ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྒྱ་མོ་ཞིག་གིས་བརྩམས་པའི་བོན་དང་འབྲེལ་བའི་དེབ་ཅིག
[ 2011/5/10 21:44:00 | By: ཁྱུང་པོ་དཔལ་རྒྱལ། ]
 

ཁ་སང་བོན་གྱི་ཟིན་བྲིས་གསར་པ་དེ་ཇལ་བྱུང་ལ། དེ་རིང་བོན་དང་འབྲེལ་བའི་རྒྱ་ཡིག་གི་དེབ་

གསར་པ་ཞིག་མཐོང་བྱུང་།  དེ་ནི་བཀྲ་ཤིས་ཉིས་བཙེགས་ཤིག་ཅི་ལ་མིན། མ་གཞི་དེབ་དེ་ན་ནིང་

དཔེ་སྐྲུན་བྱས་འདུག་ཀྱང་དེ་རིང་མ་གཏོགས་མ་མཐོང་བ་ནི་དཔེ་འཚོང་ཁང་དུ་རྒྱ་ཡིག་གི་དེབ་

མང་དྲགས་པས་ཡིན་ངེས།         བོན་གྲོགས་ཚོར་དེབ་དེ་འོས་སྦྱོར་ལྟ་བུར་ངོ་སྤྲོད་མདོར་བསྡུས་

ཤིག་ཞུས་ན།          དུས་རབས་གོང་མའི་ལོ་རབས་བདུན་ཅུ་པའི་ནང་དུ་རྒྱ་ནག་ཏུ་ལྟེ་ཁྲག་

འཕོས་པའི་རྒྱ་རིགས་གཞོན་ནུ་མ་ཁྲིང་ལིན་ཟེར་བ་ཞིག་གིས་心印སམ་མྱོང་གྲོལ་

ཟེར་བའི་དེབ་ཅིག་བརྩམས་འདུག     རྩོམ་པ་པོ་གཞོན་ནུ་མ་དེས་དེ་སྔོན་མདོ་འཛིན་པ་སོགས་

ལས་རིགས་སྣ་མང་བྱེད་མྱོང་འདུག་    དུས་རབས་འདིའི་སྟོང་ལོ་གསར་པ་ཐོག་མར་

བཞད་པའི་དུས་དེར་བོད་དུ་སླེབས་པ་མ་ཟད།       ཆབ་མདོ་ས་ཁུལ་རྩེ་དྲུག་དགོན་གྱི་སྤྲུལ་སྐུ་

བསྟན་འཛིན་རིན་པོ་ཆེ་དང་།    སྣང་ཞིག་དགོན་པའི་མཁན་པོ་ཡེ་ཤེས་ཞུ་བ་གཉིས་ཀྱི་ཞབས་ལ་

གཏུག་ནས་སེམས་འདུལ་བའི་ཐབས་དང་གདམས་པ་སོགས་ཞུས་ནས་ལོ་མང་རིང་ཉམས་ལེན་

བྱས་པ་ཡིན་ཚུལ་བཀོད་འདུག    དེབ་དེ་གུས་པས་དེ་རིང་གཞི་ནས་ཉོས་པས་ཞིབ་ཕྲ་ལྟ་ཁོམ་མ་

བྱུང་མོད། སྤྱིའི་ཆ་ནས་བཤད་ན་ཁོང་གི་རང་རྣམ་ལྟ་བུ་ཡིན་ཚོད་འདུག་ཀྱང་དེ་ལྟར་ཡིན་ཚུལ་གྱི་

གསལ་བཤད་གནང་མི་འདུག་ལ་རྩོམ་ལུས་ནི་དེང་རབས་ཀྱི་ལྷ་སྒྲུང་དང་།       མངོན་མཚོན་རིང་

ལུགས་ཟུང་དུ་སྦྲེལ་བའི་སྒྲུང་གཏམ་གྱི་འབྲི་ཐབས་སམ་རྣམ་པ་སྤྱད་འདུག་ལ།  ནང་གི་བརྗོད་སྙིང་

ནི་ཤེས་དབལ་西儿)ཟེར་བའི་བུ་མོ་ཞིག་ལ་སྐྱེ་བ་སྔོན་མའི་ལས་འཕྲོ་ལྟ་བུ་སད་དེ་བོན་ལ་

རང་བཞིན་གྱིས་དད་འདུན་འཕེལ་བའི་བརྒྱུད་རིམ་ཁྲོད་དུ་རྩེ་དྲུག་དགོན་པའི་སྤྲུལ་སྐུ་བསྟན་

འཛིན་འོད་ཟེར་ཞུ་བ་ཞིག་མཇལ་བ་ན། བླ་མ་དེ་དང་ཡར་ཞུ་མར་གནང་བྱེད་པའི་སྐལ་བ་བྱུང་བ་

མ་ཟད། བླ་མས་ཐུགས་མཉེས་ཚོར་ཆེན་པོས་བུ་མོ་དེར་ཚེ་རིང་གཡུ་སྒྲོན་ཞེས་པའི་མིང་ཞིག་གནང་

འདུག་ལ།      དེའི་དོན་ནི་ཚེ་ལ་དབང་ཐོབ་པའི་སྒྲོལ་ལྗང་ངམ་སྒྲོལ་མ་སྔོན་མོར་གོ་ཚུལ་སོགས་ཀྱི་

འགྲེལ་བཤད་དང་སྦྲགས་མོ་རང་གི་བྱ་སྤྱོད་དང་ཀུན་སློང་ལ་བརྟག་ནས་ངོས་འཛིན་གང་ལེགས་

གནང་ཚུལ་དང་།    རྨེའུ་ཚང་བཟང་པོ་རི་སོགས་བོན་གྱི་དགོན་པ་མང་པོར་གནས་བསྐོར་བྱས་པ་

སོགས་ཀྱིས་མཚོན་པའི་དེབ་དེའི་ནང་གི་མི་སྣ་གཙོ་བོ་བུ་མོ་དེའི་དགའ་སྐྱོ་ཆགས་སྡང་།   དད་པ་

མོས་གུས། སྐྱེ་བ་སྔ་ཕྱི། སེམས་ཀྱི་བདེ་བ་འཚོལ་བའི་ལམ་ཡིག་ལྟ་བུའི་གཙོ་སྙིང་བཟུང་སྟེ་དེབ་འདི་

ལེགས་པར་གྲུབ་འདུག   དེར་བརྟེན།   དེབ་འདིའི་ནང་ནས་བོན་ལ་རྒྱུས་མངའ་མེད་པའི་ཚོགས་ལ་

གདོད་མའི་བོན་དང་གཡུང་དྲུང་བོན་གཉིས་ཀྱི་ཁྱད་བོན་དབྱེ་འབྱེད་ཁ་གསལ་བྱས་འདུག་ལ་གང་

ཟག་སུ་ཞིག་གིས་གཡུང་དྲུང་བོན་ལ་དད་ཅིང་ཉམས་སུ་བླངས་ཚེ་སེམས་ཀྱི་བདེ་བ་འཛད་མེད་དུ་

འཇོ་རྒྱུ་ཡོད་པ་དངོས་ཤུགས་གང་རུང་ནས་བསྟན་འདུག་ལ།     ཉེ་བའི་ཆར་ལུའུ་ཞུན་གྱི་རྩོམ་རིག་

བྱ་དགའ་ཐོབ་པའི་ཚེ་རིང་ནོར་བུས་བརྩམས་པའི་རྒྱ་ཡིག་གི་རྩོམ་ཡིག་《ལུག་ཚེ་ཐར་》ནང་

བཞིན་དེང་གི་སྤྱི་ཚོགས་ཁྲོད་དུ་ཆེས་ཁ་ཚ་དགོས་གཏུག་ཡིན་པའི་བོད་མི་རིགས་ཀྱི་ནང་སེམས་ཀྱི་

རིག་གནས་དང་དེའི་རིན་ཐང་ཡང་མཚོན་པར་བྱས་པའི་རྩོམ་དེབ་ལེགས་གྲས་སུ་བརྩི་ཆོག་པར་སྙམ་

ལ།   གུས་པས་གཡུང་དྲུང་བོན་དང་འབྲེལ་བའི་རྒྱ་ཡིག་གི་སྒྲུང་གཏམ་ད་ཕན་མཐོང་ཐེངས་དང་པོ་

ཡིན་པས་སེམས་ལ་ཚོར་སྣང་རྐྱེན་པོ་ཞིག་བྱུང་བས་དེ་མ་ཐག་ཐད་ཀར་འདིར་བྲིས་པ་ཡིན་ནོ།།

 

 

 
 
Re:རྒྱ་མོ་ཞིག་གིས་བརྩམས་པའི་བོན་དང་འབྲེལ་བའི་དེབ་ཅིག
[ 2011/5/27 2:06:57 | By: སྐུ་མགྲོན་1HXk05(སྐུ་མགྲོན) ]
 
སྐུ་མགྲོན་1HXk05(སྐུ་མགྲོན)འདི་ལྟ་བུའི་གསར་འགྱུར་སྤེལ་ན་ཟིན་བྲིས་ལ་དོན་སྙིང་ལྡན་སྲིད།
 
 
Re:རྒྱ་མོ་ཞིག་གིས་བརྩམས་པའི་བོན་དང་འབྲེལ་བའི་དེབ་ཅིག
[ 2011/5/11 16:54:12 | By: tibonthang ]
 
tibonthangགནས་ཚུལ་གསར་པར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། འདི་བཞིན་གནས་ཚུལ་གསར་པའི་རིགས་མང་ཙམ་འབྱུང་བའི་རེ་སྨོན་དུ།
གུས་ཏི་པོམ་ཐང་ནས།
 
 
Re:རྒྱ་མོ་ཞིག་གིས་བརྩམས་པའི་བོན་དང་འབྲེལ་བའི་དེབ་ཅིག
[ 2011/5/11 2:46:07 | By: palzom2011(སྐུ་མགྲོན) ]
 
palzom2011(སྐུ་མགྲོན)ངོ་སྤྲོད་གནང་བ་ཡག་བྱུང་།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.