ཧི་བོན་ཟིན་བྲིས།
ཁྱུང་སྐྱུགས།


ཁྲི་གཡུང་དྲུང་གི་ཟིན་བྲིས།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-03-04 13:31:00

ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས།


དེ་ཡང་འབྱུང་ལྡན་༣༠༡དང་བོད་ཆུ་མོ་སྦྲུལ་ལོའི་ བོད་ཟླ་དང་པོའི་ཚེས་༡༣དང་ཕྱི་ལོ་ ༢༠༡༣ལོའི་ཟླ་༢ཚེས་༢༣ཉིན་ནས་མདོ་སྨད་མཚོ་ལྷོ་ཡུལ་གྱི་གཤེན་གྱི་འདུས་སྡེ་ཁྲི་ ཀ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། ཁྱུང་མོ་དགོན་གྱི་དབུ་བླ་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་༧ ཁྱུང་མོ་སྟོབས་ལྡན་དབང་ཕྱུག་རིན་པོ་ཆེ་མཆོག་དང་ཁྱུང་མོ་དགོན་གྱི་དཔོན་སློབ་ མདོ་སྔགས་གཞུང་ལུགས་ཀུན་ལ་སྤྱན་དཀྱུས་མངའ་བ་རྒྱལ་བ་སྨན་རིའི་དགེ་བཤེས་བཟོད་ པ་འགྱུར་མེད་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་སྐབས་དང་པོའི་དགེ་བཤེས་མཛད་ སྒོ་དབུ་འཛུགས་ཞུས་ཡོད་པ་རེད།

ཆོ་འཕྲུལ་ཟླ་བའི་ཚེས༡༤དང་༡༥གཉིས་ལ་ཁྱུང་མོ་དགོན་པའི་གཙུག་ལག་ཁང་དུ་བཀའ་རམས་པ་རྣམ་གཉིས་ནས་ཉིན་རིམ་བཞིན་དུ་སྔོན་འགྲོའི་ཚིག་བཤད་དང་།

ཉིན་གུང་ཡང་རིམ་བཞིན་བཀའ་རམས་པ་རྦ་སར་ཚུལ་ ཁྲིམས་བསྟན་པའི་རྒྱལ་མཚན་དང་སྒར་ བ་ཤེས་རབ་ཚུལ་ཁྲིམས་རྣམ་དག་གཉིས་ནས་ཉིན་རིམ་བཞིན་སྐུ་འགྱེད་དང་གཏོང་སྒོ་ ཆེན་མོ་དང་ཕྱི་དྲོར་བཀྲ་ཤིས་སྨོན་ལམ་སོགས་ཀྱིས་མཐར་བརྒྱན་མཛད་གནང་།

བོད་ཟླ་དང་པོའི་ཚེས་༡༦ཉིན་གྱི་སྔ་དྲོར་བཀའ་ རམས་པ་གཉིས་ནས་དམ་བཅའི་ངག་རྒྱུགས་ཕུལ་མཚམས་དམ་བཅར་བཞུགས་ཏེ་ཁྱུང་མོ་བཤད་ སྒྲུབ་སློབ་གླིང་གི་དགེ་རྒན་སྨན་རིའི་དགེ་བཤེས་བློ་གྲོས་རབ་རྒྱས་སོགས་ ཕྱོགས་སོ་སོ་ནས་ཕེབས་པའི་བཤད་གྲྭ་བ་རྣམས་ཀྱིས་རྫོགས་ཆེན་དང་སྔགས། དབུ་མ། འདུལ་བ། མཛོད། ཕར་ཕྱིན། ས་ལམ། ཚད་མ། སྡུད་རྟགས་བཅས་འཛིན་གྲྭ་མཐོ་རིམ་ནས་རིམ་བཞིན་དུ་རྟགས་གསལ་བཏང་གནང་།

གོང་ཚེས་ཕྱི་དྲོར་དཔོན་སློབ་བཟོད་པ་འགྱུར་ མེད་རིན་པོ་ཆེ་ལགས་ནས་བཀའ་རམས་པ་གཉིས་ལ་མཚན་གསོལ་གནང་ནས་དགེ་བཤེས་ཕྱག་ འཁྱེར་བསྩལ་བ་དང་བཀྲ་ཤིས་ཚིག་བཀྲ་གསོལ། དེ་རྗེས་བཤད་སྒྲུབ་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གཉིས་པར་བཀའ་རམས་རྣམ་པ་ གཉིས་ཁྲི་བཞེངས་མཛད་དེ་ཕྱོགས་ཀུན་ནས་ཕེབས་པའི་དད་ལྡན་སྦྱིན་བདག་ཁག་གིས་མཇལ་ ཁ་ཞུས་ཏེ་བཀྲ་ཤིས་ལེགས་འགྲུབ་བྱུང་བའི་གནས་བསྡུས་ཙམ་མོ།།

པར་དང་གནས་ཚུལ་མཁོ་འདོན་པ་ཁྲི་བསོད་བསྟན།

  • ཤོག་བྱང་། ggg 
  • Re:ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-11-07 13:07:28
    རྣམ་ཤེས་འཁྱམས་པོ།(སྐུ་མགྲོན)བདག་ལ་ནམ་ཡང་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་རྒན་བཟོད་པ་རིན་པོ་ཆེ་ཡིས་མཛད་འཕྲིན་བསྐྱངས་བ་ལ་རྗེས་སུ་ཡི་རངས་དང་། གསར་ཐོན་རབ་འབྱམས་པ་རྣམ་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ། །
    ཁོང་གི་སློབ་མ་ཐ་ཤལ་བ་རྣམ་ཤེས་འཁྱམས་པོ་ནས།
    རྩོམ་པ་པོ།:རྣམ་ཤེས་འཁྱམས་པོ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    Re:ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-10-10 21:14:20
    khyungདགེའོ།
    Re:ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-10-10 14:03:48
    tenzin3909རྟེན་འབྲེལ་ཞུ།
    Re:ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-03-05 14:27:53
    bonnaktwang༧རབ་འབྱམས་སྨྲ་བའི་དབང་པོ་་རྒན་བཟོད་པ་འགྱུར་མེད་ལགས་སུ་མཛད་བཟང་འདི་འདྲར་གྲུབ་པ་ལ་རྗེས་སུ་ཡི་རངས་དང་ཆབས་ཅིག གསར་ཐོན་གྱི་རབ་འབྱམས་པ་ཟུང་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུ།
    ཁྱུང་གསེར་ཞུན་ནས།
    Re:ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོའི་སྐོར་གྱི་གནས་བསྡུས། | 2013-03-04 21:50:00
    སྐུ་མགྲོན་uAq0TG(སྐུ་མགྲོན)
    དགེ་བའི་བཤེས་གཉེས་ཆེན་པོ་སྐལ་པ་བཟང་སྐལ་པ་བཟང་་་བཟང།།
    རྩོམ་པ་པོ།:སྐུ་མགྲོན་uAq0TG(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.