ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གསེར་མདོག་གི་ཕ་ཡུལ། | 2015/10/25 21:27:00

གསེར་མདོག་གི་ཕ་ཡུལ། 


རི་ཆུ་སྟོང་གིས་བསྐལ་པའི་ཕ་མཐའ་དེ་ན།།
དཔག་ཚད་ཁྲི་ཡིས་ཆོད་པའི་གངས་ལྗོངས་དེ་ན།།
བུ་ཆུང་འཁྱམས་པོ་ཁོ་བོའི་ལྟེ་ཁྲག་འཐོར་ས།།
སེར་པོ་གསེར་མདོག་ལྡན་པའི་ཕ་ས་དེ་ཡོད།།


ལོ་ངོ་བཅོ་ལྔའི་རིང་ལ་ས་མཐར་འཁྱམས་ནས།།
བཀྲེས་ལྟོགས་ཚ་གྲང་ངར་མོའི་འཚོ་བའི་ཁྲོད་ནས།།
ཐོས་བསམ་ནོར་བུའི་གླིང་ལ་ཨུ་ཚུགས་བྱས་མོད།།
ཡོན་ཏན་སྣ་གཅིག་མ་འཐོབ་ཤིན་ཏུ་སྐྱོ་སོང་།།


དེ་རིང་ཕྱིར་དྲན་ཀློང་ནས་སྐྱོ་ཞོར་སྡུག་ཞོར།།
ཕ་ཡུལ་གངས་རིའི་ཕྱོགས་ལ་སེམས་པ་འཁྲེང་ནས།།
ཕ་མ་ཉེ་འབྲེལ་མ་ལུས་ལྷན་འཛོམས་བྱུང་ན།།
ས་ཐོབ་དང་པོ་ལྟ་བུའི་སྤྲོ་སྐྱིད་ལོས་ཡོད།།


ད་ནི་ལྷ་དང་སྲུང་མའི་མགོན་ཞིག་གནང་ན།།
ཐང་དཀར་རྒོད་པོ་ལྟ་བུའི་གཤོག་འགྱུར་ཡོད་ན།།
མཐུ་དང་གྲུབ་པ་ནུས་པའི་འཕྲུལ་ཞིག་ཡོད་ན།།
ཕ་ཡུལ་གངས་རིའི་ལྗོངས་ལ་བསྐོར་རྒྱུ་བྱུང་ན།།


ཞེས་པ་འདི་ཡང་དེ་རིང་ཕ་ཡུལ་ནས་མར་ནང་སྤྱི་འདུལ་རྒྱ་མཚོས་འདྲ་པར་དེ་བཏང་བས་རྐྱེན་བྱས་ནས་སྦྱར་བ་དགེ།


དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.