སྒྲིག་འཇུག...
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཟིན་ཐོའི་རྣམ་གྲངས།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཐོ་འགོད།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ་བྱུང་བའི་སྐོར་རགས་ཙམ་གླེང་བ།
[ 2012/4/4 23:11:00 | By: འཕན་བུ། ]
 

དེ་ཡང་བོན་བསྟན་དར་སྤེལ་ལ་མཛད་རྗེས་ཆེན་པའི་མི་སྣ་གཙོ་བོ་སྟེ་གཤེན་དང་བྲུ་ཞུ་སྤ་རྨེའུ་དག་ནི་དབུས་གཙང་ཁུལ་དུ་འཁྲུངས་པའི་བོན་གྱི་མི་སྣ་སྐོར་ཞིག་ཡིན།

ཁོང་རྣམ་པའི་ནང་ནས་མགོ་འཛིན་ས་ནི་གཤེན་ཞེས་པ་དེ་ཡིན།སྐབས་འདིར་གཤེན་ ཞེས་པ་དེ་གཤེན་ཆེན་ཀླུ་དགའ་ལ་གོ་དགོས།ཁོང་ནི་གཤེན་རབ་མི་བོ་ཆེའི་སྲས་ཀོང་ཚ་ དབང་ལྡན་གྱི་གདུང་རྒྱུད་དུ་གྲགས་པའི་ཁྱིམ་ཚང་ཞིག་ཏུ་སྤྱི་ལོ་༩༩༥

འམ་༩༩༦གང་རུང་དུ་འཁྲུངས།ཁོང་གིས་འབྲིག་མཚམས་མང་ལ་རྩེ་ཞེས་པའི་དགོན་པ་ ཞིག་སྤྱི་ལོ་༩༦༠ཡས་མས་སུ་ཕྱག་འདེགས་གནང་ནས་བོན་གཏེར་མང་བཞེས་ཏེ་བོན་གྱི་ བསྟན་པ་སྤེལ་བ་དང་།དགོན་པ་དེ་ནི་བོན་གྱི་གཞུང་ལུགས་ལ་བསླབ་གཉེར་བྱ་སའི་གནས་གལ་ཆེ་ཞིག་ཏུ་གྱུར།ཡིན་ཡང་ཕྱིས་སུ་ཉམས་གུད་དུ་གྱུར་བར་བཞེད་དོ།།ཁོང་གིས་བོན་གྱི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དང་ཁོང་ནི་བོན་གཏེར་བཞེས་པའི་ཐོག་མར་བཞེད་ལ་བོན་བསྟན་ཕྱི་དར་གྱི་འགོ་ཡང་མཁས་པ་འདི་བའི་དུས་ནས་ཚུགས་པར་ འདོད།ཁོང་གིས་སློབ་མ་མང་དུ་བསྡུས་ནས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་ཡོད།ཁོང་གི་སློབ་མའི་ཁྲོད་ནས་ཆེས་ཕུལ་དུ་བྱུང་བ་ནི་བྲུ་ཞུ་སྤ་གསུམ་ཡིན།དེ་རྣམ་པས་ཡང་ བོན་བསྟན་ལ་ཕྱག་རྗེས་མང་དུ་བཞག་ཡོད།དེ་ལྟར་གཤེན་ཆེན་ཀླུ་དགའ་མཆོག་གིས་སྐུ་ཚེ་གང་བོར་ལུས་ངག་ཡིད་གསུམ་བོན་གྱི་ཆེད་དུ་ཕུལ་ནས་མཐར་སྤྱི་ལོ་༡༠༣༥ལོར་སྐུ་ གཤེགས་སོ།།

༈བྲུ་ཆེན་ནམ་མཁའ་གཡུང་དྲུང་མཆོག་ནི་སྤྱི་ལོ་༩༩༤ལོར་བྲུ་ཞེས་པའི་ཁྱིམ་རྒྱུད་དུ་སྐུ་ བལྟམས།ཁྱིམ་རྒྱུད་དེ་བ་ནི་བྲུ་ཤའི་ཡུལ་ནས་བོད་དུ་འོང་བ་ཞིག་ཡིན་པར་འདོད།ཁོང་ནི་

གཤེན་ཆེན་ཀླུ་དགའི་སློབ་མའི་ཡ་གྱལ་ཞིག་ཡིན་ལ་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་

གསུམ་ལ་ཕྱག་རྗེས་ཤིན་ཏུ་ཆེ།ཁོང་གིས་རང་གི་དགེ་རྒན་དམ་པའི་དཀའ་ལྟར་མཛོད་ཕུག་དང་གབ་པ་སོགས་ལ་སློབ་སྦྱོང་བྱེད་པའི་སྲོལ་ཐོག་མར་བཏོད་པར་བཞེད།སྤྱི་ལོ་༡༠༣༦ལོར་མཛོད་ཀྱི་འགྲེལ་བ་མཛད་པས་སྙན་པའི་གྲགས་པ་ལྷག་ཏུ་འབར།མཁར་རྨེའུ་ཚང་གིས་བྲུ་ཆེན་གྱིས་སྤྱི་ལོ༡༠༧༢ལོར་གཡས་རུའི་རྒྱུད་དུ་དབེན་ས་ཁ་ཞེས་པའི་དགོན་པ་ཞིག་ཕྱག་བཏབ་ཅེས་གསུངས་འདུག་མོད་དགོན་པ་དེ་ཕྱག་འདེབས་པ་བོ་ནི་བྲུ་ཆེན་ནམ་མཁའ་གཡུང་དྲུང་མ་ཡིན་པར་དེ་ནི་སྤྱི་ལོ་༡༠༤༠ལོར་འཁྲུངས་པའི་བྲུ་རྗེ་གཡུང་དྲུང་བླ་མ་ཞེས་པ་དེ་ཡིན་པ་བོན་གྱི་བསྟན་རྩིས་ཁག་ལས་གསལ་ལོ།།མཐར་བྲུ་ཆེན་ནམ་མཁའ་གཡུང་དྲུང་མཆོག་ནི་སྤྱི་ལོ་༡༠༥༤ལོར་དགོངས་པ་བོན་དབྱིངས་སུ་ཐིམ་པར་བཞེད་དོ།།

༈དབང་ལྡན་ཞུ་ཡས་ལེགས་པོ་མཆོག་ནི་སྤྱི་ལོ་༡༠༠༢ལོར་ཞུ་ཞེས་པའི་ཁྱིམ་རྒྱུད་དུ་

འཁྲུངས་ཞིང་ཁྱིམ་རྒྱུད་དེ་ནི་ད་སྐབས་སུ་ཡང་ཡོད་པར་བཞེད།ཁོང་ནི་གཤེན་ཆེན་གྱི་སློབ་མ་གཙོ་བོ་གསུམ་གྱི་ཡ་གྱལ་ཞིག་ཡིན།ཁོང་གིས་ཉང་སྟོད་སྐྱིད་མཁར་བྲག་གི་སྒྲུབ་གནས་ སམ་སྐྱིད་མཁར་རི་ཞིང་ཞེས་པའི་དགོན་པ་ཞིག་སྤྱི་ལོ་༡༠༡༦ལོར་ཕྱག་བཏབ་ནས་བོན་ བསྟན་ཕྱི་དར་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།ཁོང་གིས་བླ་མ་བསྟེན་ཚུལ་ནི་ཧ་ ལས་པ་ཞིག་ཡིན་ཏེ།ལོ་ངོ་བརྒྱད་ལྷག་གི་རིང་ལ་བླ་མའི་སྐུ་མདུན་ནས་ཞབས་ཕྱི་རྐྱང་རྐྱང་སྒྲུབ་པ་དང་དེའི་རྗེས་སུ་བླ་མས་གདམས་ངག་གནང་བར་གསུངས།དགོན་པ་དེ་ནི་རྫོགས་པ་ཆེན་ པོའི་གཞུང་ལུགས་ལ་བསླབ་གཉེར་དང་ཉམས་ལེན་བྱ་ཡུལ་ཞིག་ཏུ་གྱུར།ཁོང་གི་འདས་ལོ་ བསྟན་རྩིས་སོགས་སུ་མི་གསལ།

༈སྤ་སྟོན་དཔལ་མཆོག་བཟང་བོ་ནི་སྤྱི་ལོ་༡༠༡༤ལོར་སྐུ་བལྟམས།ཁོང་ཡང་གཤེན་ཆེན་གྱི་ བུ་སློབ་གསུམ་གྱི་ཡ་གྱལ་ཞིག་ཡིན།ཁོང་ནི་གཙོ་བོ་གསང་སྔགས་ཀྱི་གཞུང་ལ་མཁས་པར་ བཞེད།ཁོང་གི་འདས་ལོ་ཡང་མི་གསལ།

༈རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་མཆོག་ནི་སྤྱི་ལོ་༡༠༥༢ལོར་སྐུ་འཁྲུངས།ཁོང་ནི་གཤེན་ ཆེན་གྱི་སློབ་མ་མ་ཡིན།སྤྱི་ལོ་༡༠༩༦ལོར་སྙེ་མོ་བཟང་རི་དགོན་ཕྱག་བཏབ།གནས་དེ་ནི་

བོན་གྱི་ཚད་མ་རིག་པའི་ཕྱོགས་ལ་བསླབ་གཉེར་བྱེད་ས་གཙོ་བོ་ཞིག་ཏུ་གྱུར།

བོན་བསྟན་ཕྱི་དར་ནི་སྤྱི་ལོ་ཆིག་སྟོང་བཅུ་བདུན་ལོ་ནས་བརྩི་བར་བྱ།དེ་ནི་གཤེན་ཆེན་ཀླུ་དགའ་མཆོག་ལ་འགོ་གཏུགས་ཡོད།གཤེན་ཆེན་ཀླུ་དགའ་མཆོག་གཙོར་གྱུར་བའི་མཁས་ དབང་འདི་དག་གི་མཛད་རྗེས་ནི་བོན་བསྟན་འཛིན་པའི་སྐྱེས་བུ་གཞན་ལས་ཁྱད་དུ་ འཕགས་ཡོད་དང་དུས་རབས་ཀྱང་གནད་འགག་ཅིག་ལ་ཐུག་ཡོད་པས་ལོ་རྒྱུས་ཐོག་འདི་ རྣམ་པ་ལ་ཧ་ཅང་མཐོང་ཆེན་བྱེད་པའི་སྲོལ་ཞིག་ཆགས་ཡོད།བྲུ་ཞུ་སྤ་རྨེའུ་དང་གཤེན་ལྔ་ ཞེས་པ་དེ་གོང་གི་མཁས་པ་དེ་དག་གི་ཁྱིམ་རྒྱུད་ལ་གོ་བའི་སྐབས་ཀྱང་ཡོད་རབས་འདུག །

 
  • ཤོག་བྱང་། 11 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.