གང་དྲན་གྱི་མི་བུའི་འཚོ་བ།།སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
བདག་གི་ཟིན་བྲིས་ནང་གི་བྲོ་བ།།
པར་མཛོད།
ངའི་པར་རིས་ཚང་མ།།
ཟིན་ཐོ་གསར་བ།
མྱོང་རྟོགས་ཀྱི་མི་ཡུལ།
དཔྱད་གཏམ་གསར་བ།
ཆོས་སྲིད་ཀྱི་དཔྱད་གཏམ།
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་  | 2011/9/14 23:05:00

ཀ་དག་རྫོགས་པ་ཆེན་པོའི་དོན་ལ་རབ་ཏུ་བརྩོན་ཞིང་།

ཁ་ཁོག་གང་ན་བརྟགས་ཀྱང་སྐྱོན་གྱི་དྲི་ཙམ་དབེན་པའི།

ག་དར་བསྟན་པའི་བདག་ཉིད་ངེས་དོན་བླ་མ་ཁྱེད་ཀྱིས།

ང་ཡིས་ཞུ་འཕྲིན་ཕུལ་ལ་སྙན་དབང་དལ་གྱིས་གསོན་རོགས།

ཅ་ཀ་ཡོ་བྱད་ཐམས་ཅད་ཐག་རིང་རྒྱང་དུ་དོར་ནས།

ཆ་ཡོད་ཟབ་མོའི་ལྟ་བ་རྫོགས་ཆེན་རྒྱུད་ལ་ལྡན་ཡང་།

ཇ་ཆང་ཉེས་དམིགས་མ་ཤེས་བདག་སོགས་འགྲོ་བའི་རིགས་ལ།

ཉ་ཤ་ནན་གཏན་གྱིས་ནས་ཐུགས་རྗེས་སྤྱན་གྱིས་གཟིགས་རོགས།

ཏྰ་ལེ་ཕྲག་པར་བཀལ་ནས་གྲོང་ཆོག་ཁོ་ནར་འགྲིམ་པའི།

ཐ་མའི་དོ་དགུང་ཙམ་ལ་ག་འདུག་ངེས་པ་མེད་པའི།

ད་ཤར་གཡའ་ཡིས་སྦག་འདྲའི་བློ་རྨོངས་བུ་སློབ་ང་ལ།

ན་ཚོད་བརྒྱད་ཟུང་ལྟ་བུ་མཛེས་པའི་བློ་རིག་སྩོལ་རོགས།

པ་ཊའི་ཐ་སྙད་འདོད་ནས་གནའ་ནས་གཞན་ཡུལ་འགྲིམ་ཡང་།

ཕ་མ་རིགས་དྲུག་བརྒྱུད་ཚུལ་ད་རུང་སེམས་ལ་མ་དྲན།

བར་དོའི་འཕྲང་ལ་འཇིགས་ཀྱང་མདོ་མེད་རྣམ་གཡེང་ཅན་ལ།

མ་ཆུང་དོན་གྱི་ཐུགས་རྗེས་འདོར་མེད་ནམ་ཡང་གཟིགས་རོགས།

རྩ་རླུང་ཐིག་གསུམ་སྦྱངས་ནས་ལོ་ཟླ་ཁ་ཤས་ཙམ་ལས།

ཚར་གྲངས་གཅིག་ཀྱང་མ་ནུས་བརྒྱུད་པའི་བླ་མའི་གསོལ་འདེབས།

ཛ་རས་སྤྲོ་སྣང་ཤར་བའི་ས་མཐའི་མྱི་ངན་ང་ལ།

ཝ་ལེ་ཐར་པ་བསྒྲུབ་ལ་རེམ་པའི་ལམ་ཞིག་སྟོན་རོགས།

ཞྭ་མོ་མཆུ་ཅན་གོན་པའི་མ་རབས་མཛེས་མའི་ལུས་ལ།

ཟ་འོག་ཁྲ་ཁྲ་མང་པོས་ཕྱི་ཚུལ་རྒྱན་པ་ཙམ་གྱིས།

འ་འུར་བསམ་མནོ་མེད་པའི་ཆགས་ལྡན་སྤྲང་རྒན་ང་ལ།

ཡ་མཚན་མེད་པའི་འཁོར་བར་ངེས་འབྱུང་སྐྱེ་ཐབས་སྟོན་རོགས།

ར་བ་གངས་ཀྱིས་རྒྱན་པའི་གོ་ལའི་ཡང་རྩེ་འདི་ནས།

ལ་དྭགས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་བླ་མ་ཁྱེད་ཀྱིས།

ཤ་ཚའི་ཐུགས་ཀྱིས་བཟུང་བའི་ཉམ་ཆུང་སློབ་མ་ང་ལ།

ས་གསུམ་འགྲན་ཟླ་བྲལ་བའི་ཡངས་པའི་རྣམ་དཔྱོད་སྩོལ་རོགས།

ཧ་ལོའི་མདངས་དང་ལྡན་པའི་སྙན་པའི་ཚིག་རྒྱན་མེད་ཀྱང་།

ཨ་འཐས་ཅན་གྱི་བུ་ངས་ནམ་ཡང་སེམས་ལ་སྒོམ་པའི།

ཧ་ཅང་འགྲོ་ལ་དགོངས་པའི་དོན་གྱི་བླ་མ་ཁྱེད་ལ།

ཨ་སྡུག་བཙུན་ཆུང་ཞིག་གིས་གསོལ་བ་སྙིང་ནས་བཏབས་སོ།

 

  • ཤོག་བྱང་། lang 
  • Re:ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་ | 2011/9/15 0:12:52
    triyungblog(སྐུ་མགྲོན)གསར་ཕེབས་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།
    རྩོམ་པ་པོ།:triyungblog(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་ | 2011/9/25 18:01:10
    སྐུ་མགྲོན་13Am15(སྐུ་མགྲོན)འབྲོག་ཕྲུག་གསར་པ་ཁྱེད་ནི་བཀའ་དྲིན་ལ་བསམ་ཤིས་ཅན་གྱི་སློབ་མ་
    ཞིག་རེད་འདུག།།
    རྩོམ་པ་པོ།:སྐུ་མགྲོན་13Am15(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་ | 2011/9/25 20:30:04
    ygrbwjདྲྭ་གྲོགས་ལགས། བཀྲ་ཤིས་བདེ་ལེགས།
    Re:ཨ་འཇིགས་རིན་པོ་ཆེའི་མདུན་དྲུང་དུ་ | 2011/9/27 16:10:00
    སྐུ་མགྲོན་Jne5HU(སྐུ་མགྲོན)ilz
    རྩོམ་པ་པོ།:སྐུ་མགྲོན་Jne5HU(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
    Powered by Oblog.