་ཁྱུང་ཡུལ་དུ་ཕེབས་རྗེས་ཁྱུང་ཡུལ་ཞེས་རུས་མིང་ཡུལ་ལ་ཐོག་པར་བཞེད་ཀྱང་མ་ངེས་ཏེ་སྐྱབ་སྟོན་ཁྲོ་འགྲེལ་ལས་༼ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་རྒྱལ་པོ་ལིག་མི་སྐྱ་བཀྲོང་རྗེས་ཞང་ཞུང་དེ་ མར་པ་༡ སྟག་ལོ་༢ གུ་རིབ་༣ ཁྱུང་བྱིད་༤ ཁྱུང་པོ་༥ འུ་སང་༦ སུམ་པ་༧  ཞང་ཞུང་༨ བཅས་སྡེ་བརྒྱད་དུ་བཅད་ཅེས་པའི་ཡ་གྱལ་ཁྱུང་པོ་དང་གཡུ་ཐོག་པའི་རྣམ་ཐར་ལས་ཁྲི་སྲོང་ལྡེ་བཙན་གྱི་གཡུ་ཐོག་པར་དགས་པོ་ཀོང་པོ་ཁྱུང་པོ་བཅས་ཡུལ་གསུམ་འབང་དུ་ཕུལ་ཞེས་པའི་ཁྱུང་པོའི་ཡུལ་དང་བོད་རྒྱལ་སྲོང་བཙན་སྒོམ་པོའི་སྐབས་བོད་ཀྱི་མངའ་ཁོངས་སུ་རུ་ཆེན་ལྔ་ཁོས་དྲུག་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་ལས་བཙན་པོ་དང་བློན་ཆེན་གྱི་དབང་རིས་ཕུད་པའི་བཅུ་དྲུག་ནི་སྲོང་བཙན་སྔོན་ནས་རུས་རྒྱུད་ཚོ་པ་ཁག་གི་འགོ་དཔོན་མང་པོའི་ས་ཁུལ་བཅད་བཟུང་བྱས་ནས་དབང་བསྒྱུར་བ་ལ་སྲོང་བཙན་གྱི་ཞི་དྲག་སྣ་ཚོགས་ཀྱི་དབང་དུ་བསྡུས་ནས་གཅིག་འགྱུར་བྱས་ཏེ་ཁོ་ཚོའི་བཙན་པོའི་བཀའ་ལ་བརྩི་བ་དང་དཔྱ་ཁྲལ་འཇལ་བ་སོགས་བྱས་ཚེ་ཁོ་ཚོར་སྔོན་ནས་ཡོད་པའི་མངའ་འབང་དུད་ཁྱིམ་ས་ཞིང་ནོར་ཕྱུག་བཅས་རིས་སུ་བཅད་ནས་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་ཆོག་པའི་བཀའ་གནང་བས་ཁུ་དང་གཉག་ཁྱུང་པོ་

 

སོགས་རུས་རྒྱུད་ཚོ་པ་བཅུ་དྲུག་གི་སྒེར་བཟུང་བྱེད་པའི་ཡུལ་ཡིན་པར་བཤད་པའི་ཡ་གྱལ་ཁྱུང་པོའི་ཡུལ་དང་རུ་ལག་སྨད་ཀྱི་སྟོང་སྡེ་བཞི་ཡི་ཡ་གྱལ་ཁྲི་ཐང་ཁྱུང་པོའི་སྟོང་སྡེ་ཞེས་པའི་ཁྱུང་པོ་དང་དཔལ་ཚུལ་བསྟན་འབྱུང་ལས་བོད་དུ་གླང་དར་གྱི་བསྟན་པ་བསྣུབ་རྗེས་ཞུང་ཞང་སྒོ་པ་ཁྱུང་པོའི་ཡུལ་ནས་དབལ་རམ་འབུམ་པའི་བསྐྱེད་རྫོགས་ལ་མངའ་བསྙེས་པའི་ཁྱུ་མཆོག་སྤྱི་སྟེང་འཁོར་ལོ་བསྒྱུར་བ་རྔོ་མོ་ཡེ་ཤེས་མཚོ་རྒྱལ་ཁྱུང་པོ་ཁྱུང་དཀར་ཚངས་པ་གསུམ་ཞེས་པའི་མཚོན་ཁྱུང་པོའི་ཡུལ་ཞེས་སྲོང་བཙན་དུས་ནས་འབོད་སྲོལ་ཡོད་པ་གསལ་ལ་ཞང་ཞུང་ཞེས་པ་ཁྱུང་ལུང་ལ་གོ་དོན་ཡོད་ཀྱང་གོང་གི་སྡེ་བརྒྱད་བཅད་པའི་ཞང་ཞུང་དང་ཁྱུང་པོ་སོ་སོ་ཡོད་པ་གསལ་བའི་ཁྱུང་པོ་ཁོག་ཅེས་སྲོང་བཙན་དུས་ནས་འབོད་ཡོད་དམ་སེམས་སོ་  དེ་ལྟར་སྒོ་ང་ལས་འཁྲུང་པའི་ཁྱེའུ་དེ་རྣམས་ཚེ་ཡི་རིག་འཛིན་གྲུབ་པའི་ཞང་ཞུང་དང་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱི་བླ་ཡི་མཆོད་གནས་མཛད་པར་མངོན་ཏེ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་རྗེ་གཉའ་ཁྲི་བཙན་པོ་ཤེས་པ་ཅན་བཅུ་གཉིས་ཀྱི་མཇལ་བཙན་པ་ལྷོ་དང་གཉག། བཙུན་པ་ཁྱུང་དང་སྣུབ།  གཉན་པ་སེ་དང་སྤོ། བཅས་རུས་ཆེན་དྲུག་དང་ལྷ་བོ་ལྷ་སྲས། སེ་བོན་རྨ་བོན། ཞང་ཞུང་བོན། ཚེ་མི་བོན། བཅས་བོན་པོ་དྲུག་སྟེ། བཅུ་གཉིས་ཡིན་པ་བཤད་ཞེས་དང་ཁྱུང་རབས་མ་ལས་བོད་ཀྱི་རྒྱལ་པོ་སེང་ཁྲི་བཙན་པོ་ཡན་ཆད་བླ་མཆོད་བྱས་པ་ལ་ལན་གཅིག་གྲི་གུམ་བཙན་པོའི་བོན་སྣུབ་རྗེས་དེའི་སྲས་སྤུ་ལྡེ་གུང་རྒྱལ་གྱི་ལྷ་ཁྱུང་རྒྱལ་དང་མུ་ཁྱུང་རྒྱལ་གཉིས་ཞང་ཞུང་ནས་བོད་ཡུལ་དུ་གདན་དྲངས་ནས་བོན་བསྟན་སྤེལ་༽ཞེས་པའི་དེའི་སྐོར་སྒྲག་པ་གླིང་གྲགས་ལས་སྤུ་ལྡེ་གུང་རྒྱལ་གྱིས་གཡུང་དྲུང་གི་བོན་འཚོལ་བའི་གཤེན་པོར་གསེར་ཕྱེ་མ་དང་དངུལ་ཁྲོལ་བུ་གཡུ་སྦྲམ་པོ་ལས་སོགས་བཀུར་ནས་བཏང་བ་ལ་མེ་ཉག་གི་བོན་པོ་དཔལ་ལེགས་རྒྱལ་མཚན་མཚེ་མི་རིང་སྐྱོལ་པོ་དེ་གཉིས་ཀྱིས་ཞང་ཞུང་གི་ཡུལ་དུ་ཕྱིན་ཏེ་སྟོན་པ་མི་ཁྱུང་རྒྱལ་བྱ་བ་བོན་གྱི་སྒོ་གང་ལས་ཀྱང་མ་འགག་པར་མཁྱེན་པ་ཁྱད་པར་དུ་ཡང་འབུམ་སྡེ་ལྔ་དང་བོན་སྒོ་བཅུ་གཉིས་ལ་མཁས་པ་ཞིག་དང་སྟོན་པ་ལྷ་ཁྱུང་རྒྱལ་བྱ་བ་ཐེག་པ་རིམ་དགུའི་བོན་ལ་མཁས་པ་འཕྲ་བའི་འབུམ་བཅུ་གཉིས་ཞལ་འདོན་དུ་སྒྲོགས་པ་ཁྱད་པར་དུ་ཡང་སྔགས་ཟབ་མོའི་དོན་ལ་གྲུབ་པ་བསྙེམ་པ་དང་གཉིས་བཞུགས་༽པ་ལ་ཞུགས་ཏོག་ཕུལ་ནས་སྤུ་ལྡེའི་སྐུ་གཤེན་དུ་གདན་དྲངས་ནས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་ཏེ་བཞུགས་པ་གསལ་  འདི་ནས་ཁྱུང་སེར་ལྷ་ཁྱུང་རྒྱལ་དང་

 

ཁྱུང་དཀར་ཐོག་ལ་འབར་གྱི་གདུང་རབས་ལོ་རྒྱུས་བཤད་དགོས་ཀྱང་དཔྱད་གཞི་མ་སྙེད་པའི་བཤད་པ་འདི་ཙམ་དུ་ལུས་ཀྱང་གདུང་རྒྱུད་མེད་པ་ནི་མི་སེམས་ཏེ་སྒྲགས་བྱང་ལས་གུང་སྲོང་གུང་བཙན་གྱི་སྐུ་གཤེན་ཞང་ཞུང་ཁྱུང་དཀར་ཞེས་དང་བསྟན་འབྱུང་ལས་༼གླང་དར་རྗེས་སུ་ཁྱུང་པོ་ཁྱུང་དཀར་ཚང་པ་༽ཞེས་དང་ཕྱིས་སུ་རྒྱལ་རོང་དུ་ནང་སོ་གཡུང་དྲུང་ཡེ་ཤེས་སོགས་ཁྱུང་དཀར་བླ་རབས་མང་པོ་ཡོད་པ་གསལ་བའི་ཕྱིར་རོ༎

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.