ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨན་རིའི་དཔེ་རྙིང་འཚོལ་སྒྲུབ་ཁང་ནས་དཔར་བསྐྲུན་ཞུས་པའི་དཔེ་རྙིང་ཞིག | 2016/3/6 12:00:00
སྨན་རིའི་དཔེ་རྙིང་འཚོལ་སྒྲུབ་ཁང་ནས་དཔར་བསྐྲུན་ཞུས་པའི་དཔེ་རྙིང་ཞིག

img439ཉེ་བའི་ལོ་ཤས་རིང་བོད་སྟོད་སྨད་དང་ཕྱི་རྒྱལ་ཡུལ་གྲུ་ཁག་སོགས་ན་གནའ་བོའི་བོན་གྱི་ཡིག་རྙིང་མང་པོ་ཐོན་བཞིན་ཡོད་པ་མ་ཟད་དེ་ལ་ཞིབ་འཇུག་དང་སློབ་གཉེར་བྱེད་མཁན་ཡང་མང་པོ་ཐོན་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་ལྟ་བུ་རེད། དེས་ན་འདིར་ཡང་སྨན་རིའི་སློབ་གཉེར་པ་ཁག་གཅིག་གིས་ཡིག་རྙིང་འཚོལ་སྒྲུབ་ཀྱི་ལས་དོན་ཞིག་གསར་དུ་བཙུགས་ནས་དེ་སྔ་དཔར་བསྐྲུན་ཞུས་མེད་པའི་ཡིག་རྙིང་གལ་ཆེན་ཁག་གཅིག་མུ་མཐུད་ནས་རྒྱ་ཆེའི་བོད་རིག་པའི་སློབ་གཉེར་པ་རྣམས་ཀྱི་སྤྱན་ལམ་དུ་ འབུལ་འཆར་ཡིན།

ད་ལན་དུས་རབས་བཅུ་བཞི་པར་སྐུ་འཁྲུངས་པའི་བོན་གྱི་མཁས་པ་སྐྱབས་སྟོན་རིན་ ཆེན་འོད་ཟེར་གྱིས་མཛད་པའི་<<རྣམ་རྒྱལ་ཕྱག་བཤགས་ཀྱི་འགྲེལ་བ་>> ཞེས་པའི་ཕྱག་དཔེ་འདི་ཉིད་དཔར་བསྐྲུན་ཞུས་ཡོད། ཕྱག་དེབ་འདི་ནི་བོན་གྱི་བཀའ་བརྟེན་སོགས་ཀྱི་ཁྲོད་དུ་ད་སྔར་དཔར་བསྐྲུན་ཞུས་མྱོང་མེད་པའི་དཔེ་དཀོན་གལ་ཆེན་ཞིག་ཡིན།

དཔེ་དེབ་འདི་ཉིད་ཀྱི་མ་དཔེ་ཧ་ཅང་རྙིང་པ་དང་དབུ་མེད་གཟབ་གཤར་ཡིན་རྐྱེན་ ཞུ་དག་བྱེད་སྐབས་བརྡ་དོན་མ་འཁྲོལ་བའི་གནའ་བོའི་ཐ་སྙད་ཅི་རིགས་ཤིག་མཆིས་ རྐྱེན། དེ་དག་མ་དཔེ་ལྟར་རང་སོར་བཞག་ཡོད་པ་ལས་རང་བཟོ་དང་རྟོག་བཟོ་གང་ཡང་ཞུས་མེད། དེ་མིན་དྭོགས་མཆན་ཁག་གཅིག་ཁ་སྐོང་དུ་བཅུགས་ཡོད་པས་དེ་ལུགས་ཐུགས་སྣང་ཞུ།

img440མཐར་ གཏོང་ཕོད་ལྡན་པ་རྣམ་དཀར་དད་སྦྱིན་མཚོ་སྔོན་ཨེར་ཏིའི་རྒན་པོ་བསྟན་འཛིན་དང་ བསོད་ནམས་མཚོ་བཟའ་མི་གཉིས་ཀྱིས་ཕྱག་དེབ་འདི་ཉིད་ཚར་གྲངས་གསུམ་བརྒྱ་ཐམ་པའི་ དཔར་ཡོན་གནང་བར་བརྟེན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་འདི་ཉིད་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་ཡངས་པའི་འཇིག་རྟེན་ཁམས་འདིར་ནད་མུག་འཁྲུག་རྩོད་ཀྱི་འཇིག་པ་སེལ་ཞིང་སྦྱིན་པའི་བདག་པོ་གཙོས་འགྲོ་ཀུན་ཐར་པའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་བཅས།

སྒྲིག་པ་པོས་སྨན་རིའི་གླིང་ནས།

  • ཤོག་བྱང་། tt 
  • དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.