ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/1/13 15:23:00

ང་དང་སྒྲ་བསྡུས་འཕྲུལ་ཆས།། གཞན་མིང་གཡར་བ།

དེ་རིང་དྲན་པ་སད་དུས།

འདས་པའི་ལོ་ཟླ་ཞིག་ཏུ།

ས་མཐར་གྱར་བའི་བུ་ཆུང་ཅིག

ཁྱེད་ཀྱི་འགྲམ་ན།

རྫོགས་མཐའ་མེད་པའི་ལེའུ་ཚན་དེ་དག

སུན་པ་མེད་པར་རྣ་བ་བླག་ཅིང་།

ཕྱིར་དྲན་ཡང་ཡང་བྱས།  

དེ་ནི་ཆེས་ཁེ་རྐྱང་ཞིག་དང་།

ཆེས་དྲན་ཆར་ཞིག་རེད།

 ཁད་དང་ཀུ་རེ། ལོ་རྒྱུས་དང་གསར་འགྱུར།

རིག་གནས་དང་སློབ་གསོ།

ངོ་མར་ངས་ཁ་ཕྱོགས་དང་མཚུངས་མིན་མི་ཤེས་ཀྱང་།

དེ་དག་ནི་ཁྱེད་ཀྱིས་ང་ལ་ཆེད་དུ་བཤམ་པའི་གསོལ་སྟོན་ཞིག་དང་འདྲ།

སྐབས་དེར་སློབ་ཚན་ཐར་ཐོར་རེའི་གསང་བ་བརྟོལ་ཞོར།

ཁྱེད་ཀྱི་གམ་དུ་ཁུ་སིམ་མེར་སུས་ཀྱང་མ་མཐོང་བར་ཉི་མ་བསྐྱལ་བ་ག་ལ་ཉུང་།

 དེ་ནི་འདས་ཟིན་པའི་བགྲང་བྱ་འགའི་སྔ་རོལ་རེད།

མཐུན་རྐྱེན་ཞིག་གམ། གོམས་སྲོལ་ཞིག་སྟེ།

ང་ཁྱོད་དང་བྲལ་སོང་།

ཁ་བྲལ་བའི་དུས་ཚིགས་ད་ཆ་གསལ་པོར་མི་དྲན་ཡང་།

བྲལ་ནས་ཡུན་རིང་འགོར་ཡོད་པར་དྲན་ཅི་འདུག

དེ་རིང་སྟེ་ཁ་རླུང་རྒོད་པའི་དུས་ཚིགས་འདིར་ང་ཁྱོད་དང་སླར་ཡང་འཁྲད།

ཁྱོད་དང་བྲལ་བའི་ཡུན་རིང་གི་ལོ་ཟླའི་ནང་།

ཁྱོད་ལ་འཕེལ་རྒྱས་དང་འགྱུར་བག་ཅི་ལྟར་སོང་ཡོད་པ་ངས་དཔྱད་བརྗོད་མ་ཕོག་ཀྱང་།

ཁྱོད་ཀྱིས་གསར་འགྱུར་དང་སྙན་དབྱངས་རེ་རེ་ཁྱེར་ནས་ངས་རྣ་ལམ་དུ་གཡུགས་དུས།

ང་ནི་འཇིག་རྟེན་གསར་པ་ཞིག་ཏུ་འཁྲིད་དེ།

ངའི་སེམས་ཀྱི་སྐྱོ་སྣང་དང་འཚུབ་སྣང་དེ་དག་རྒྱང་རིང་དུ་སྤུར་འགྲོ།

སྐབས་དེ་དུས་ཁེར་རྐྱང་གི་འཚོ་བ་ལ་དུང་སྣང་སྦྱིན་ཞིང་།

རང་ཉིད་ནི་བདེ་སྐྱིད་ཀྱིས་ཕྱུག་བཞིན་ཡོད་པར་རྟོགས།

དོན་ངོ་མོ་ང་ཁྱེད་དང་འཁྲད་པ་ནི་ཁེར་རྐྱང་ཡིན་པས་ཡིན།

ངས་ཁེར་རྐྱང་ངང་ཁྱེད་ལ་ཁེན་དུས། ད་གཟོད་ང་ཁེར་རྐྱང་དུ་གནས་པ་རྟོགས།  

༢༠༡༢*༡*༡༢དགུང་མོར་རང་ཤག་ཏུ།

Re:ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/1/13 17:13:19
སྐུ་མགྲོན་8DTg8K(སྐུ་མགྲོན)ཁ་བྱང་ཀྱང་འབྲི་ནོར་སོང་བའི་རྩོམ་པ་པོ། གཟབ་གཟབ་བྱོས། ཁྱོད་ལ་ངོ་མ་ཚ་ན། ང་ལ་ངོ་ཚ་ནས་སེམས་ནད་ཅིག
རྩོམ་པ་པོ།:སྐུ་མགྲོན་8DTg8K(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/1/17 14:56:08
སྐུ་མགྲོན་816Fw3(སྐུ་མགྲོན)ཚིག་འཕྲད་ཀྱང་ཡིག་ནོར་མཁས་པའི་ཀློག་པ་པོ་ཁྱེད་ཀྱིས་གཟབ་གཟབ་བྱོས། ཁྱོད་ཀྱང་ངོ་ཚ་ན་ང་ཡང་ངོ་།
རྩོམ་པ་པོ།:སྐུ་མགྲོན་816Fw3(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/3/12 0:20:30
སྐུ་མགྲོན་rWNy51(སྐུ་མགྲོན)ཚིག་ཕྲད་ཅི་ལྟར་ཡིན། ངོ་མི་ཚ་འམ། སྒྲ་སྡུད་འཕྲུལ་ཆས་ཟེར་བ་མིང་ལས་ཕྲད་ཡིན་པ་གང་ལ་མགོ་འཁོར་སོང་།
རྩོམ་པ་པོ།:སྐུ་མགྲོན་rWNy51(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/3/12 0:25:03
སྐུ་མགྲོན་rWNy51(སྐུ་མགྲོན)གདོང་ལ་གླང་ལྤགས་གོན་པ་མིན་ན་ངོ་ཚ་ཤིན་ཏུ་ཆེ་གི
རྩོམ་པ་པོ།:སྐུ་མགྲོན་rWNy51(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་དང་སྒྲ་བསྡུས་འཕྲུལ་ཆས།། | 2012/3/22 17:52:52
khyungགྲོགས་པོ་ལགས། རྗེས་སོར་ག་ད་བ་ས་དྲག་མཐར་ཀྱང་། ང་ན་མ་ར་ལ་མཐར་ཡང་ཞེས་པ་དེ་ཡིད་ལ་ཟུངས་ཤིག་ཀྱེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.