རིག་གཞུང་གི་སློབ་དཔོན་ལག་ལེན་ལ་རྨོངས
ལག་ལེན་གྱི་མཁན་པོ་རིག་གཞུང་ལ་རྨོངས་པས
ལག་ལེན་དང་འགལ་བའི་འཆད་ཁྲིད
རིག་གཞུང་དང་འགལ་བའི་ལག་ལེན
སྨན་ལ་མཁས་ཟེར་ལུས་ལ་རྨོངས
ལུས་ལ་མཁས་ཟེར་ནད་ལ་རྨོངས
ལུས་ནད་གཉེན་པོའི་རྩ་བ་བོར་ན
གསོ་བྱ་དང་གསོ་བྱེད
གསོ་བ་པོའི་འབྲེལ་བ་བོར་རུང
སྨན་པ་ཞེས་པའི་མིང་དེ་ལྷག་ལ
ད་དུང
ལྷ་རྗེ་དང་འཚོ་བྱེད་ཅེས་པའི་མིང་དེ་ཁྱེད་ལ་དབང
འབུམ་རམས་པ