མཆན་འགོད་པ་པོར་བརྡ་ལན། མཆན་འགོད་ནས་དངོས་མིང་མི་འབྲི་བར། རྫུན་མིང་འདྲ་མིན་བཏགས་པ་ནི། མཆན་ནང་བྲིས་པའི་དོན་དག་དེ་དག་ རྫུན་བཟོ་བྱས་ནས་ ཁུངས་འཁྱོལ་ཐབས་མེད་པས དཔང་རྟགས་ཚད་མ་ཞིག་རེད། ཕྲན་གྱིས་2013་ལོ་འཇུག་ནས་2015་ལོ་འགོ་བར། དྲྭ་བ་སོགས་ལ་ཁོ་ཚོས་སྐོར་ལ་ཚིག་གཅིག་མ་བཤད་པར་བསྡད་པ་ཡིན། 2013་ལོའི་ལོ་འཇུག་ནས་2015ལོའི་ལོ་བར། རྫུན་མཆན་མང་པོ་སྤེལ་འདུག་དེ་དག་ནི། ཕྲན་ལ་དུས་ནམ་ཡང་མི་དཀར་པོར་ཞྭ་པོ་ནག་པོ་འགབ་ནས། བདེན་པ་རྡོག་པས་བརྫི་མཁན། ཁོང་རྣམ་པ་ཡིན་པ་མངོན་གསལ་དོད་པོ་རེད། གང་ལགས་ཞེ་ན། དགོན་ཞབས་སྡེ་མང་ཚོགས་ལ། དེ་སྔོན་རྫུན་གཏམ་བཤད་པ་དང་། འདིར་མཆན་འགོད་པ་དོན་གཅིག་ཡིན་པ་དང་གཅིག བཤད་ཚད་ཚང་མ་བདེན་པ་ཁྱད་གསོད་བྱེད་ནས་བཤད་པ་དང་གཉིས། ཕྲན་ལ་ངོས་ལྐོག་གཉིས་ནས་གསོན་མིག་ཐལ་འགབས་བྱེད་ནས་བཤད་པ་ལྟར། འདིར་ཡང་དེ་ལྟར་བཤད་ཚད་རྫུན་བཟོ་བྱས་ནས་བཤད་པ་དང་གསུམ། ཡི་གེ་མང་ཕལ་ཆེར་ལ་དག་ཆ་མེད་པ་དང་བཞི་བཅས་ཀྱི་ཐོག་ནས་ཧ་གོ་དོན་གསལ་རེད། དེ་ཚོ་ལ་དྲྭ་བའི་ཐོག་མཆན་འགོད་འོས་ཀྱང་། ཕྲན་ཡོད་ཚད་དམན་ནས།། དྲྭ་བའི་ཐོག་ཡི་གེ་ཕོབས་ལེན་མི་ཤེས་པས། རྐྱེན་གྱིས་མཆན་འབྲི་མི་ཤེས་པས། དེ་ཚོ་ལ་གནས་ལུགས་ཀྱི་བདེན་དོན་ཁ་ཤས་འདི་ན་བཤད་སྙམ་པ་ལགས། ༼་་ཟླ་དགོན་སྐོར་་་་་་ཟླ་བ་དགོན་ཞེས་པ་ནི། 1800་ཡས་མས་ནང་བྲིས་པས། ཡིག་རྙིང་་ནག་རུ་དགོན་པ་གསར་བཏབ་ཞེས་པར་འཁོད་ཡོད་པ་འདུག་ལ། དེ་བཞིན་དཔེ་རྙིང་མཐའ་ཞུ་བླ་རབས་ནང་ལའང་འཁོད་འདུག་ ཟླ་བ་དགོང་ཞེས་པ་ད་བར་གོ་ཐོས་མ་མྱང་ལ། ཟླ་བ་དགོན་ཆགས་ཤུལ་གྱི་སྒང་དེ་ལ་ས་མིང་ཐོད་ལ་སྒང་ཟེར་བ་རེད། ས་འདི་ནས་ཐོན་པའི་དངོས་རྫས་རྣམས་ལ། མིག་གིས་ལྟོས་དང་ངས་སྦས་པའམ། ས་འོག་ནས་ཐོན་པ་བརྟགས་དཔྱད་བྱེད་ཆོག་གི་རེད། ཅི་དྲན་གང་དྲན་བཤད་ནས། སྒྲུབ་གྲྭའི་མཁན་པོའི་མིང་ཁུར་བ་སྟོང་ཟད་རེད་དོ། ༼་་དམར་རོང་སྐོར་ 2009་ལོའི་སྤྱི་ཟླ་3་་པའི་ནང་། དམར་རོང་གྲོང་ཚོའི་འགོ་ཁྲིད། གཞུང་དྲག་ཐད་ཀར་ཕྲན་ལ་གཏུག་ནས། འགྲོ་རོགས་ལབ་པ་བཞིན་དམར་རོང་ལ་སོང་བ་ལས། སུ་ལ་ཡང་འཚང་ཁ་རྒྱག་མ་མྱོང། འཚང་ཁ་རྒྱག་ཟེར་བ་དེ་ཡང་། དང་པོ་ནས་རྫུན་གཅིག་བཤད་འདུག་ ཕྲན་ལོ་དེས་སྔོན་ལ། དམར་རོང་ལ་རྩ་བ་ནས་འགྲོ་མ་མྱང་ལ། སྐབས་དེར་སྤྱི་རིམ་ཐོག་དམར་རོང་དགོན་པར། ཡུལ་དེའི་བླ་མ་དང་སྔགས་པ་རྣམས་དང་། ལྷ་ས་ནས་རིན་ཆེན་གསལ་སྒོང་སོགས་ཕེབས་འདུག་ ངས་རོགས་པ་གྲས་ནག་རུ་སྟོད། སྤྱི་གཙང་གྲྭ་གཡུང་དྲུང་ཟླ་བ་ལགས་ཡོད་པས། དེ་ཚོར་ཕྲན་གྱིས་དམར་རོང་ཤོག་ཁ་ལ་འབུ་ཁྲལ་བཀལ་ཡོད་མེད། སྐད་ཆ་འདྲི་ཆོག་ས་ཡོད་རེད་ལ། འབུ་བརྐོ་ཁ་ནས་འབུ་ཁྲལ་བཀལ་ཟེར་བ་དང་། འབུ་སློང་མོ་བྱས་པ་ཟེར་བ་དཔེ་མི་སྲིད་པ་ཞིག་རང་རེད། མ་གཞི་དམར་རོང་སྡེ་ཚང་མ་དང་། དེ་བཞིན་འགོ་ཁྲིད་བཅས་ལ་སྐད་ཆ་འདྲི་ཆོག་གི་རེད། དམར་རོང་གི་འགོ་ཁྲིད་མི་གཅིག་གིས། ངས་ཆེད་དུ་དམར་རོང་ཤོག་ཁ་ལ། འབུ་ཁྲལ་བཀལ་བ་ཡིན་ཟེར་མཁན་འདུག་ན། ངས་བབཤད་ཚད་རྫུན་ཡིན་པ་ཁས་ལེན་ཆོག ་དེ་ལྟར་མིན་ན་ཚང་མ་ནག་རུ་དགོན་པའི་མཁན་པོ་རྫུན་མ་ཡེ་ཤེས་རབ་གསལ་གྱིས། མི་དཀར་པོར་ཞྭ་མོ་ནག་པོ་གཡོག་པ་དེ། ཁས་ལེན་རང་བཞིན་གྱིས་གྲུབ་པ་རེད། མདོར་ན་ནག་རུ་དགོན་པའི་གྲྭ་པ་དང་མཉམ་དུ། འབུ་སློང་མོ་ཐེངས་གཉིས་སོང་ནས། འབུ་གང་རག་དགོན་པར་བཞག་པ་ཕུད། ང་སྒེར་གྱིས་འབུ་ལྡོམ་འགྲོ་མ་མྱང་བས་ དམར་རོང་དུད་རེར་འབུ་བརྒྱ་ཕྲག་གི་ཕྲལ་རྒྱབ་པ་རེད་ཟེར་བ་ནི། རྫུན་གཏམ་རང་རེད། དེ་འདྲའི་ཁྲལ་རྒྱབ་མཁན་གྱི་འགོ་ཁྲིད་དེ་སུ་ཡིན་ནམ། མིང་བཤད་དང་དེས་ཁས་བླངས་ན། ངས་ལོས་ཁས་ལེན། ད་རུང་འབུ་དངུལ་དེས། ཁྱིམ་གྱི་ཁང་པ་བཟོ་བྱེད་བྱས་པ་རེད་བྲིས་འདུག་པས། ལོ་དེའི་སྔ་རྗེས་སུ་ལོ་ཤས་སུ་ཁྱིམ་གྱི་ཁང་པ་ཡང་། བཟོ་བཅོས་བྱས་ཡོད་པ་མ་རེད། དེ་ཡང་རྫུན་གཏམ་ཁུངས་ལུང་མེད་པ་ཞིག་བྲིས་འདུག་་ ང་ལ་དེ་འདྲ་བ་མང་པོ་མང་པོ། མི་དཀར་ཞྭ་ནག་བཀབ་ཟིན་པ་རེད། ད་ནི་ག་ཚད་བཤད་ཀྱང་ཁྱད་པར་མེད། ལུང་པ་ཡར་ནང་མར་ནང་ཙམ་ལ། འདི་འདྲའི་རྫུན་གཏམ་བཤད་ན། རྒྱུས་མེད་འགའ་ཤས་ཙམ་འགོ་བསྐོར་གཏོང་ཐུབ་ཀྱང་། དམར་རོང་གི་མང་ཚོགས་དང་འགོ་ཁྲིད། བླ་གྲྭ་བཅས་ཀྱི་ཅི་སྙམ་ན་གད་མོ་ཤོར་བཞིན། ཚང་མས་འབུ་ཁྲལ་རྒྱག་མ་མྱོང་ལབ་གཏན་ཁེར་རེད། དམར་རོང་ཤོག་ཁའི་དོན་དངོས་ལས། མི་ཚང་མས་རྫུན་བཤད་མི་སྲིད། འདི་འདྲའི་མ་ཚད་མིའི་གདོང་དང་གདོང་གཏུག་སྐབས་ཀྱང་། བདེན་པ་རྡོག་པའི་བརྫིས་ནས། གསོན་མིག་ཐལ་འགེབས་གང་མང་བྱས་བྱུང་ལ། ད་རུང་འདིའི་རིགས་ལ་ཡ་ལེན་སྤྲད་ཁོམ་མེད་ལ། མཆན་ལན་ཀྱང་འབྲི་མི་འཁྱོངས་པས། ད་ཕྱིན་རྫུན་མིང་བཀོད་པའི་མཆན་རྣམས་རང་སར། སུབ་བཞག་རྒྱུ་ཡིན་ནོ། ནག་རུ་དགོན་པའི་སྐོར་ལས། ཁྱུང་ནག་རྫོང་གི་དཔོན་རབས་ནི། ཁྱུང་རབས་ནང་གསལ་པོར་བཀོད་པ་ལས། རྫོང་དང་དགོན་པ་ཁ་ཁ་ཡིན་པ་དང་། དགོན་པའི་བླ་རབས་དང་ཁྱུང་རབས་ཁ་ཁ་ཡིན་ཚུལ། དེ་སྔོན་ལོ་རྒྱུས་ནང་འཁོད་པ་ནང་ལྟར་ལས། ཕྲན་གྱི་གསར་བཟོ་ག་ལ་ཤེས། བཀྲ་ཤིས་དགོན་དང་ཟླ་བ་དགོན་བསམ་གཏན་གླིང་སོགས་ཀྱི། ལོ་རྒྱུས་བྲིས་མི་འདུག་ལབ་འདུག་ཀྱང་། དེ་སྔའི་ལོ་རྒྱུས་རྙིང་པ་ཡོད་པ་ནང་ལྟར་བྲིས་ཡོད། འོན་ཀྱང་བཤད་སྲོལ་ཚང་མ་ལོ་རྒྱུས་དངོས་ནང་བཀོད་ཤེས་མ་སོང་། ངས་རྣམ་ཐར་བྲིས་འདུག་ལབ་འདུག་པས། སྤྱིར་རྣམ་པར་ཐར་པ་ཟེར་བ་དེ། ལོ་རྒྱུས་ཚང་མ་རྣམ་ཐར་ལ་བརྩིས་ན་མི་འགྲིག་ལ། ཐར་པ་ཡང་དག་པ་སྒྲུབ་ཚུལ་དེ་ལ་རྣམ་ཐར་ཟེར་བ་ལས། ང་འདྲའི་ལོ་རྒྱུས་བྲིས་པ་ཙམ་ལ། རྣམ་ཐར་ཟེར་བཏགས་ན་ག་ལ་འོས། ངས་སོ་སོའི་ལོ་རྒྱུས་བྲིས་པ་ཡིན། དེ་ནི་འབྲི་ན་ཆོག་པ་ཞིག་རེད། འོན་ཀྱང་དེ་ལ་རྣམ་ཐར་གྱི་མིང་བཏགས་ན་མི་འོས་སོ། ཁྱུང་ནག་མཁན་པོ་ཚུལ་ཁྲིམས་ཕུན་ཚོགས་སྐོར་ཟུར་ཙམ་ནི། མཐའ་ཞུ་བླ་མ་གྲགས་སྡིས་དང་མཁན་པོ་གཉིས། བླ་སློབ་ཀྱི་འབྲེལ་བའི་ཐོག་ མཐའ་ཞུ་གྲགས་སྡིས་ཀྱིས། དད་འདུན་ཆེན་པོའི་མཁན་པོ་ནག་རུ་དགོན་པར། སྔོན་ཙམ་ནས་གདན་འདྲེན་ཞུ་རྩིས་བྱས་ནའང་། མཁན་པོ་ནག་རུ་རྫོང་གི་དཔོན་པོ་དང་བློན་པོའི་མིག་ལམ་ལ་མ་སོང་བས། དགོན་པར་གདན་འདྲེན་ཞུ་རྒྱུ་ལ་འགལ་རྐྱེན་འཕྲད་པ་དང་། རྫོང་དཔོན་གྱི་མིག་ལ་ཕོག་དོན་ནི། ཆུང་ཚང་བླ་བྲང་གི་ནག་རུ་རྫོང་གི་འགན་དབང་འཛིན་པ་ནས་འགོ་བཟུང་། ནག་རུ་རྫོང་དུ་ལོ་རེའི་འཚོགས་དུས་གཉིས་མ་གཏོགས། དེ་མིན་ཚང་མ་དགེ་ལུགས་དེའི་འགོ་དགོན་པའི། བླ་གྲྭ་གདན་འདྲེན་བྱས་ཏེ། བན་ལུགས་འདོན་སྲོལ་དུས་མ་འགྱུར་བར་གནས་ཡོད་པ་དང་། མཁན་པོའི་དེ་ཚོར་ཡི་མ་རངས་པར། བོན་པོའི་ལྟེ་བ་ལ་བན་དེ་དར་ཁྱབ་འགྲོ་སྲིད་པས། ནག་རུ་རྫོང་གི་བོན་ལུགས་གཙང་མ་འཛིན་འོས། གསུང་པས་རྐྱེན་རེད་ཟེར། དེ་མིན་སྔོན་ཙམ་ནས་ནག་རུ་དགོན་པར། སྒྲུབ་གྲྭ་ཚུགས་ཐུབ་ན་ག་འདྲའི་ལེགས་པ་འབྱུང་།
- ཟིན་ཐོ་གོང་མ།13 ཁྱུང་ནག་བསམ་གཏན་གླིང་གི་ལོ་རྒྱུས།
- ཟིན་ཐོ་འོག་མ།༄༅།།གཏོ་དང་གཏོ་ཆོག་ཅེས་པའི་ཐ་སྙད་ལ་དཔྱད་པ།