སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
13 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས། | 2015/5/6 17:22:00

ནག་རུའི་ལོ་རྒྱུས་དཔྱད་ཡིག་ ནག་རུ་སྲས་མོ་འཆི་མེད་ཚེ་དཔག་གིས་གསུང་པར། ༼་་ང་ཆུང་དུས་ནག་རུ་དགོན་པ་གསར་དུ་བཞེངས་ཚར་མི་འདུག་ལ། ཤིང་མཚོན་ནི་བཅོས་བསྒྱུར་མ་གཏོང་སྔོན་ཙམ་རྒྱག་སོང་། དེ་སྔོན་ལ་དགོན་པ་ཟླ་བ་དགོན་ལ་ཡོད་རེད་ཟེར་སྲོལ་འདུག་ལ། དགོན་ཤུལ་ཆེན་པོ་དེ་དུས་ཀྱང་འདུག། དེ་རྗེས་རྫོང་གི་ཟུར་དུ་སྤོས་པ་རེད་ཟེར་སྲོལ་གདའ། ནག་རུ་དགོན་པའི་བླ་མ་ནི། མཐའ་ཞུ་བླ་རབས་བླ་རྒྱུད་རེད་ཟེར་སྲོལ་ཡོད་རེད་ལ། ངས་ཤེས་ཙམ་ནས། རྫོང་དང་དགོན་པ་གཉིས་ཀའི་བླ་མ་ནི་མཐའ་ཞུ་སོང་རེད། དགོན་པར་འཚོགས་རྒྱུ་ཆེ་བ་གཉིས་ཡོད་རེད། དེ་ནི་དགུ་དང་། ལི་ཤུ་འདས་མཆོད་གཉིས་ཟེར་རེད། དགུ་ལ་འཚོགས་བྱེད་མཐའ་ཞུ་ཚང་གི་བླ་མའི་བཞག་པས་མ་རྩ་ཡོད་རེད། མ་རྩ་དེ་དུད་ཆེ་བ་འཇོན་ཐང་ཡོད་པ་ཚོས། འཚོགས་ཐེངས་གཅིག་གི་ཚད། ལོ་གཅིག་ལ་ཉར་ཆོག་པ་དང་། དེའི་ཕྱི་ལོ་མ་རྩ་དེ། ཡང་དུད་གཞན་ལ་རྩིས་སྤྲད་དགོས་པ་དང་། ལོ་མ་ཟེར་རེད། སྐྱེད་ཀ་དེས་དགོན་པ་འཚོགས་དུས། གཏོང་བགོ་བྱེད་སྲོལ་སྔ་ཙམ་ནས་ཡོད་པ་ཐོས། ལི་ཤུ་འདས་མཆོད་འཚོགས་དུས། ཞང་མགོན་གཉིས། ནག་རུ་སྟོད་བཅས་ཤོག་ཁ་རེའི་ལོ་རེ་གཏོང་བགོ་བྱེད་པ་རེད། འཚོགས་ཐེངས་གཉིས་སྐབས། འཚོགས་མི་སེར་སྐྱ་གཉིས་བསྡམ་པས། བླ་གྲྭ་བོན་གཤེན་བརྒྱ་དང་ལྔ་ཙམ་ཡོད་རེད། རྗེས་སུ་ཕྱི་ཚོད་ནག་རུ་དགོན་ལ་སྒྲུབ་གྲྭ་གཙུག་པ་རེད། འོན་ཀྱང་མཁན་པོ་སྒྲུབ་གྲྭའི་ཆེད་དུ། ལྡོམ་བུ་ཕེབས་དགོས་བྱུང་བ་རེད། བདུད་འདུལ་སྤྲུལ་སྐུ་སྒྲུབ་གྲྭའི་འགན་ཁུར་བ་རེད། དེ་ནས་སྤྲུལ་སྐུ་འདས་སོང་བ་དང་། མཁན་པོའང་མར་འཁོར་ཐབས་ཡོད་པ་མ་རེད། ་་་༽༢༠༠༧་་ལོར་འཆི་མེད་ཚེ་དཔག་ནས་མིང་རྟགས་འཁོད་པས་ཡིག་ཆའོ། ནག་རུ་སྲས་པོ་ཨ་སྦོའི་གསུང་པར། ༼་་ནག་རུ་དགོན་པ་སྔོན་མ་ཟླ་བ་དགོན་ཟེར་སར་ཡོད་པ་དང་། དེ་ནས་ཚུར་ནག་རུ་རྫོང་གི་སྟོད་དུ་སྤོས་འོང་པ་རེད་ཅེས། སྔར་རྒན་རྒོན་ཚོས་བཤད་སྒྲོས་འདུག་ལ། དགོན་པའི་བླ་མ་ནི། མཐའ་ཞུ་སང་ཡིན་པ་ལོ་རྒྱུས་ཤོད་རྒྱུ་ཡོད་རེད། ཁྱུང་ནག་གདུང་རྒྱུད་བླ་མ་རྣམས། སྔར་རྫོང་ནང་ལ་བཞུགས་པ་ལས། དགོན་པར་བཞུགས་སྲོལ་ཡོད་མ་རེད་ཟེར་སྲོལ་འདུག་། དགོན་པ་ཚུར་རྫོང་གི་ཟུར་དུ་སྤོས་རྗེས། ཁྱུང་ནག་རྫོང་གི་གདུང་རྒྱུད་ཆད་དེ། བླ་དཔོན་གཉིས་ཀ་བུ་མོ་མ་གཏོགས་བུ་ཡོད་ས་མ་རེད། རྗེས་སུ་སྤུ་ལ་ཁ་ནས་བྱིས་པ་ཞིག་། ཨ་ཞེ་ལ་གོ་མག་བསུས་ཀྱང་། བླ་མ་དང་དཔོན་པོ་གཉིས་ཀ་བྱེད་ལོང་བྱུང་ཡོད་པ་མ་རེད། བྱིས་པ་དེ་ཡི་གེ་ཤེས་མ་ཤེས་ཙམ་ནས། ཟིང་འཁྲུགས་ལོང་སོང་བ་རེད། གང་ལྟར་སྔར་ནས་ད་བར་དགོན་པའི་བླ་མ་མཐའ་ཞུ་རྣམ་ཚང་རེད། ༢༠༠༧་་ལོར་ནག་རུ་ཨ་སྦོ་ནས། མིང་རྟགས་འཁོད་པས་ཡིག་ཆའོ།

 

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.