༧ མདའ་ཆེན་དཀར་མོ་རི་ཁྲོད།
དགའ་བཟོད་པ་རྒྱ་མཚོ་མཚམས་སྦྱོར་མདོར་བསྡུས།
དགའ་བཟོད་པ་རྒྱ་མཚོ་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྤྱི་ལོ[༡༩༤༧]ལོར་བབ་བཟོ་འོ་མཚོ་སྡེ་བར་འབྲུ་དགའ་སྡེའི་རུས་སུ་འཁྲུངས།དགུང་ལོ་བཅུའི་སྟེང་
ཞང་པོ་སྐལ་བཟང་ཚུལ་ཁྲིམས་ལགས་ཀྱི་དྲུང་དུ་ཡི་གེ་འདོན་ཀློག་སྦྱང་བའི་དབུ་
གཙུགས།དགུང་ལོ་བཅུ་གཉིས་ཐོག་དམངས་གཙོ་བཅོས་བསྒྱུར་བྱས་པས་ཞིང་ཕྱུགས་
ལས་ཀྱི་ངལ་རྩོལ་ལས་ཀར་ཞུགས་ནས་ལོ་འཁོར་བཅུ་ཙམ་འདས།སྦྱི་ལོ་
[༡༩༦༩]ལོར་དགུང་ལོ་ཉེར་གསུམ་སྟེང་ནས་ཕྱུགས་བཅོས་སྨན་པའི་ལས་འགན་བཞེས།
སྐབས་དེ་ནས་བཟུང་དགེ་རྒན་ཀུན་བཟང་ཚེ་རིང་ལགས་ཀྱི་མདུན་ནས་སུམ་རྟགས་དག་
གསུམ་དང་སྨན་གཡི་མན་ངག་ཉེར་མཁོའི་རིགས་འགའ་ལ་གསན་སྦྱངས་མཛད།
དགུང་ལོ་ཉེར་དྲུག་སྟེང་མཛོད་དགེའི་ལྷ་མོ་ཆུས་ཀྱི་ལྔ་བདུན་སློབ་གྲྭར་ཞུགས་པའི་
སྐལ་བ་ལྡན།སྤྱི་ལོ་[༡༩༨༢]ལོར་རྔ་བ་སྣང་ཞིག་དགོན་དུ་བྱ་འཕུར་ཤེས་རབ་བློ་
ལྡན་མཆོག་དང་དགེ་བཤེས་བསྟན་འཛིན་ཡེ་ཤེས་རྣམ་གཉིས་ཀྱི་དྲུང་ནས་རབ་
ཏུ་བྱུང་།དེར་བླ་མ་དང་དགེ་བཤེས་དམ་པ་དུ་མའི་ཞལ་ནས་དབང་ལུང་ཁྲིད་
གསུམ་གྱི་མན་ངག་མི་ཉུང་བ་རེ་གས'[༡༩༨༣ལོ་ནས་བབ་བཟོ་བསམ་འགྲུབ་དགོན་
གྱི་མཁན་བསྟན་འཛིན་ཉི་མ་མཆོག་གི་མདུན་དུ་ལོ་གསུམ་བཅད་མཚམས་སུ་
བཞུགས་ཤིང་ཀུན་མཁྱེན་ཤར་རྫ་བའི་བཀའ་བརྟེན་ལམ་རིམ་དག་ལ་ཐོས་བསམ་
དང་ཉམས་ལེན་ཟུང་འབྲེལ་མཛད།
མཆོག་སྤྲུལ་དྲི་མེད་འོད་ཟེར་སོགས་དགེ་བསི་བཤེས་གཉེན་འགའ་རེའི་མདུན་ནས་
བཀའ་དབང་ཁྲིད་ལུང་གི་གདམས་པ་མང་དུ་ཐོག[༡༩༨༦]ལོ་ནས་མཁན་བསྟན་
འཛིན་ཉི་མ་མཆོག་གིས་རྒྱལ་ཚབ་ཏུ་བསྐོས་པ་ལྟར་མདའ་
ཆེན་དཀར་མོ་རི་ཁྲོད་དུ་སྒྲུབ་གྲྭའི་སློབ་དཔོན་མཛད་ཅིང་ད་ལྟའང་མུས་སུ་བཞུགས།
ཁོང་གི་རྩོམས་རིག་སྐོར་ལ'[གཏེར་སྟོན་ཚུལ་ཁྲིམས་རྣམ་དག་མཆོག་གི་སྐུ་ཚེ་འདིའི་
རྣམ་ཐར་བྱིན་རླབས་ཆར་རྒྱུན་འཇོ་བའི་སྤྲིན་དཔུང་།]དང
[བྱ་བྲལ་སྐལ་བཟང་ལྷ་མོའི་རྣམ་ཐར་ཉུང་བསྡུས།]
[རྟོགས་ལྡན་ཚུལ་ཁྲིམས་ཉི་མ་མཆོག་གི་རྣམ་ཐར་ངོ་མཚར་དགའ་ལྡན།]
[མདའ་ཆེན་དགོན་པའི་ལོ་རྒྱུས་རྒྱས་བ།][དགོན་པའི་ལོ་རྒྱུས་གནད་བསྡུས།]
[འཕན་ཆུ་བབ་བཟོ་སྟོད་པའི་ལོ་རྒྱུས་རིག་པའི་ལྡེ་མིག]
[ཉེར་མཁོའི་དག་ཡིག་གསར་སློབ་ཐོག་མའི་འཇུག་ངོགས།]
གཞན་དོན་རྒྱན་སོ་ལྔའི་དཔེ་བརྗོད་དང་།ཀ་རྩོམ།སྙན་ཐུང་ངུའི་རིགས་སོགས་
འགའ་རེ་ཡོད་དོ།
ཞེས་ཉིས་སྟོང་བརྒྱད་ལོའི་ཟླ་བ་གསུམ་པའི་ཚེས་ལྔའི་ཉིན་གང་
གི་བུ་སློབ་ཐ་ཤལ་བ་བབ་བཟོ་བློ་གྲོས་བསྟན་འཛིན་ནས།
- ཟིན་ཐོ་གོང་མ།༧ བབ་བཟོ་སྟོད་པའི་ཡུལ་ལྗོངས་ཆགས་ཚུལ་གྱི་རྣམ་པ་ནི།།
- ཟིན་ཐོ་འོག་མ།༧སྐྱང་ནམ་གྱི་མགུར་མ'