འདར་སིག་སིག
ཡེ་སྲིད་སྟོན་པའི་ཡིག་འབྲུ་ཁྲི་ཕྲག་ནི།།བརྒྱ་པའི་སྟོན་པས་འཕྲུལ་ཡིག་བཞི་བཅུ་སྤྲོས།།སྟོང་གསུམ་འཇིག་རྟེན་དེ་ཡིས་བརྡ་འཕྲོད་དུས།།ཐོན་མིའི་གསར་ཡིག་བཟོ་བའི་དགོས་ཆེད་ཀྱིས།།ཕ་མྱེས་དུད་འགྲོར་འཇོག་མཁན་ཁྲེལ་མེད་པོ།།རྫུན་རྒན་གཅིག་གིས་རྫུན་ཅན་བརྒྱ་བཟོས་ལྟར།།རི་བོང་ཅལ་འགྲོགས་སྟག་སེང་འགྲོགས་པ་བཞིན།།བོད་ཀྱི་མཁས་རློམ་ཚོ་ལ་སྙིང་རེ་རྗེ།།