ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཆེན་མོ།། | 2012/4/22 12:28:00

གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཆེན་མོ།།

 

          དེ་ཡང་གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཆེན་མོ་ཞེས་པའི་ཐ་སྙད་འདི་ཉིད་གཙོ་བོར་བཤད་གྲྭ་བའི་སློབ་གཉེར་བྱེད་རྒྱུའི་གཞུང་ཆེན་ཁག་གི་རྩ་བ་རྣམས་ཡིན་པས་ཐ་སྙད་དེ་ལྟར་བཏགས་ཤིང་། འདིར་སྤྱི་སྡོམ་དུ་སྨོས་ན་ཞྭ་དཀར་བོན་གྱི་གཞུང་ལུགས་སྒོ་བཞི་མཛོད་ལྔའི་སྡེ་རྣམས་ཡིན་ལ། དེ་ལས་ཀྱང་བློ་རྟགས་བསྡུས་གསུམ་གྱི་རྩ་བ་ལྟ་བུ་རྗེ་རིན་པོ་ཆེའི་ཚད་མའི་རྩ་བ་ལེའུ་གསུམ་གྱི་བདག་ཉིད་ཅན། དེ་བཞིན་ཐེག་པ་རིམ་དགུ་ལས་དབུས་གཏེར་ལུགས་ལྟར་ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་དང་། རྗེ་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མེ། དཔལ་ཆེན་གྱི་མངོན་རྟོགས་ལམ་གྱི་རིམ་པ། ཡར་འབྲོག་མེ་སྟོན་ཤེས་རབ་འོད་ཟེར་གྱི་ལམ་རིམ་སུམ་བརྒྱ་པ། ཀུན་ལས་བཏུས་པ་སྲིད་པའི་མཛོད་ཕུགས་ཀྱི་གཞུང་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། འཇིག་རྟེན་སྣོད་བཅུད་ཀྱི་གཞུང་མཁས་པ་གཉོས་རྒྱལ། མཛོད་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་རྒྱན་ཡོངས་འཛིན་བསྟན་འཛིན་རྣམ་དག འདུལ་བ་མདོར་བསྡུས་ཀྱི་གཞུང་དང་། འདུལ་བ་ཀུན་ལས་བཏུས་པའི་གཞུང་བཅས་ཡར་མེ་བ། འདུལ་བའི་རྩ་སྡོམ་རྒྱལ་བསྟན་གསལ་བྱེད་ཡོངས་འཛིན་བསྟན་རྣམས་པ། དབུ་མ་བདེན་གཉིས་ཀྱི་གཞུང་ཡར་མེ་བ། གསང་དོན་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་རྗེ་རིན་པོ་ཆེ། ནམ་མཁའ་འཕྲུལ་གྱི་མཛོད་གཞུང་སྐབས་བརྒྱད་པ། དག་པོ་དྲན་པ་ནམ་མཁའ། ས་ལམ་སྨོན་ལམ་ཡན་ལག་བརྒྱད་པ་རྗེ་རིན་པོ་ཆེ། སྡོམ་གསུམ་སྨོན་ལམ་སྨན་རིའི་མཁན་ཆེན་གཡུང་དྲུང་ཚུལ་ཁྲིམས་བཅས་པ་དེ་དག་ལགས་ཤིང་། དེ་ཡང་ཚད་མའི་གཞུང་རྣམས་ཀྱིས་ནི་གཞན་སྡེས་གཙོ་བོར་མདོ་སྡེ་བའི་བལྟ་བ་བསྟན་པར་བཞེད་མོད། རང་ལུགས་སུ་དབུ་སེམས་ཀྱི་སྒྲུབ་བྱེད་ཀྱི་གཞུང་ལྟ་བུར་གསུངས་ལ། སྒོ་བཞི་ལས་འཕན་ཡུལ་བོན་སྒོའི་ཁོངས་སུ་འདུ་བ་དང་། ཐེག་པ་རིམ་པར་མངོན་དུ་བཤད་པའི་མདོ་རྒྱུད་འདི་ནི་རྫོགས་པ་ཆེན་པོའི་གཞུང་ཡིན་པས་ན་དཔོན་གསས་མན་ངག་ལུང་གི་བོན་དང་། དེ་བཞིན་ས་ལམ་དང་མངོན་རྟོགས་རྒྱན་འདུལ་བའི་བོན་སྒོ་འདི་དག་བཅས་འཕན་ཡུལ་བའི་བོན་སྐོར་དང་། མཛོད་ཀྱི་རྩ་གཞུང་འདི་དག་མཐོ་ཐོག་སྤྱི་རྒྱུག་གི་བོན་དང་། དབུ་མའི་གཞུང་འདི་ཡང་འཕན་ཡུལ་བའི་བོན་སྐོར་ཡིན་པར་འདོད། གསང་དོན་རྣམ་འབྱེད་ཀྱི་གཞུང་འདི་ཉིད་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང་། ནམ་མཁའ་འཕྲུལ་མཛོད་ཀྱི་གཞུང་སྐབས་བརྒྱད་པ་ནི་དཔོན་གསས་ཀྱི་བོན་སྐོར་ཡིན། སྨོན་ལམ་གཉིས་ཀྱི་ས་ལམ་སྨོན་ལམ་ནི་འཕན་ཡུལ་བ་དང་། སྡོམ་གསུམ་སྨོན་ལམ་ནི་སྤྱི་རྒྱུག་མཛོད་ཀྱི་བོན། དེ་བཞིན་ལམ་རིམ་སུམ་བརྒྱ་པ་ཡང་སྤྱི་རྒྱུག་མཛོད་ཀྱི་བོན་སྐོར་དུ་འདོད་དགོས་སམ་སྙམ་ཞིང་། གོང་གི་གཞུང་ཆེན་དེ་དག་ནི་མཚན་ཉིད་བཤད་གྲྭ་བའི་ངག་རྒྱུགས་འབུལ་རྒྱུའི་གཞུང་ཆེན་ཡིན་པས་ནའང་མཚན་ཉིད་རྩ་གཞུང་ཞེས་བརྗོད། ད་དུང་ཡང་སུམ་རྟགས་རྩ་བ་སོགས་ཡོད། ད་ཆའི་གླེང་བྱའི་རྩ་གཞུང་འདི་ཉིད་ཁྱུང་ཡུལ་མཐོང་བ་ཀུན་སྨོན་ནམ་དཔལ་གྱི་སྟེང་ཆེན་ཞེས་པའི་ཆར་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་ཁྲི་འཛིན་བཅུ་གཅིག་པ་༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་ནས་༢༠༠༥ལོར་དཔར་སྐྲུན་གནང་ཞིང་། དཔར་ཐེངས་དང་པོ་དེ་ཉིད་ཕྱོགས་ཀུན་ན་ཡོད་པའི་བོན་གྱི་བཤད་གྲྭ་བ་མི་རེའི་ཕྱག་ཏུ་རེ་རེ་ཕུལ་བ་སྟེ། གཙང་སྨན་རིར་༡༥༠། རྒྱ་གར་སྨན་རིའི་དགོན་དུ་༢༠༠། ཁྲི་བརྟན་ནོར་བུའི་རྩེར་༢༠༠། གཡུང་དྲུང་གླིང་དུ་༥༠། སྣང་དགོན་དུ་༡༥༠། ཁྱུང་མང་དགོན་དུ་༤༠། ཁྱུང་པོ་སྟེང་ཆེན་དགོན་དུ་༤༥། རྩེ་དྲུག་དགོན་དུ་༤༠། རྩེ་ཞིག་དགོན་དུ་༧༠། ཁྱུང་ཡུལ་མཐོང་གྲོལ་རི་ཁྲོད་དུ་༢༠དང་། རང་དགོན་དུ་བཤད་གྲར་མི་རེར་རེ་རེ་བཞིན་གསར་ཞུགས་ཀུན་ལ་གནང་བ་བཅས་རེད། དེབ་འདི་ལྟ་བུའི་དཔེ་ཆ་འདི་དག་འབུལ་ཡུལ་དེ་དག་ལ་ཁ་ཡོད་ལག་ཡོད་དགོས་པ་སྐབས་བབ། ནད་ཐོག་ཏུ་སྨན་ནམ་དུས་ཐོག་གི་ཆར་པ་ལྟར་ཕྱོགས་སོ་སོའི་བཤད་གྲྭ་བ་དག་ལ་རྩ་གཞུང་འདིའི་དཀའ་ཁག་ཡོད་སྐབས་སུ་འབྱོར་ཡོད་པས་གོ་ཆོད་པོ་བྱུང་ཡོད། ཡིན་ན་ཡང་དཔེ་ཆ་དེ་ཉིད་སྤྱི་ཚོགས་དང་འཛམ་གླིང་པའི་མཐོང་ཡུལ་དུ་མ་གྱུར་ཚེ། དེ་ལས་བྱུང་བའི་དགེ་མཚན་དང་བོན་གྱི་རིག་གཞུང་ལ་གོ་བ་ཞན་པ་སོགས་མང་བ་དག་སེལ་ཆེད་དུ་༢༠༡༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་རྟགས་བླངས་ཤིང་ཚར་གྲངས་༢༥༠༠ཕྱོགས་སོའི་དཔེ་ཚོང་ཁང་སོགས་སུ་འགྲེམས་སྤེལ་གནང་བ་རེད། ཡིན་ནའང་ང་ཚོའི་བོན་གྱི་དཔེ་ཆ་དག་གཞུང་སྒེར་གང་གི་དཔེ་ཁང་ནས་དཔར་ཡང་དེ་དག་ལ་བུག་ལྷག་ནོར་གསུམ་གྱིས་ཁེངས་ཡོད་པ་རེད་ལ། དེའི་ཕྱིར་མ་འོངས་པར་གཞུང་སྒེར་གང་ཞིག་ཡིན་ཡང་དེའི་དོན་དུ་ཡིད་སེམས་རབ་ཏུ་གཏོད་དགོས་པར་སྣང་། 

 

 

Re:གཡུང་དྲུང་བོན་གྱི་མཚན་ཉིད་རྩ་གཞུང་ཆེན་མོ།། | 2012/4/22 12:59:49
khyungསྤུ་བླ་གཡུང་དྲུང་སྐལ་བཟང་མཆོག་ཕེབས་པར་དགའ་བསུ་ཡོད།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.